ས་དམར་གྲགས་པའི་སྙན་ངག་གསར་བ་བདམས་བཀོད།

         ༼གྲྭ་བཞི་ལྷ་མོ༽
གྲྭ་བཞི་ལྷ་མོ ངའི་ཕ་ཡུལ་གྱི་ཕུ་ནུ་ཚོས་བཤད་པ་ལྟར་ན
ཁྱོད་ནི་རྒྱ་ཡུལ་ནས་བོད་ཡུལ་དུ་ཡོང་བའི་བུ་མོ་མཛེས་མ་ཞིག་ཡིན་ཟེར
དེ་དུས ཁྱོད་དཔོན་ཆེན་སུ་ཚང་གི་སྲས་མོ་ཡིན་ནམ
དེ་དུས ཁྱོད་དབང་ཆེན་སུ་ཚང་གི་བདག་མོ་ཡིན་ནམ
གྲྭ་བཞི་ལྷ་མོ ཡིན་ན་ཡང དུས་ཚོད་ནི་འདི་ལྟར་ཆས་ཚར་བའི་དེ་རིང
ངས་ཁྱོད་ཀྱི་མཛེས་པ་སྐུང་བའི་ཕྱི་ཚུལ་དེ་ལས གཞན་ཅི་ཡང་མཇལ་མ་བྱུང་ཨང
གྲྭ་བཞི་ལྷ་མོ འདོད་པ་ཞིག་གི་ཕྱིར་དུ་བདེ་བ་ཞིག་གི་དགོས་པ་བསམ་དུས
མཆོད་མཇལ་བ་ཚོའི་མིག་གོང་ལ་བལྟས་ན ཁྱོད་ལ་ཡོད་པར་འདོད
བརྩེ་བ་ཅན་གྱི་སེམས་པ་དེས མི་དམངས་ཀྱི་འདོད་པ་དག་ཚོར་གྱིན་འདུག་གམ
ཡོད་ན ཁྱོད་ཀྱིས་འདོད་པ་དེ་སྐོང་གིན་ཡོད་དམ
གྲྭ་བཞི་ལྷ་མོ སྙན་ངག་ཅིག་འབྲི་བ་ནི་སླ་བོ་ཞིག་ག་ནས་ཡིན
དེའི་དབང་གིས ངས་ཀྱང་རང་གི་ཤེས་རབ་ཀྱི་རྟ་ཕོ་གཡར་ནས
ཁྱོད་ལ་སྙན་ངག་ཅིག་བྲིས་ན ང་ལ་བདེ་བ་ཞིག་སྦྱིན་ནམ
མི་རྣམས་ཀྱི་སེམས་ནང་དུ་མེ་ཏོག་ལྟར་མཛེས་པའི་རྒྱ་ཡུལ་གྱི་བུ་མོ་ལགས
གྲྭ་བཞི་ལྷ་མོ ལུས་པོ་ཇི་ལྟར་འགྱུར་ཡང སེམས་ཀྱི་བརྩེ་བ་མི་འགྱུར
འདི་ནི་ཁྱོད་ཀྱིས་བདེན་དོན་ཚོར་པའི་གནས་ལུགས་མ་ཡིན་ནམ
འདི་ནི་ཁྱོད་ཀྱིས་བདེན་པ་མཐོང་བའི་བདེ་བ་མ་ཡིན་ནམ
དགེ་སློང་བཞི་ཡི ཐུགས་ཀྱི་ལྷ་མོ
བདག་དང་ཀུན་གྱི ནོར་བདག་ལྷ་མོ
གྲྭ་བཞི་ལྷ་མོ དབུལ་བོ་སྟོང་གི་ཕྱག་ཟུང་བར་ན་ཁྱོད་ཀྱི་ཐུགས་རྗེ་ཡོད་དམ
ཡོད་ན ཕྱི་ཐག་རིང་བ་ནི་དད་པའི་ནང་གི་སེམས་ཀྱི་བདེ་བ་མ་ཡིན་ནམ
བདེ་བ་དེ་ནི་ཆོས་ཀྱི་བདེན་པ་ཡིན་པས སྦྱིན་པའི་ཆོས་ཤིག་བྱོས་དང
གྲྭ་བཞི་ལྷ་མོ བརྩེ་ལྡན་གྱི་ལྷ་མོ གཏོང་ཕོད་ཅན་གྱི་ལྷ་མོ
བདག་གིས་ཀྱང་ཁྱོད་ལ་མཆོད་ཆང་ཕོར་བ་གང་སེམས་པ་གཙང་མས་འབུལ་གྱིན་ཡོད
                           ༢༠༡༡ལོའི་ཟླ༥པའི་ཚེས༢༦ཉིན་གྲགས་པ་རྒྱ་མཚོ་འམ་ས་དམར་གྲགས་པ་རུ་འབོད་པས་ལྷ་ལྡན་གྲོང་དུ་བྲིས།

           ༼གལ་སྲིད་ཁྱོད་མེ་ཏོག་ཅིག་ཡིན་ན། ཡང་ན་ཁྱོད་བུམ་པ་ཞིག་ཡིན་ན༽
གལ་སྲིད་ཁྱོད་མེ་ཏོག་ཅིག་ཡིན་ན
ཆུ་བོ་སྐམ་ནས་ས་གཞི་སྐྱ་བོ་ཞིག་ལས་ལྷག་མེད་ཀྱང
ངས་རང་གི་ཟུངས་ཁྲག་འདི་ཁྱོད་ལ་མཆོད་པ་བཞིན་འབུལ་ཆོག་ལ
ངས་རང་གི་མིག་ཆུ་འདི་རྫོགས་རེག་ཏུ་ཁྱོད་ཀྱི་དོན་དུ་ངུའང་ཆོག
ཡིན་ན་ཡང ང་ལ་དེ་རིང་ཡོད་པ་ནི་ཅི་ཞིག་རེད་དམ
ལག་པ་ཡོད་པ་ཙམ་ཞིག་ལས་ཅི་ཡང་རྙེད་མ་ཐལ
ཡང་ན་ཁྱོད་བུམ་པ་ཞིག་ཡིན་ན
ངས་རང་གི་ལུས་པོ་འདི་བྱ་རྒོད་ཀྱི་ཟས་སུ་སྦྱིན་རེག་ཏུ
གཏེར་དུ་བསྐུངས་མི་སྲིད་ལ སྟོང་པར་ཡང་བསྐྱུར་མི་སྲིད་པས
ངས་རང་གི་མགོ་བོ་སྟོང་པར་འཇོག་དགོས་ཀྱང
ཆུ་བོ་གཙང་མ་ཞིག་དང་འོ་མ་དཀར་པོ་ཞིག་གི་མཆོད་ཆུ་བྱེད་ཆོག་ལ
རི་བོ་མཐོན་པོ་ཞིག་གི་རེ་སྒུག་བཞིན་དར་ལྕོག་ལྟར་བསྒྲེང་དགོས་ཀྱང་ཆོག
ཡིན་ན་ཡང ཁ་སང་གི་ལོ་རྒྱུས་དེ་ངས་རྨི་ལམ་ཞིག་རེད་ཟེར་དགོས་ན
རྨི་ལམ་དེ་མ་ཡིན་པ་ནམ ངས་གཞན་ཅི་ཞིག་རེད་ཟེར་ཆོག་གམ
ཁྱོད་ཀྱིས་སོམས་དང ཆེན་པོ་དེ་ཁྱོད་བྱེད་ཆོག་ན
ཆུང་ཆུང་དེ་ང་བྱ་ཆོག་གམ
ཆོག་པའི་དབང་དུ་བྱས་ན མི་དེ་ང་ཡིན་ནམ
ཡིན་ན་ཡང མེད་འགྲོ་བ་དེ་སུ་ཡིན་ནམ་སྙམ་དུས
ངས་ཁྱོད་ནི་མེ་ཏོག་ཅིག་ཡིན་ན་བསམ་ལ
ཡང་ན་ངའི་མཆོད་ཁང་དུ་འཇོག་ཆོག་པའི་བུམ་བ་ཞིག་ཡིན་ནའང་བསམ
                             ༢༠༡༡ལའོ་ཟླ༦ཚེས༡༤ཉིན་ལྷ་ལྡན་གྲོང་དུ་བྲིས་པའོ།

           ༼ཁྱོད་ཁེར་རྐྱང་དུ་ཡོང་ནས ། ཁྱོད་ཁེར་རྐྱང་དུ་ཆས་སོང༽
                              ____མཁས་དབང་དགེ་འདུན་ཆོས་འཕེལ་སྐུ་གཤེགས་ནས་ལོ་ངོ་དྲུག་ཅུ་འཁོར་བའི་རྗེས་དྲན་དུ།

དགེ་འདུན་ཆོས་འཕེལ
གོ་ཐོས་སུ་ཁྱོད་ནི་རས་ལྭ་ནག་པོ་གྱོན་པའི་ཕོ་རྒོད་པོ་ཞིག་ཡིན་ཟེར
དེས་ན་ཁྱོད་ཀྱིས་ལྷ་སའི་བུ་མོ་ཚོའི་རྨི་ལམ་གྱི་དབྱིངས་ནས
ཕ་ཡུལ་གྱི་ལ་གཞས་སྙན་མོ་དེ་བླང་མྱོང་ཡོད་དམ
དགེ་འདུན་ཆོས་འཕེལ
རེས་གསལ་རེས་སྒྲིབ་ཀྱི་འཚོ་བའི་ཁྲོད་ནས
ངས་ཁྱོད་རང་འདི་ལྟར་ངོ་ཤེས་ཤིང་སེམས་ལ་བཟུང་སྟེ
ལོ་རྒྱུས་ལ་ལག་སྙོབ་བྱེད་ཐེངས་རེ་རེར
ལུགས་མེད་ཀྱིས་ཟོས་སོང་བའི་ཁྱོད་ཀྱི་ལུས་པོ་དེ་ངའི་མིག་ལ་འཆར་འོང
དགེ་འདུན་ཆོས་འཕེལ
ཤིང་གི་ཆང་ཕོར་དཀར་པོ་དེ་གང་ན་ཡོད
རས་ཀྱི་དུ་ཁུག་ནག་པོ་དེ་གང་ན་ཡོད
དུས་ཚོད་ཀྱི་མདུན་དུ་བསྲིང་བའི་ཉམ་ཆུང་བའི་ལག་པ་དེ་གང་ན་ཡོད
དགེ་འདུན་ཆོས་འཕེལ
སྐྱོ་ལྷང་ལྷང་གི་མཆི་མའི་ཕུང་བོ
འོད་ལམ་ལམ་གྱི་གསེར་གྱི་བུམ་པ
ངའི་ཡ་ཁོག་གི་སྙིང་ཆུང་དམར་པོ
བདག་གི་སྐྱེས་ཆེན་དམ་པ  བདག་གི་མེས་པོ་གོང་མ
དགེ་འདུན་ཆོས་འཕེལ
བར་སྐོར་གྱི་རླུང་ཁ་ནས་ཁྱོད་ཀྱི་སྐྲ་ལོ་ག་ཚོད་ཟགས་སོང
པོ་ཏ་ལའི་མདུན་ཕྱོགས་ནས་ཁྱོད་ཀྱི་དུས་ཚོད་ཅི་ཙམ་ཕྲོག་སོང
འདི་དག་དྲན་ནས་དེ་དག་ངའི་ཡིད་ལ་འཁོར་དུས
ངས་རང་གི་མགོ་ཐོག་གི་ནམ་མཁའ་འདིའང་ནག་པོ་ཡིན་ནམ་སྙམ་བྱུང
ཁྱོད་ཁེར་རྐྱང་དུ་ཡོང་ནས   ཁྱོད་ཁེར་རྐྱང་དུ་ཆས་སོང
དགེ་འདུན་ཆོས་འཕེལ
ཤེས་རབ་ཀྱི་བུ་ཆུང་སྒྲོག་གིས་བཅིངས་མཁན་དེ་སུ་རེད
རང་དབང་གི་ངག་སྒོ་ཐོག་གིས་གཏོར་མཁན་དེ་སུ་རེད
ལོ་རྒྱུས་ལ་གལ་སྲིད་ཟེར་བ་ཞིག་མེད་ན་ཡང
པོ་ཏ་ལའི་དབུ་རྩེ་ནས  སྐྱིད་ཤོད་གཙང་བོའི་རབ་ཁ་ནས
སྐད་ཆེན་པོས་ངས་ཁྱོད་ལ་བཤད་འདོད་པ་ཞིག་ནི
ད་ནི། ཁྱོད་རང་མ་སྐྱོ་དང
བདེན་དོན་གྱིས་བསྐྱངས་པའི་ཁྱོད་ཀྱི་བུ་རབས་ཚ་རྒྱུད
མུན་ནག་གི་ལུང་པ་ནས་སད་དེ་ཁྱོད་ཀྱི་ལོ་རྒྱུས་འཚོལ་གྱིན་པ་དེའོ
                            ༢༠༡༡ལོའི་ཟླ༤ཚེས༢༢ཉིན་ལྷ་ས་རུ་བྲིས།
                     
                    ༼དད་པ༽
ནམ་ཞིག་གཤོག་པ་ཐོགས་པའི་མི་ཞིག་འཕུར་གྱི་ཡོད་ན
དེ་ལ ངས་ལྷ་ཞེས་འབོད་དགོས་སམ
དུས་ཤིག་ས་ན་རྐང་པ་མེད་པའི་མི་ཞིག་རྒྱུགས་ཀྱི་ཡོད་ན
དེ་ལ ངས་ཀླུ་ཞེས་འབོད་དགོས་སམ
ངའི་མ་ཡུམ་གྱི་སེམས་ནང་ན་མེ་ཏོག་ལྟར་མཛེས་ཤིང
འོད་ལམ་ལམ་བྱེད་བཞིན་པའི་རྟགས་མཚན་གསལ་བོ་སྟེ
ངའི་ཡབ་མེས་དག་གི་མདའ་གྲིའི་སྲོག་ཏུ་ཞུགས་པའི་དད་པ
ད་ནི་དད་པའི་དད་པ་འདིས་ང་ལ་ཅི་ཞིག་སྦྱིན་ནམ
                      ༢༠༡༡ལོའི་ཟླ༦ཚེས༡ཉིན་དབུས་སུ་བྲིས།

            ༼དོ་ནུབ་གྲོང་ཁྱེར་འདི་བཟི་འདུག༽
དོ་ནུབ་དཔོན་པོ་དག་བཟི་འདུག
དོ་ནུབ་དབུལ་བོ་དག་བཟི་འདུག
ད་དུང་མི་སེར་དག་ཀྱང་བཟི་འདུག
དོ་ནུབ་བཟི་མི་འདུག་པ་དག་ནི
རི་སྤྱང་དང་འུག་པ ད་དུང་མུན་ནག་རེད
སོམས་དང བཟི་བོ་འདི་དག་གང་དུ་འགྲོའམ
བཟི་མེད་པའི་ནང་གི་སྒོ་ཟྭ་དེ་སུ་ཡིས་འབྱེད་དམ
                  ༢༠༡༡ལོའི་ཟླ༦པའི་ཚེས༣ཉིན་དབུས་སུ་བྲིས།

                 ༼ཁ་ཆེམས༽
ཕྱི་ཐག་ཁྲོད་ནས་ལུས་སོང་བའི་སེམས་ཀྱི་སྐད་ཆ
མིག་ཆུའི་ཁྲོད་དུ་འཐིམ་སོང་བའི་འདོད་པའི་བདེ་བ
རི་བོ་སྨུག་པས་གཡོགས་ཀྱང སེམས་པ་མཆི་མས་མ་ཁེབས
ངའི་སེམས་པ་འདི་ཞིང་ས་ཞིག་ཡིན་པའི་དབང་དུ་བྱས་ན
སྐྱེས་འོང་གིན་བ་ནི་མེ་ཏོག་དཀར་པོ་ཞིག་ག་ལ་མིན
ཆང་བུམ་དུ་འཛུལ་བའི་སྡུག་གི་ངོ་གདོང
ཕ་ཡུལ་གྱི་གངས་རི་དཀར་པོ་བཞིན་མིག་གིས་མཐོང་ན
སུ་ཞིག་གིས་བཟོད་པ་སྒོམ་ཐུབ་བམ
སུ་ཞིག་གིས་སྙིང་རྗེ་མེད་ཟེར་ཐུབ་བམ
འདི་ནི་བདག་གི་སེམས་ཀྱིས་སྦས་པའི་སྐད་ཆ་ལྷག་མ་ཞིག
འདི་ནི་ཁྱོད་ལ་བཤད་འདོད་པའི་མཐའ་མཇུག་ཀྱི་བདེ་མོ་དེ
མི་རྣམས་ཀྱིས་ང་ལ་དགའ་ས་ཞིག་ཡོད་དམ་ཟེར་ན
ཡོད་དེ དེ་ནི་བདག་གི་ཕ་ས་ཕ་ཡུལ་དང
ད་དུང་མ་ཡུམ་དང་ཆུང་མ་ཡིན་ཞེས་བདག་གིས་བཤད་པ་ཡིན
རི་བོ་དམར་པོ་གྱུར་དོན་སུ་ལང་མ་འདྲི
ཁྱོད་ཀྱི་མགོ་བོ་བོར་ཡང་རྙེད་པར་དཀའ
མིག་མཐའ་མཆི་མས་སྐོར་དོན་སུ་ལའང་མ་འདྲི
ཁྱོད་ཀྱིས་ཤི་སོང་བའི་བདག་གི་བེམ་པོ་དེ་དྲན་སྲིད
དེ་བས ཁྱོད་ཀྱིས་སེམས་པ་ཁྱེར་ནས
ངེད་གཉིས་ཀྱི་དུས་ཆེན་དེ་ལ་རྗེས་དྲན་ཐེངས་ཤིག་བྱོས
རི་བོ་ནག་པོ་མིན་ཡང་སེམས་པ་སུ་ཡིས་མཐོང
མིག་ཆུ་དཀར་པོ་མིན་ཡང་བདེན་དོན་གང་གིས་ཚོར
བདེ་མོ་བྱོས བདག་གི་ཕུང་བོ
ག་ལེ་ཕེབས བདག་གི་རྣམ་ཤེས
ད་ནི་གྱེས་ཕྱག་འདི་ལས་མི་ཡུལ་ན་ཅི་ཡང་ལུས་མེད་པར་བསམ་དང
ཉི་མ་ཞིག་ལ་ཁྱོད་ཀྱི་འདས་མཆོད་སྒྲུབ་མཁན་དེ་ཁོ་མོ་ཡིན་སྲིད
ཡིན་པའི་དབང་དུ་བྱས་ན ཁྱོད་ཀྱི་ཕྱི་མིག་མི་བལྟ་རོགས
འདས་མཆོད་སྒྲུབ་ཚར་དུས་ཁྱོད་ཀྱི་ལུས་པོ་གང་ན་ཡོད་དམ
མི་སྲིད་དེ སྤོབས་པ་བཞག་ཏེ་ཆས་རོགས་ཞུ
                           ༢༠༡༡ལོའི་ཟླ༥ཚེས༡༩ཉིན་དབུས་ལྷ་ལྡན་གྲོང་དུ་བྲིས་པའོ།།
 
རྩོམ་ཁུངས། ངེད་དྲ་བ།

གཟིམས་པ་མེད་པའི་མཆོད་མེ། དབྱངས་གསལ་སོ་བཞིའི་མཛེས་སྡུག  RSSསྔོན་མངག

ས་དམར་གྲགས་པའི་སྙན་ངག་གསར་བ་བདམས་བཀོད།

2011-06-30 ས་དམར་གྲགས་པ། ཀློག་གྲངས། མཆན ཡོད།

དཔྱད་མཆན ཡོངས་སུ་གཟིགས།དཔྱད་མཆན།

མིང་མི་འགོད་པར་སྤེལ།