ཨ་འབུམ་བློ་བཟང་དམ་ཆོས་ཀྱི་རྩོམ་གསར་གཅེས་བཏུས།

ཨ་འབུམ་བློ་བཟང་དམ་ཆོས།༼ཨ་མདོ༽ མཆོད་མེ་བོད་ཀྱི་རྩོམ་རིག་དྲ་བ། 2011-05-05

                                    ༼བོད་ཀྱི་རིག་གནས་དང་བསམ་བློའི་སྐོར་གྱི་གླེང་མོ༽
                                                                           གླེང་བསླངས་པ།
     ངོས་ནས་ནམ་རྒྱུན་གྱི་བཟའ་བཏུང་ལ་རོལ་བའི་སྔ་ཕྱི་དང་མཚན་མོ་ཆུ་ཚོད་བཅུ་བའི་རྒྱལ་སྤྱི་དང་རྒྱལ་ནང་གི་གསར་འགྱུར་དང་སྤྱི་ཚོགས་ཀྱི་བྱུང་དངོས་ལ་དོ་སྣང་བྱེད་པ་ནི་གོམས་གཤིས་སུ་ཆགས་ཤིང་།རང་གི་སློབ་མ་རྣམས་ལ་ཡང་གནད་དོན་དབྱེ་ཞིབ་བྱེད་རོགས་དང་ཆ་འཕྲིན་ལས་བྱུང་བའི་ཤེས་བྱ་རྒྱུད་སྒྲོག་དང་།འཛམ་གླིང་མི་དམངས་ཀྱི་སྐྱིད་སྡུག་དང་མཉམ་དུ་གནས་ཤིང་དེ་ལ་སེམས་ཁུར་དང་རྒྱབ་སྐྱོར།མི་བཟང་དོན་བཟང་།ཚན་རྩལ་གྱི་ཤེས་བྱ་འཚོལ་ཞིབ་དང་དངོས་པོ་གསར་བ་སོགས་རང་ཅག་འགྲོ་བ་མིའི་རིགས་སྤྱི་དང་ཡང་སྒོས་རང་ཅག་ཁ་བའི་ལྗོངས་ཡར་རྒྱས་དང་འཕོ་འགྱུར་སོགས་ལ་དཔྱད་ཞིབ་བྱེད་པ་ཡང་གླིང་འདིའི་འགྲོ་བ་མིའི་བདེ་དོན་དང་མ་འོངས་པར་སེམས་ཁུར་བྱས་པ་ཞིག་ལ་ངོས་འཛིན་བྱེད་བཞིན་ཡོད།
                                                                          དངོས་གཞིའི་གླེང་མོ།
      དུས་རབས་ཉེར་གཅིག་པའི་ནང་འདིར་འཛམ་གླིང་གི་འགྲོ་བ་མིའི་རིགས་ཀྱི་འཚོ་གནས་དང་ཁོར་ཡུག་ལ་འགྱུར་བ་མི་འདྲ་བ་ཐེབས་དང་ཐེབས་བཞིན་པ་ནི་ཁོར་ཡུག་སྲུང་སྐྱོབ་མཐུས་ཤོར་གྱི་གནད་དོན་ལས་བྱུང་བ་དང་།ཐོན་ཁུངས་བེད་སྤྱོད་ལས་བྱུང་བ།སྒེར་གྱི་ཁེ་ཕན་གྱི་ཆེད་དུ་བྱས་པ་སོགས་ལས་འབྱུང་བཞིན་པ་དེ་དག་གི་རྒྱུ་ལ་སྔོན་དུ་བརྟག་ནས་འབྲས་བུ་བདེ་སྡུག་གང་བྱུང་ཡང་བསྐྱར་ཉེན་བརྡ་བརྒྱབ་པ་ཡིན་ན་རང་ཅག་གི་མ་འོངས་པའི་སྤྱི་ཚོགས་དེ་ཉེན་ཁ་ཇེ་ཆེ་དང་འཁྲུག་ཟིང་ཆེར་འགྲོ་རྒྱུའི་སེམས་ཁྲལ་མི་དགོས་སྙམ།
    དེང་སྐབས་སྔོན་ཐོན་རྒྱལ་ཁབ་འཇར་ཕན་དང་ཨ་རི་སོགས་ཕྱིའི་དངོས་པོ་དང་བསམ་བློ་འདུ་ཤེས་ཀྱི ལྟོས་འཇོག་གི་ཆ་ནས་སྒྲིག་སྲོལ་གཅིག་ལ་གནས་པ་འདྲ་འདུག་མོད།ང་ཚོས་ད་དུང་རེ་བ་ནན་མོའི་ཚུལ་གྱིས་བརྟག་དཔྱད་བྱས་པ་ཡིན་ན་ཨ་རི་ན་མི་གསོད་ལག་དམར་མེད་པ་དང་།འགྲོ་བ་མིའི་ཕོ་མོ་ཡོངས་ནས་འདྲ་མཉམ་ཡིན་པ་དང་།དབྱི་རག་དང་ཨ་ཧྤགྷ་ནི་སི་ཐན་ན་འཇིགས་སྐུལ་བ་རྐྱང་རྐྱང་ཡིན་པ་དང་།བོད་ཀྱི་སྤྱི་ཚོགས་ནང་ཕོ་མཆོག་མོ་དམན་དང་ཕོ་མོ་འདྲ་མཉམ་མེད་བ་དེ་ཡོངས་སུ་འགྲོ་བ་མིའི་ལམ་སྲོལ་དང་འགལ་བར་གྱུར་བ་ཡིན་པའི་གཏན་སྲོལ་ཞིག་འཇོག་མི་ཐུབ་བོ།།
     ཡང་གཅིག་བཤད་ན་གནའ་ནས་ད་ལྟའི་བར་གྱི་འཐབ་འཛིང་དང་འཁྲུག་རྩོད་ཐམས་ཅད་མངའ་ཁོངས་དང་བདག་དབང་།ཁེ་ཕན་དང་རྒྱལ་ཁབ་གྱི་ཆེད་དུ་ཡིན་པ་ནི་ཉེ་རབས་གྱི་དམག་འཁྲུག་གི་གནས་ཚུལ་ལ་འཁྱུག་ཙམ་བལྟས་པས་ཤེས་ཐུབ།ཨ་རིས་ཁོ་རེ་ཡ་༼ཁྲོ་ཞན༽དང་ལོ་བརྒྱད་ལ་འཁྲུག་ཟིང་བསླངས་པ་ནི་ཁྲོ་ཞན་དང་ཧན་གོའི་འགལ་ཟླ་བེད་སྤྱད་ནས་རྒྱལ་ཁབ་ཉམ་ཆུང་ལ་རོགས་སྐྱོར་གྱི་ཚུལ་དུ་ཨ་རིའི་ཁྲོམ་རར་འདྲེན་རྒྱུ་དང་།ཨ་ཧྤྷུ་ཧན་ལ་དམག་འཁྲུག་སློང་དོན་དོན་ནི་༩་༡༡དོན་རྐྱེན་གྱི་དཔལ་འབྱོར་ཉམས་ཉེས་ཁ་གསབ་ཐབས་དང་།དབྱི་རག་དང་དམག་འཁྲུག་སློང་དོན་ནི་འཇིགས་སྐུལ་བའི་གཤོག་འོག་ནས་རྡོ་སྣུམ་གྱི་ཉེན་ཚབས་སེལ་ཐབས་སུ་མི་སེར་སྟོང་ཕྲག་མང་པོ་ཉེས་མེད་མདེའུ་འབེན་དུ་གྱུར་བར་བྱས་ནས་དམག་དོན་ཡར་རྒྱས་དང་།འཛམ་གླིང་བདེ་འཇགས་ཡར་རྒྱས་དང་སྲུང་སྐྱོབ་བཤད་པ་ནི་ཅི་འདྲའི་དོ་མི་མཉམ་པ་ཞིག་རེད་ཨང་།འཛམ་གླིང་མི་དམངས་ཀྱི་བདེ་འཇགས་དེ་ཨ་རིའི་མཚོན་ཆས་སྲུང་དགོས་པ་ཞིག་ཡིན་ན་དབྱི་རག་གིས་རྒྱུ་མཚན་ཅི་ཞིག་གིས་མཚོན་ཆས་རང་གི་རྒྱལ་ཁབ་སྲུང་མི་ཆོག་པ་རེད།དེ་བཞིན་བོད་མི་རིགས་ཀྱི་སྤྱི་ཚོགས་སུ་སྔོན་ནས་ཕོ་མཆོག་མོ་དམན་གྱི་ལྟ་བ་ཞིག་ཐད་ཀར་བརྗོད་པའི་ཡིག་ཚགས་ཞིག་ད་སྔ་བདག་གིས་རྩ་ནས་མཐོང་མ་བྱུང་ལ།བོད་ཀྱི་འཇིག་རྟེན་མི་ཆོས་ཀྱི་བསླབ་བྱ་སྟོན་པའི་བསྟན་བཅོས་ལ་སྔ་བ་ཕུ་བོས་ནུ་བོར་གཏམས་པའི་མདོ་དང་།སངས་རྒྱས་ཆོས་ལུགས་ཀྱི་གསུང་རབ་ཡན་ལག་དང་བཅས་པ་ནས་རིགས་མི་གཙོ་རུས་མི་གཙོ་ཞེས་སོགས་བསྟན་པ་ལས་འདྲ་མཉམ་མིན་གྱི་གསུང་ཚིག་ནི་བརྒྱ་བྱིན་མིག་སྟོང་གཡར་ནས་བཙལ་ཡང་མཐོང་རེ་སྐན།དེས་ན་སྲོང་བཙན་གྱི་མི་ཆོས་གཙང་མ་བཅུ་དྲུག་གི་སྐབས་སུ་བུད་མེད་ཀྱི་ཁ་ལ་མི་ཉན་པ་ཞེས་པས་བརྒྱ་ཁ་གཅོད་གཅོད་བྱེད་ཐུབ་བམ།བྱེད་ཐུབ་ཟེར་ན་སྲོང་བཙན་རང་ནས་རྒྱ་བཟའ་བལ་བཟའི་རྒྱལ་པོ་ཇ་བཞེས་ཐུགས་སོས་ཞེས་པ་ལ་ཡང་ཉན་མེད་པར་ཐལ་ལོ།།དེས་ན་སྐབས་དེའི་དོན་ནི་བུད་མེད་རང་བཞིན་ངན་ཞིང་དམག་གི་འདུན་མ་སོགས་ཀྱི་གེགས་སུ་གྱུར་བ་དང་།སྐྱེས་བུ་དཔའ་ལ་བརྟན་པ་དག་འདོད་གདུང་གི་གཏམ་གྱི་དབང་དུ་གྱུར་མི་རིགས་པའི་སྒོ་ནས་གསུང་བ་ཡིན་པ་ཤེས་པར་གྱིས་ཤིག  ཕོ་མཆོག་མི་དམན་ཞེས་པ་ནི་དེ་བས་ཀྱང་མ་བརྟག་བྱུང་རྒྱལ་དང་རྒྱུ་མཚན་ལྟར་སྣང་ལ་བརྟེན་ནས་སྨྲས་པ་ཁོ་ནར་ཟད་ལ།དེ་སྔའི་བོད་ཀྱི་སྤྱི་ཚོགས་དེ་ལ་མཚོན་ན་མི་རིགས་གཞན་དང་འཐབ་འཛིང་ཡུན་རིང་བྱུང་བ་ལ་བརྟེན་ནས་དམག་གི་ཆས་སུ་སྐྱེས་པ་གཙོ་བོར་གྱུར་ཞིང་ཕ་ཤི་བའི་དགྲ་ཤ་ལེན་མཁན་མེད་པར་གྱུར་བ་སོགས་ཀྱི་རྒྱུ་རྐྱེན་ལ་བརྟེན་ནས་ཕོ་མཆོག་གི་བསམ་བློ་ཞིག་རང་བཞིན་གྱིས་བྱུང་བར་གྱུར་ལ།གནའ་ཡི་རྒྱལ་རབས་ལོ་རྒྱུས་དག་ལས་ཀྱང་སྲིད་དབང་གཅིག་མགོ་སྟིང་བསློག་ནས་སྲིད་དབང་གསར་བ་ཅིག་འཛུགས་པའི་སྐབས་སུ་དེ་སྔའི་རྒྱལ་གཞིས་ནང་འཁོར་དག་ལས་གཙོ་བོར་སྐྱེས་པ་གཅིག་ཀྱང་མ་ལུས་པ་སྲོག་ཐོག་གཏོང་བ་འདིས་ཀྱང་གནས་ཚུལ་དེ་ལ་དམིགས་ཡུལ་གྱིས་ཕྱུག་པར་བྱས་འདུག ད་དུང་བསམ་པར་བྱ་བ་ཅིག་ལ་ཕོ་མཆོག་མོ་དམན་ནམ་བུད་མེད་ དམན་པར་ལྟ་བ་འདི་བོད་ཁམས་ཡོངས་ཀྱི་གནས་ཚུལ་ཞིག་རེད་མི་འདུག ལྷ་ས་དང་ཁམས་ལ་དེ་སྔའི་ལོ་རྒྱུས་ཡིགས་ཚགས་མང་པོའི་ནང་བུད་མེད་སྲིད་དང་གོ་ཐོབ་བླངས་པ་མང་པོ་འདུག་ལ་ཁྱིམ་དབང་སོགས་ཐམས་ཅད་བུད་མེད་ཀྱི་ཡོངས་སུ་བཟུང་ཡོད་པ་དང་།ཁམས་པའི་ཕོ་རྒོད་ཞེས་གྲགས་ཀྱང་བུད་མེད་ལ་བརྩི་འཇོག་དཀར་ཡོལ་འཚོ་འཚོ་བྱེད་ཅིང་།ལྷག་པར་དུ་རང་གི་ནག་མོ་ལ་རྡུང་བ་དང་བུད་མེད་ལ་རྡུང་བ་ནི་དེ་བས་ཀྱང་སྐྱེས་པའི་བྱ་བ་ཐ་ཤལ་ཞིག་ཏུ་བརྩི་ཞིང་ཆུང་མ་ལ་ནག་མོ་ཀྱང་མི་ཟེར་བར་མཁའ་འགྲོ་ཞེས་འབོད་པ་རང་ཅག་ཨ་མདོའི་པོ་གསར་རྣམས་ལ་མཚོན་ན་དེ་ལས་ཀྱང་རྣ་ལ་མི་འགྲོ་བ་ཞིག་རེད།དེས་ན་ཕོ་མཆོག་མོ་དམན་གྱི་ལྟ་བའམ་བསམ་བློ་དེ་བོད་ཀྱི་ཡུལ་གྲུ་ཁག་ལས་ཀྱང་ཨ་མདོའི་ནང་འདིར་ཅུང་ཟད་མངོན་པའི་ཚུལ་དུ་གནས་འདུག དེ་ཡང་གོང་དུ་བསྟན་པ་ནང་བཞིན་བོད་ཡུལ་དུ་འཁྲུག་ཟིང་གི་གནས་ཚུལ་རྒྱུན་པར་བྱུང་བ་དང་ལྷག་པར་ཨ་མདོའི་ཡུལ་གྲུ་ཁག་རྣམས་ནི་བོད་ཡུལ་གྱི་མཐའ་མཚམས་སུ་སོང་གཤིས་རྒྱུན་པར་དམག་གི་བྱ་བ་ལ་ཞུགས་དགོས་པ་དང་གཞན་དང་འཕྲོག་རྩོད་ཀྱི་གནས་ཚུལ་རྒྱུན་པར་བྱུང་བ་སོགས་ཀྱི་དབང་གིས་ཁྱིམ་མིའི་བདེ་སྡུག་དང་ཚེ་སྲོག་སྲུང་སྐྱོབ་དང་རྒྱུ་ནོར་བདག་སྲུང་།སྟོད་སྨད་ཀྱི་རྐུན་ཇག་བཏུལ་བ་སོགས་ཀྱི་ཆེད་དུ་ཡུན་རིང་འབད་འབུངས་བྱས་པ་ལ་བརྟེན་ནས་ཁྱིམ་ནང་དུ་ཡང་དམིགས་བསལ་གྱིས་བུ་ཡིས་བཀའ་དྲིན་ལ་ཆེ་བསྟོད་ཀྱི་རྣམ་པ་ཞིག་བྱུང་བ་རེད།དེ་ལ་བརྟེན་ནས་རིམ་གྱིས་སྤྱི་ཚོགས་འཚོ་བའི་ནང་ལའང་སྐྱེས་པ་ཕོ་ཡིས་ནུས་པ་འདོན་པ་གཙོ་བོར་གྱུར་བ་ལ་བརྟེན་ནས་བུ་ལ་རྩ་ཆེན་པོར་བལྟ་བ་ནི་སྤྱི་འགྲོས་རང་བཞིན་ལྟ་བུར་གྱུར།དེ་ནི་ང་ཚོས་དེང་སྐབས་ཨ་མདོའི་དམངས་ཁྲོད་ཀྱི་འཚོ་བ་དངོས་ཀྱི་ནང་ནས་ཀྱང་བུད་མེད་ཀྱིས་སྐྱེས་པ་ལ་བལྟ་སྟངས་དང་རེ་བའི་ཆེ་ས་སྟོན་པ་ནི་བུད་མེད་རང་ནས་ཀྱང་ལུས་སེམས་བསམ་པ་མཚུངས་པའི་སྒོ་ནས་བྱུང་བཞིན་ཡོད་པ་རེད།མདོར་ན་ཕོ་མཆོག་མི་དམན་གྱི་ལྟ་བ་འདི་ནི་སྐྱེས་མ་རྣམས་ཀྱིས་སྐྱེས་པ་ཕོ་ལ་བརྩི་འཇོག་བྱས་ནས་བྱིན་པའི་བཀའ་ལུང་ཞིག་ཡིན་པ་ལས་སྐྱེས་པ་རྣམས་ཀྱིས་བུད་མེད་ལ་བཙན་གྱིས་བསྒོས་པ་ཞིག་རྩ་བ་ཉིད་ནས་མ་ཡིན་ནོ།།ད་དུང་སྐྱེས་མ་རྣམས་ཀྱིས་འདྲ་མཉམ་རྩོད་པར་འདོད་ན་ནི་སྐྱེས་པ་དང་མཉམ་གཤིབ་མཉམ་ནུས་ཅིག་འདོན་པ་དེའི་སྟེང་ནས་རེ་བ་ཞིག་མཐོང་ཐུབ་ཀྱི་འདུག་ཀྱང་འཛམ་གླིང་འདིའི་སྒང་གི་སྐྱེས་མ་ག་ཚད་ཅིག་སྐྱེས་པའི་ནུས་པ་དང་དོ་མཉམ་པར་འདུག སྤྱི་ཚོགས་དང་མི་རིགས་དེའི་རྒྱུན་སྲོལ་དུ་གྱུར་ཟིན་པ་དེ་ལ་རྒྱུ་འབྲས་དང་འདྲ་མཉམ་རྩོད་པ་ནི་རྩོད་ཉོག་མེད་ས་ནས་རྩོད་ཉོག་ཅིག་བསླངས་པ་ལས་དེའི་ཕན་འབྲས་གྱི་ཐོན་ཚད་ནི་ཤིན་ཏུ་ནས་ཉུང་ཉུང་ཡིན་པ་རེད།ད་དུང་སྐྱེས་པ་རྣམས་ཀྱིས་བུད་མེད་ཀྱི་ཐོབ་ཐང་ལ་རོགས་རེས་ཀྱིས་རྩོད་པར་འདོད་ན་ནི་རང་གི་ཚེ་གཅིག་གི་སྐྱིད་སྡུག་འཚོ་བའི་ལམ་གྲོགས་དང་ཚོར་བ་ཟབ་མོ་དང་གདུང་བ་དྲག་པོའོ་འདོད་པ་ཚིམ་པར་བྱེད་ཅིང་།འཇིག་རྟེན་གྱི་སྐྱེ་དགུའི་སྐྱེད་མར་གྱུར་བའི་རང་གི་ཆུང་མ་དང་མ་དྲིན་མོ་ཆེ་རྣམས་ལ་ཁྲེལ་མེད་རྒྱུ་འབྲས་འགལ་བའི་བྱ་བ་རྣམས་སྤོང་ལ་དེ་ནས་ཐོབ་ཐང་ཞིག་རྩད་ནས་སྤྱི་བའི་བདེ་སྡུག་ལ་སེམས་ཁུར་གྱི་རྣམ་འགྱུར་ཞིག་སྟོན་དགོས་པ་དེ་ལས་ཕན་ཆེ་བ་ཞིག་མི་འདུག་གོ
ང་ཚོས་འཛམ་གླིང་གི་རྒྱལ་ཁབ་ཐམས་ཅད་མི་རེ་རེ་འདུས་པ་ལས་གྲུབ་པ་ཡིན་པའི་ཆ་ནས་དཔྱད་པ་བཏང་ན་རྒྱལ་ཁབ་དེའི་འཕེལ་རྒྱས་ནི་ཏག་ཏག་མི་དམངས་ཀྱི་བསམ་བློ་དང་འབད་རྩོལ།སློབ་གསོ།མི་ཚེའི་ལྟ་སྟངས་སོགས་ལ་བལྟས་ནས་དཔྱད་པ་བཏང་ན་ཤེས་ཐུབ་པ་རེད།ཁ་ན་ཏ་རྒྱལ་ཁབ་ནི་དེང་སྐབས་འཛམ་གླིང་གི་ཆེས་བདེ་འཇགས་ཀྱི་རྒྱལ་ཁབ་དང་།ཨ་རི་འཛམ་གླིང་གི་སློབ་གསོ་ཆེས་ཡར་རྒྱས་ཆེ་བ་དང་།འཇར་ཕན་ནི་ཡ་གླིང་གི་འཕེལ་རྒྱས་རྒྱལ་ཁབ་ཨང་དང་པོ་ཡིན་ཞེས་པའི་སྡོམ་ཚིག་འདི་ནི་གོང་གི་དཔྱད་པ་དེ་ལ་བ་ལྟོས་ནས་གཞིར་འཛིན་གྱི་ཡོད་ལ།མ་འོངས་པར་དེ་ནང་བཞིན་འགྲོ་ཐུབ་མིན་ནི་ད་དུང་བསམ་བློ་དང་སློབ་གསོ་ལ་བརྟེན་དགོས་པ་ཞིག་རེད།ཁྲིམས་ལུགས་ཀྱི་ལྕགས་དྲ་བཟོས་ཤིང་བརྙན་མང་དང་འུར་སྒྲོག ཟོལ་བཅོས་ཀྱིས་འདི་ཕྱིའི་སྐྱིད་སྡུག་འདི་ལ་མ་བརྟེན་ཐབས་མེད་ཡིན་ཚུལ་གྱི་གཅིག་རྟིང་གཅིག་གིས་གནོན་པའི་བམ་བཤད་དེས་ཁྱོད་དང་ང་ཚོ་ཐམས་ཅད་རྨོངས་པར་བྱས་ཤིང་ཡིད་ཀྱི་དགུ་ལ་ཐེ་ཚོམ་དང་སོམ་ཉི།ཡིད་ཆེས་བྲལ་བའི་བསམ་བློ་ཞིག་ཏག་ཏག་སྐྱེ་འོང་གིན་རེད།
    དེས་ན་གོང་དུ་གླེང་བ་བཞིན་མ་འོངས་པའི་མི་རབས་ཀྱི་བདེ་སྐྱིད་དང་།མ་འོངས་པའི་སྤྱི་ཚོགས་ཀྱི་བདེ་འཇགས།མ་འོངས་པའི་རྒྱལ་ཁབ་ཅིག་གི་འཕེལ་རྒྱས་དང་དར་རྒུད་དེ་ཐམས་ཅད་མི་རིགས་རང་ཉིད་ལོ་ངོ་སྟོང་ཕྲག་ནས་བརྒྱུད་འོང་བའི་དངོས་པོ་དང་དངོས་པོ་མ་ཡིན་པའི་ཤུལ་བཞག་རིག་གནས་དང་།རིན་ཐང་བྲལ་བའི་བསམ་བློའི་ཤེས་རིག རང་བྱུང་ཁམས་ཀྱི་སྐྱེ་འཕེལ་ཆེན་མོའི་རང་བཞིན་ལ་བསྟུན་ཞིང་ཁོར་ཡུག་དང་གནམ་གཤིས་ཀྱི་ཆོས་ཉིད་ལྟར་འཚོ་བ་སྟབས་བདེ་ལ་རང་ཉིད་ཀྱི་བདེ་དོན་འགྲུབ་པའི་འཚོ་དངོས་ཀྱི་ཆ་རྐྱེན་དེ་ལ་བརྟེན་ན་ད་གཟོད་བདེ་སྐྱིད་ལེགས་ཚོགས་ཐམས་ཅད་རྩོལ་མེད་དུ་འགྲུབ་འོང་བ་ཞིག་ཡིན་པས་ད་ལྟའི་མི་ཐོག་འདི་ནས་བསམ་བློ་གཏོང་དགོས་པའི་དོན་ཆེན་ཞིག་ཡིན།དངུལ་དང་ཐོན་ཁུངས་བེད་སྤྱོད་བྱེད་ཤེས་པ་ཙམ་གྱིས་འཕེལ་རྒྱས་ཀྱི་སྔོན་དུ་སླེབས་ངེས་པ་དང་།ས་སྐྱ་བོའི་ནང་དུ་སྡུག་བསྔལ་གྱིས་ཁེངས་འགྲོ་རྒྱུའི་དོན་ཞིག་མ་རེད།གལ་ཏེ་རྒྱུ་རྐྱེན་དེ་འདྲ་ཙམ་ཞིག་ལ་རག་ལས་པ་ཡིན་ན་དུས་ཐུང་ནང་འཕེལ་རྒྱས་ཕྱིན་ཡང་ཁྱི་འབུས་ཁྱི་རང་ཟ་བ་ནང་བཞིན་རང་གིས་རང་བརླག་བྱེད་དུ་ཡང་འགྱུར་འགྲོའོ།།
     ང་ཚོ་གངས་ཅན་པ་ལ་མཚོན་ནའང་བློ་གྲོས་དང་དཔའ་མཛངས།རིག་གནས་སོགས་སྔོན་ཐོན་དུ་གྲགས་པའི་རྒྱལ་ཁབ་དག་ལས་ཀྱང་མི་ཆུང་ཙམ་ཞིག་ཡིན་ཞིང་།ང་ཚོས་རང་ཉིད་ཀྱི་འདས་པའི་ལོ་རྒྱུས་དག་ལ་ཤེས་རྟོགས་ཀྱིས་ནོར་འཁྲུལ་ཀྱི་ལམ་ལུགས་སམ་དུས་རབས་དང་མིའི་རིགས་ཡར་རྒྱས་སྤྱི་དང་མི་མཐུན་པའི་ལམ་སྲོལ་ངན་པ་སྐོར་ཞིག་སྤང་དགོས་པ་ཡོད་པ་མ་ཟད།བླ་ན་མེད་པའི་མི་རིགས་ཀྱི་རིག་དངོས་དང་ཤེས་རབ།བློ་གྲོས་ཀྱི་ཉིང་བཅུད་ལས་བྱུང་བའི་འཛུགས་སྐྲུན་དང་།ཐུན་མོང་མ་ཡིན་པའི་མི་ཚེའི་རིན་ཐང་ལྟ་བ།རང་བྱུང་ཁམས་ཆེན་མོ་སྲུང་སྐྱོབ་བྱེད་པའི་འཚོ་བ་སོགས་བླངས་ནས་རྒྱུད་འཛིན་དང་དར་སྤེལ།དེ་ལ་སློབ་སྦྱོང་དང་ཉམས་ཞིབ་བྱེད་རྒྱུ་དེ་ཡང་མ་འོངས་པའི་མི་རབས་ལ་བསམ་བློ་བཏང་ནས་བཤད་ན་ཇི་འདྲའི་ལས་འགན་དོན་སྙིང་ལྡན་པ་ཞིག་དང་རླབས་པོ་ཆེ་ཞིག་རེད་ཨང་།
     འཇིག་རྟེན་གྱི་དངོས་པོ་ཐམས་ཅད་ལ་སྐྱེ་འཇིག་ཡོད་པ་དང་བྱ་བ་ཐམས་ཅད་ལ་མཇུག་འབྲས་ཡོད་པ།འགྲན་རྩོད་ཐམས་ཅད་ལ་རྒྱལ་ཕམ་ཡོད་པས་ང་ཚོས་ཕམ་ཁ་མང་པོ་ཞིག་མྱངས་མྱོང་ལ་ཁྱོད་ཤི་ང་གསོན་གྱི་ནང་འཛིང་ཡང་མང་པོ་ཞིག་བྱས་ཡོད།ཡིན་ན་ཡང་།ང་ཚོས་ཕམ་ཁ་དང་ལེན་བྱེད་ཐུབ་ན་ང་ཚོས་ཅིའི་ཕྱིར་ཕམ་ཁའི་ཁྲོད་ནས་ཉམས་མྱོང་དང་བློ་སྤོབས་བཙལ་མི་ཐུབ།བོད་ཀྱི་ན་གཞོན་རྣམས་ལ་མཚོན་ན་མེ་སྟག་ལྟ་བུ་ཡིན་ཞིང་མེ་སྟག་འདི་ཚ་ཞིང་བསྲེག་པ་སྟོགས་ལྡན་ཞིག་ཏུ་བསྒྱུར་མ་ཐུབ་ཚེ་སྐད་ཅིག་མའི་རླུང་འཚུབ་དེས་ཀྱང་རྨག་མེད་དུ་གཏོང་ངེས་པས།མེ་སྟག་གིས་སྤང་ལྗོངས་བསྲེག་ཐུབ་ཞེས་པའང་དཔྱད་པའི་མཐའ་བསྐྱེད་དགོས་པ་ཞིག་ཡིན།ད་ལྟའི་མི་ཐོག་འདིའི་ཤེས་ཡོན་པ་རྣམས་ཀྱིས་ཀྱང་ལོ་གསུམ་གྱི་བྱིས་པ་དེ་ལ་དོན་ངོ་མའི་སློབ་གསོ་བཟང་པོ་ཞིག་དང་གཤིས་རྒྱུད་སློབ་གསོ་བཟང་པོ་ཞིག་བཏང་ན་མ་འོངས་པ་ལ་རེ་བ་མེད་ཞིག་ག་ལ་ཡིན།ཡོངས་ཀྱི་ཁས་ལེན་དང་སྙན་པར་གྲགས་པ་ཞིག་ལ་ཡོད་ཚད་བཅོལ་བའི་རེ་སྒུག་དེ་ནི་རྦད་དེ་ནོར་བ་ཞིག་ཡིན།རྒྱུ་མཚན་ནི་ང་ཚོ་ཚང་མ་བདེ་བ་འདོད་པ་དང་སྡུག་བསྔལ་མི་འདོད་པའི་དམིགས་ཡུལ་གཅིག་གི་དོན་ལ་འབད་མཁན་ཡིན་པས་གྲངས་ཉུང་བ་འདིའི་ནང་ནས་འཁྲབ་སྟོན་པ་དང་།འཁྲབ་ཁྲིད་པ།སྐད་གཏོང་བ།ལྟད་མོ་བ།དཔྱད་གླེང་བ་ཞིག་ཟུར་དུ་མེད་པ་དང་།ང་ཚོས་འཁྲབ་ཤེས་དགོས་ལ་ཁྲིད་ཡང་ཤེས་དགོས།ད་དུང་རང་ཉིད་ཀྱིས་རང་ཉིད་ཐེར་འདོན་ཡང་བྱེད་ཤེས་དགོས།
    དེས་ན་རྒྱལ་སྤྱི་ཡིན་ན་ཡང་ཆོག རྒྱལ་ནང་ཡིན་ན་ཡང་ཆོག བོད་མི་རིགས་ཡིན་ན་ཡང་ཆོག
     ད་ལྟའི་འཆམ་མཐུན་གྱི་སྤྱི་ཚོགས་དང་མ་འོངས་པར་འཆམ་མཐུན་གྱི་སྤྱི་ཚོགས་དང་ཤེས་རིག་དར་བའི་འཛམ་གླིང་མི་སྡེ་ཞིག་ཏུ་འགྱུར་དགོས་ན་ད་ལྟ་ནས་འགོ་རྩོམ་དགོས་པའི་བྱ་བ་ཞིག་རེད།ད་ལྟའི་སྤྱི་ཚོགས་ཀྱི་བདེ་སྐྱིད་ཀྱང་མིའི་རྒྱུ་སྤུས་དང་སློབ་གསོ་ལ་གཙིགས་ཆེན་བྱེད་དགོས་པ་དང་དེ་ནི་རྒྱུན་འཁྱོངས་བྱེད་དགོས་པ་ཞིག་ཡིན།བོད་ནང་ལ་དུས་རབས་སྔོན་མ་དང་བསྡུར་ན་འཛམ་གླིང་ལ་དོ་སྣང་ཡོད་པ་དང་ཤར་ནུབ་ཀྱི་རྒྱལ་ཁབ་དག་གི་རིག་གནས་དང་བསམ་བློ།སློབ་གསོ་སོགས་རིག་ཚན་མི་ཉུང་བ་ཞིག་དང་ལེན་དང་བརྗེ་བསྒྱུར་གྱི་རྣམ་པ་ཡག་པོ་ཞིག་ཡོང་བཞིན་ཡོད་པ་ནི་དུས་ཀྱིས་བྱིན་པའི་ཆོས་ཉིད་དང་ཁོར་ཡུག་གི་ཤུགས་རྐྱེན་ལས་དབང་མེད་དུ་བླངས་དགོས་བྱུང་བ་ཡང་ཡིན།ཡིན་ན་ཡང་།འཇིག་རྟེན་འདིའི་སྟེང་གི་འདུས་བྱས་ཡོད་དོ་ཅོག་ལ་རྒྱུ་རྐྱེན་དང་གནས་ལུགས་ངེས་ཅན་ཞིག་གིས་བཟུང་ཡོད་པ་དང་།རླབས་ཆེན་གྱི་ཚན་རྩལ་དང་ལག་རྩལ་དེའི་ནང་མིའི་རིགས་ལ་ཕན་ཐོགས་ཡོད་པ་དང་རང་མི་རིགས་ཀྱི་འདུ་ཤེས་དང་འཕྲོད་པ།རང་མི་རིགས་ཀྱི་འཚོ་བ་ལ་ཐད་ཀར་ཕན་ཐོགས་ཡོད་པ་ཞིག་ཡིན་དགོས་པ་ལས་བྱེད་ནུས་དང་སྙན་གྲགས་ཙམ་ལ་ཞེན་ནས་ཤུགས་ཆེན་བཏོན་ཡང་བདེ་སྡུག་གང་ཡང་ཐག་གཅོད་ཐུབ་ཀྱི་མི་འདུག བོད་རིག་པ་སྨྲ་བར་ཁས་འཆེ་བ་འགའ་རེས་རང་མི་རིགས་འདིའི་འདུ་ཤེས་རྩ་ནས་ནོར་སོང་ཚུལ་དང་བསམ་བློ་བསྒྱུར་བཅོས་གཏོང་དགོས་ཚུལ་གྱི་གཏམ་ཆ་མ་ཆོལ་ལབ་མཁན་ཡང་བྱུང་།དེའི་མཇུག་འབྲས་ནི་དམིགས་ཡུལ་གཞན་ཞིག་སྟེ་སྟེང་གི་བཀོད་པ་ཡང་བརླག་འདོད་པ་ཞིག་མ་ཡིན་ན་ནི་གནས་སྐབས་ཀྱི་འུར་ཟིང་བཟོ་མཁན་ཞིག་གི་ལས་ལས་ཅི་ཡང་མི་འདུག་གོ།འདི་ནི་གཅིག་བྱས་ན་བྱིས་པའི་ལབ་བརྡོལ་ལྟ་བུར་སོང་འདུག་ཀྱང་རེ་ཞིག་ལན་འདི་ལྟར་གདབ་པར་བྱ་སྟེ།བོད་མི་རིགས་དང་མི་དམངས་ལ་སོ་སོའི་མི་ཚེའི་རིན་ཐང་དང་ལྟ་སྟངས་ཞིག་ཡོད་པ་དེ་ནི་ལོ་ངོ་སྟོང་ཕྲག་དུ་མའི་རིང་བོད་ཀྱི་རིག་གནས་དང་འདྲེས་ནས་བྱུང་བ་ཞིག་རེད།གལ་ཏེ་འདུ་ཤེས་བསྒྱུར་དགོས་ཚེ་རིག་གནས་གསར་བསྒྱུར་བྱེད་དགོས་ལ་རིག་གནས་གསར་བསྒྱུར་བྱས་ཚེ་མི་རིགས་ཀྱི་ཡོད་ཚད་འགྱུར་བའི་འགོ་ཚུགས་ཟིན་པས།མི་རིགས་ཀྱི་ཆ་ལུགས་དང་སྡོད་སྟངས།གོམས་གཤིས་སོགས་འགྱུར་ཚར་བའི་རྗེས་སུ་ཁྱེད་ལ་བོད་མི་རིགས་དང་བོད་རིག་པ་ཟེར་བའི་ཁྱེད་ཀྱི་ཆོ་ལོ་དེ་ཡང་འཇའ་ཚོན་ཀྱི་རྗེས་སུ་འགྲོ་བ་ཡིན་ནོ།།
སླར་སྨྲས་པ།
རིགས་ཀྱི་ཆེ་བ་སྲིད་པའི་རྩེ་མོ་ན་འཕུར་ཞིང་།།
སྐད་ཀྱི་རིག་གནས་འཛམ་གླིང་བང་མཛོད་ན་མཚེར་བའི།།
གངས་ཀྱི་རི་ལ་གནས་བཅས་བོད་མི་ཡི་དོན་དུ།།
གཏམ་གྱི་གླེང་མོ་མདོར་ཙམ་གསོང་བོར་ནི་བརྗོད་དོ།།

གང་དག་ཕྱོགས་འཛིན་གདུང་བའི་ཚིག་སྣེ་དེ་མེད་ལ།།
རང་ཕྱོགས་བསྟོད་པའི་ཟོལ་གྱི་ཁ་བཏགས་ཡང་མེད་པར།།
ཤེས་ལྡན་ཡོངས་ལ་དཔྱོད་པའི་སྤྱི་ཆིངས་ཀྱི་ཚུལ་དུ།།
སྨྲ་བའི་སོར་མོ་འདི་ནི་དེ་ཙམ་དུ་བསྒྱུར་རོ།།
ཞེས་པ་འདི་ཡང་གངས་ཅན་ལྷོ་ཡི་ཕྱོགས་སུ་སྐྱེས་ཤིང་ཐ་སྙད་རིག་གནས་དག་ལ་བློ་གྲོས་ཀྱི་འཇུག་པ་ཅུང་ཟད་ཡངས་པ་འབུམ་པའི་རིགས་ཀྱི་མྱུ་གུར་བློ་བཟང་དམ་ཆོས་སམ་ངག་རིག་སྨྲ་བའི་སྐད་དུ་རོང་བོ་རྒྱལ་སྲས་སུ་འབོད་པས་རབ་རྒྱན་ལྕགས་སྟག་ལོའི་དགུན་ཟླ་ར་བར་རྒྱ་བོད་ཀྱི་ཚོང་འདུས་ཆེན་མོ་རྒྱ་ནག་དར་རྩེ་མདོར་འབོད་པའིཡུལ་གྱི་་རང་སྤྱིལ་ལྔ་རིག་ལྡིང་ཁང་དུ་རྫོགས་པར་བྲིས་སོ།།

                                  ༼སྤྱི་ལོ་༢༠༠༧ལོར་མདོ་ཁམས་ལི་ཐང་དུ་མཐོ་འབྲིང་དབྱིན་བོད་ཟབ་སྦྱོང་འཛིན་གྲའི་ཐོག་གི་གཏམ་བཤད༽
     འོ་ཡ།དེ་རིང་ང་ཚོ་རིགས་རུས་གཅིག་པ།སྐད་དང་ཡི་གེ་གཅིག་པ།ཆ་ལུགས་སྡོད་སྟངས་མཐུན་པ།དམིགས་ཡུལ་གཅིག་གི་སྒོ་ནས་འདི་ནས་མཉམ་འཛོམས་བྱུང་སོང་།ཐོག་མར་ངས་འདི་ནས་ན་གཞོན་ཁྱེད་རྣམས་ལ་རིག་གནས་དོན་གཉེར་དང་ཕུགས་བསམ་རྒྱང་རིང་པོ་ཡོད་པར་རྗེས་སུ་ཡི་རང་བྱས་པ་ཡིན།ཡིན་ནའང་མཐོང་སྣང་གཞན་ཞིག་གི་ཐོག་ནས་ང་ཚོས་རྒྱུས་ལོན་ཅིག་བྱས་པ་ཡིན་ན།ཁྱོད་རང་ཚོ་སློབ་གྲ་འགྲིམས་ནས་ལོ་ངོ་བཅུ་ལྷག་འགོར་ཡོད་པ་ཏག་ཏག་ཡིན་ཡང་བོད་ཡིག་གི་ཆུ་ཚད་དེ་སྤྱིའི་ཆ་ནས་སློབ་ཆུང་གི་རྨང་གཞིའི་ཤེས་ཡོན་ལ་ཡང་སླེབས་མི་འདུག་པ་ནི་བདག་གི་མཐོང་སྣང་ལ་ཡིད་སྐྱོ་བོའི་ཚད་ཞིག་ཡིན་པ་དང་ད་དུང་མི་མཐུད་དུ་འདི་ལྟར་སོང་ཚེ་ས་འདི་ནས་བོད་ཡིག་གི་ལས་དབང་དེ་ཆོས་འདོན་མཁན་ལ་མ་གཏོགས་མཁོ་མེད་དུ་འགྱུར་བའི་ཉེན་ཁ་ཆེ།བདག་གིས་བསམ་ན་ཤ་དང་རུས་པ་བོད་པ་ཡིན་ཞིང་རིགས་ཀྱི་ཞེན་ཁ་བོད་ཡུལ་ལ་བཅོལ་བའི་གངས་རིའི་བུ་ཕྲུག་ཅིག་གི་མིང་དོན་གནས་འགྱུར་བསམ་ཚེ་ཐོག་མར་རང་རིགས་ཀྱི་སྐད་སྨྲ་ཤེས་པ་དང་རང་རིགས་ཀྱི་སྐད་ཡིག་རིག་གནས་ཏོག་ཙམ་ཤེས་མཁན་ཞིག་ཆགས་དགོས་ཀྱི་རེད་སྙམ་གྱི་འདུག
    ངའི་རེ་བ་ལ་ཐེངས་འདིའི་བོད་ཀྱི་ལོ་རྒྱུས་དང་སུམ་རྟགས་རིག་པའི་སློབ་ཁྲིད་འདི་ལ་ཟབ་ཟབ་ཀྱིས་སློབ་སྦྱོང་དང་གལ་ཆེན་འགངས་ཆེན་གྱིས་དོན་གཉེར་ཅིག་བྱེད་ཐུབ་པ་ཡིན་ན་བོད་ཀྱི་རིག་གནས་ཞེས་པ་རྒྱ་ཆེ་ས་ནས་ཤེས་སོང་བ་ཞིག་མ་ཡིན་ཡང་གཅིག་ནས་རང་གི་ཤེས་ཡོན་དང་བསམ་བློ་ཕུན་སུམ་ཇེ་ཚོགས་སུ་ཡོང་བ་དང་།སྒོས་སུ་ཐེངས་འདིའི་ཟབ་སྤྱོང་འཛིན་གྲ་ལ་ཞུགས་པའི་དོན་སྨིན་ཡང་འདུག་པས་བོད་རིགས་གཞོན་ནུ་དག་གི་སྤོབས་སེམས་རྒྱས་ནས་ཉིན་ཉི་ཤུའི་རིང་གི་སློབ་སྦྱོང་འདིར་སྡུག་རུས་ཧུར་ཐག་གནང་རྒྱུའི་རེ་འདུན་སྙིང་ཁོང་རུས་པའི་གཏིང་ནས་ཞུ་བ་ཡིན།
    དོན་དག་གཞན་ཞིག་ལ་ཁྱོད་ཚོ་ནི་ས་ཆ་འདི་ལས་རྒྱ་ཆེ་ལ་ཁོར་ཡུག་ཕུན་སུམ་ཚོགས་པའི་གྲོང་ཁྱེར་ནས་ཡོང་བ་ཡིན་པས་ཁྱོད་ཚོ་ལ་བཟང་ཆ་མང་ལ་ཞན་ཆ་ངན་པའི་བྱ་སྤྱོད་ཆ་མ་ཆོལ་ཡང་ཡོད་པའི་ཆ་ནས་གྲོང་གསེབ་ཀྱི་སློབ་གྲོགས་འདི་དག་ནི་ཁྱོད་ཚོ་དང་བསྡུར་ན་ཕྱོགས་གང་ཅིའི་ཐད་དངས་གཙང་གི་འཁའ་དབུགས་ཅིག་གིས་བཟུང་ནས་ཡོད་པས་བདག་གི་རེ་བ་ལ་སྤྱོད་པ་ངན་པའི་དཔེ་སྟོན་མི་བྱེད་པར་རང་ཉིད་ཀྱི་ནུས་པ་དང་ཤེས་བྱ་དག་རྒྱུད་སྒྲོག་གིས་བག་ཆགས་ཡག་པོ་ཞིག་བསྐྲུན་རོགས་བྱེད་པ་དང་།སོ་སོའི་སྤྱོད་ངན་དང་རྒྱས་སྤྲོས་ཀྱི་འཚོ་བ་སོགས་ལ་གང་འཚམ་བསམ་ཤེས་བྱེད་རྒྱུ་དང་འབྲེལ་ཡོད་སློབ་གྲའི་སྒྲིག་ལམ་ཡང་ལུང་བ་འདི་དང་བསྟུན་པའི་དམིགས་བསལ་ཅན་འགའ་རེ་ཡོད་པ་ཡིན་ན་དེ་ལ་ཡང་བརྩི་འཇོག་གིས་ལུགས་མཐུན་དུ་གནས་རོགས་ཞུ་རྒྱུ་ཡིན།

                                           ༼སྟོན་མཇུག་གི་སེམས་པ༽
               ལྷ་ས།
སྔོན་ཚེ་ཆོས་རྒྱལ་མེས་པོའི་ཞབས་རྗེས་དང་།།
དུས་འགྱུར་ལང་ཚོ་ཟད་པའི་རི་མོ་གཉིས།།
གཅིག་རྗེས་གཅིག་གིས་སྣོན་པའི་ཚོར་འདུ་ཡིས།།
ས་ལ་གོམ་པའི་འདེག་འཇོག་རབ་ཏུ་ལྕི།།
              ལྷོ་ཁ།
ལྗོངས་ཡངས་རབ་མཛེས་ཚོན་གྱི་མདངས་ལ་མཁུ།།
རྩལ་གསུམ་རིག་པའི་ཡལ་འདབ་མ་འཐོར་ཙམ།།
གཞན་དག་བཙོང་པའི་བཙན་པོའི་གྲུ་ཟུར་ན།།
ཀླད་དཀར་སྣུམ་གྱིས་སྤགས་པའི་མཐོང་སྣང་ཞིག།
            སེ་འབྲས་དགེ་གསུམ།
སྔོན་སྦྱངས་བག་ཆག་བཟང་པོའི་རྟེན་འབྲེལ་དང་།།
མཐུན་རྐྱེན་བསོད་ནམས་བསོག་པའི་ཉེར་འབྲས་ཀྱིས།།
རྒྱལ་བའི་མདོ་སྔགས་ཐང་མར་བརྡལ་བའི་གཞིར།།
མི་ལྡོག་ཤུགགས་ཀྱིས་བགྲོད་པ་ཅིས་མི་མཚར།།
             རང་ཉིད།
འདི་སྣང་ཟ་ཟིའི་སྒྱུ་མས་ཡིད་དབང་དེ་བསླད་ཅིང་།།
ཆོས་བརྒྱད་དུག་གི་འགོང་བོར་སྙིང་ཆུང་ཡང་འདྲིས་ནས།།
གང་དྲན་འདི་སྤྱོད་མེད་པའི་སྨྱོ་འཆལ་གྱི་ལས་ཀྱིས།།
ཚེ་ཡི་མཐའ་ལ་གཏུགས་པར་ཡིད་སེམས་འདི་སྐྱོ་བ།།
ཡིད་བརྟན་ཅི་ཡང་མེད་པའི་འཁོར་བ་ཡི་ཆོས་འདི།།
ངོ་མ་ཤེས་ལ་ངང་ནས་དབང་མེད་དུ་བཟུང་ཞིང་།།
སྔར་བྱས་དམ་བཅའ་ས་ཆུའི་རི་མོའི་བཞིན་ཡལ་དུས།།
ད་ལྟའི་ལས་ལ་འགྱོད་པའི་ཤུགས་རིང་ཞིག་ཤོར་སོང་།།
ཡིན་ཡིན་བདེན་བདེན་གནས་ལུགས་ཙམ་པོ་ལ་བརྟེན་ནས།།
སེམས་ཅན་འདྲེན་པའི་སངས་རྒྱས་ད་ཐོབ་ན་སྙམ་ཞིང་།།
གང་ཆེ་གང་ཟབ་དག་ལ་མུན་སྤྲུལ་གྱིས་འཆད་པ།།
ཟག་མེད་དགེ་བ་གང་ལས་ཡ་མཚན་ཆེར་འཁྲུལ་ལོ།།
ལུས་སེམས་ལྷོད་ལ་བབ་པའི་གནས་སྐབས་དེ་ཉིད་ན།།
ཆོས་བརྒྱད་གདན་བཞིན་བརྫིས་པའི་རྒྱལ་སྲས་དེ་ཡིན་ཞིང་།།
མི་སྙན་གཏམ་གྱི་ཚེར་མ་ཐད་ཀར་དུ་བྱུང་ན།།
རླུང་གི་རང་བཞིན་གཡོ་བའི་གཤིས་ལུགས་དེ་བསྟན་སོང་།།
ངོ་བོར་དཔྱད་ན་འཁོར་བའི་དཔྱང་ཐག་རང་ལགས་ཤིང་།།
རྣམ་པའི་ངོས་ན་བདེ་སྡུག་རེས་མོས་སུ་བྱུང་ནས།།
རང་སེམས་བེད་མེད་ལས་ངན་འཁོས་ཆུང་ལ་འདོགས་པའི།།
འཇིག་རྟེན་ཕལ་གྱི་འཚོ་བར་ཞེ་སྨོན་དེ་ཤོར་འདུག།།
བླ་མ་སངས་རྒྱས་བྱིན་རླབས་སྙིང་རུས་སུ་འཐིམས་ནས།།
སྲིད་ལ་སྐྱོ་ཤས་དྲག་པོའི་ངེས་འབྱུང་དེ་ཐེབས་ཤོག།།
ནམ་ཞིག་རྟེན་འབྲེལ་ཟབ་མོའི་ཆོས་ཉིད་དེ་རྟོགས་པར།།
ད་དུང་ཚོགས་གཉིས་རྩ་བ་སྙིང་རྗེ་དེ་རྒྱས་ཤོག།

                                         ༼ སྤྱི་ལོ་༢༠༠༩ལོའི་མཐོ་རིམ་འཆད་ཁྲིད་ཅིག་གི་གཏམ་བཤད་ཟིན་བྲིས༽
     སྤྱི་ལོ༢༠༠༩ལོའི་སྤྱི་ཟླ་༦པའི་ཚེས་༢༨ཉིན་ཀྲུང་གུང་ཀྲུང་དབྱང་མཐབ་ཕྱོགས་གཅིག་གྱུར་པུའུ་དང་།རྒྱལ་མི་རིགས་དོན་གཅོད་འུ་ཡོན་ལྷན་ཁང་གི་ཀྲུའུ་རིན་ཡང་ཅིན་དང་།སི་ཁྲོན་ཞིང་ཆེན་མི་རིགས་དོན་གཅོད་འུ་ཡོན་ལྷན་ཁང་གི་འགོ་ཁྲིད་དང་རང་སྐྱོང་ཁུལ་གྱི་འགོ་ཁྲིད་རྣམས་ངེད་སི་ཁྲོན་ཞིང་ཆེན་བོད་ཡིག་སློབ་གྲར་བྱ་བའི་གཟིགས་ཞིབ་དུ་ཕེབས་སྐབས་བོད་ཀྱི་རིག་གནས་ཆེ་བ་ལྔའི་འཆད་ཁྲིད་སློབ་དཔོན་དགོས་པར་ཐུག་ནས་བོད་ཀྱི་ཚད་མ་རིག་པའི་འཆད་ཁྲིད་སློབ་ཚན་དེ་བདག་ལ་སྐུལ་བ་ལྟར་གཏམ་གླེང་ཙམ་དུ་༼ཚད་མ་རིག་པའི་སློབ་སྦྱོང་དེ་ནི་རིག་གནས་ཐམས་ཅད་སྦྱོང་བ་ལ་ཕན་ཐོགས་ཡོད་པ་ཞིག་རེད༽ཅེས་པ་ནས་སྤྲོས་པ་ཡིན།
དེ་ལ་འདིར་བོད་ཀྱི་ཚད་མ་རིག་པའི་སློབ་ཁྲིད་མདོར་ཙམ་བྱེད་པ་ལ།འོ་ལགས་སོ།།ད་རེས་ང་ཚོས་བོད་ཀྱི་རིག་གནས་ཆེ་བ་ལྔའི་ནང་གི་ཚད་མ་རིག་པའི་སྐོར་དེ་ཅུང་ཙམ་བརྗོད་ན།
སྤྱིར་ཚད་མ་རིག་པ་དེ་ལ་ཆོས་ལུགས་ཀྱི་གྲུབ་མཐའི་དབང་དུ་བྱས་ནས་དབྱེ་ན་གཙོ་ཆེར་ནང་བ་སངས་རྒྱས་པའི་ཚད་མ་རིག་པ་དང་།ཕྱི་རོལ་བའི་ཆོས་ལུགས་ཀྱི་ཚད་མ་རིག་པ་གཉིས་ཡོད་པ་དང་།ང་ཚོ་བོད་ལ་དར་བའི་ཚད་མ་རིག་པ་ནི་ནང་བ་སངས་རྒྱས་པའི་ཚད་མ་རིག་པ་དེ་ཡིན་ཞིང་།ནང་བའི་ཚད་མའི་གཞུང་ལུགས་ཀྱི་ཁུངས་དེ་ཡང་སངས་རྒྱས་ཤཀྱ་ཐུབ་པའི་ཆོས་འཁོར་རིམ་པ་གསུམ་གྱི་བརྗོད་བྱ་ལས་དྲངས་པ་ཡིན་པ་སྟེ།ཆོས་བཅུ་པའི་མདོ་ལས།དུ་བ་ལས་ནི་མེར་ཤེས་དང་།།ཆུ་སྐྱར་ལས་ནི་ཆུར་ཤེས་ལྟར།།བྱང་ཆུབ་སེམས་དཔའ་བློ་ལྡན་གྱི།།རིགས་ནི་མཚན་མ་དག་ལས་ཤེས།།ཞེས་པས་འབྲས་རྟགས་དང་།དེ་ལ་བརྟེན་པའི་རྗེས་དཔག་བསྟན་པ་དང་།མངོན་པའི་མདོ་ལས་ཀྱང་།མིག་གི་རྣམ་པར་ཤེས་པས་སྔོན་པོ་ཤེས་ཀྱི་སྔོན་པོའོ་སྙམ་དུ་ནི་མིན་ནོ།།ཞེས་དང་།མིག་དང་གཟུགས་ལ་བརྟེན་ནས་མིག་གི་རྣམ་པར་ཤེས་པ་སྐྱེའོ།།ཞེས་སོགས་ཀྱིས་དབང་པོའི་རྐྱེན་མངོན་སུམ་དང་བཅས་པ་བསྟན་པ་དང་།གང་ཅུང་ཟད་སྐྱེ་བའི་བདག་ཉིད་ཅན་དེ་ཐམས་ཅད་ནི་འགག་པའི་ཆོས་ཅན་ནོ།།ཞེས་སོགས་ཀྱིས་རང་བཞིན་གྱི་རྟགས་དང་དེ་ཉིད་བརྗོད་པའི་སྒྲུབ་ངག་བསྟན་ལ།ངའམ་ང་འདྲ་བས་གང་ཟག་གི་ཚོད་བཟུང་གི་ཞེས་པས་སྣང་རུང་མ་དམིགས་པའི་རྟགས་དང་།གང་ཟག་གིས་གང་ཟག་གི་ཚོད་གཟུང་བར་མི་བྱ་ཞེས་པས་མི་སྣང་བ་མ་དམིགས་པའི་རྟགས་གསུངས་ཤིང་།བཅོམ་ལྡན་འདས་ལ་ཀུན་ཏུ་རྒྱུ་སེན་རིངས་ཀྱིས་གསོལ་བ།གཱོཏ་མ་བདག་གིས་ཐམས་ཅད་མི་བཟོད་དོ།།བཀའ་བསྩལ་བ།མི་བཟོད་ཅེས་པའི་ཚིག་དེ་བཟོད་དམ་མི་བཟོད།བཟོད་ན་ཐམས་ཅད་མི་བཟོད་པ་ཉམས་སོ།།མི་བཟོད་ན་མི་བཟོད་པ་བཟོད་ན་བཟོད་པ་དེ་ཉིད་ཡིན་ཏེ་ཞེས་སོགས་ཀྱིས་ཐལ་བ་དང་སུན་འབྱིན་བསྟན་པ་དང་།འདི་ཡོད་པ་ན་འདི་འབྱུང་ཞེས་སོགས་ཀྱིས་འབྲེལ་བ་བསྟན་པ་སོགས་མདོ་སྡེ་དུ་མ་ལས་བརྟེན་ནས་དར་སྤེལ་བྱུང་ཡོང་བ་ཞིག་ཡིན་པ་ལས་དེང་སང་གི་ཟེར་སྒྲོས་ལ་ལ་ལྟར་དང་པོ་རང་ནས་རྟོག་གེའི་རིག་པ་ཡིན་པ་དང་ཕྱོགས་གླང་ཡང་དང་པོ་ཕྱི་རོལ་བ་ཡིན་པ་དེས་རྗེས་ཀྱི་ནང་བའི་ཚད་མའི་སྲོལ་འབྱེད་ཀྱི་ཆ་རྐྱེན་དུ་གྱུར་བ་རེད་སོགས་ནི་ཕྱོགས་གཅིག་མཐོང་ནས་ཕྱོགས་གཅིག་མ་མཐོང་བའི་སྐྱོན་འདུག་པས་དེ་དག་ལ་ཞིབ་ཏུ་དཔྱོད་པར་འདོད་ན་རྗེ་བདག་ཉིད་ཆེན་པོའི་གསུང་དང་མཁས་གྲུབ་རྗེའི་སྡེ་བདུན་རྒྱན་སོགས་ལ་བློ་གྲོས་ཀྱི་འཇུག་པ་ཡངས་པར་གྱིས་ཤིག
      དེ་ལྟར་ནའང་ནང་བའི་ཚད་མ་རིག་པ་ཞེས་ཟུར་དུ་སློབ་སྦྱོང་བྱེད་རྒྱུ་དེ་སློབ་དཔོན་ཕྱོགས་གླང་ལ་ཐུག་པའི་བར་དུ་ཚུགས་མེད་པ་དང་།སློབ་དཔོན་ཕྱོགས་གླང་ནི་དང་པོ་ཕྱི་བའི་ཆོས་ལུགས་ཀྱི་རྗེས་སུ་འབྲངས་པའི་རྟོག་གེའི་རིགས་པ་ལ་མཆོག་ཏུ་མཁས་པ་ཞིག་ཡིན་ཞིང་།རྗེས་སུ་ནང་བའི་སློབ་དཔོན་ཆེན་མོ་དབྱིག་གཉེན་དང་མཇལ་ནས་སངས་རྒྱས་ཀྱི་སྡེ་སྣོད་གསུམ་ལ་ཞིབ་ཏུ་སྦྱངས་པས་རིགས་པ་མཆོག་ཏུ་གྱུར་བས་ཡིད་དབང་མེད་དུ་དྲངས་ཏེ་སངས་རྒྱས་པའི་ལུགས་ལས་བྱུང་བའི་ཚད་མའི་བསྟན་བཅོས་ཐོར་བུ་བརྒྱ་རྩ་གྲགས་ཤིང་།ཕྱིས་སུ་ཁོང་གིས་ཐོར་བུ་དེ་རྣམས་ཕྱོགས་གཅིག་ཏུ་བསྡུས་པའི་བསྟན་བཅོས་༼ཚད་མ་མདོ་ཀུན་ལས་བཏུས་པ༽ཞེས་པ་མཛད་པ་ལ་བརྟེན་ནས་ནང་བའི་ཚད་མ་རིག་པའི་ཁྱད་ཆོས་གསར་དུ་བཏོད་དོ།།
དེའི་ཚུལ་ནི།ཚད་མར་གྱུར་བ་འགྲོ་ལ་ཕན་བཞེད་པ།།
སྟོན་པ་བདེ་གཤེགས་སྐྱོབ་ལ་ཕྱག་འཚལ་ཏེ།།
ཚད་མ་སྒྲུབ་ཕྱིར་རང་གི་གཞུང་ཀུན་ལས།།
བཏུས་ཏེ་སྣ་ཚོགས་འཐོར་རྣམས་འདིར་གཅིག་བྱ།།ཞེས་པ་འདི་ལ་བརྟེན་ནས་ནང་བའི་ཚད་མའི་དགོངས་པ་དང་བཅས་པ་འཆད་པར་བྱ་བ་མང་དུ་ཡོད་མོད་འདིར་རྒྱས་པར་མི་བྱ་ཞིང་སྤྲོ་ན་རྣམ་འགྲེལ་ཐར་ལམ་གསལ་བྱེད།རྟ་ནག་རྣམ་འགྲེལ་སོགས་ལ་བལྟ་བར་བྱོས།ཕྱོགས་གླང་གི་རྗེས་སུ་ཁོང་གི་སློབ་མ་དབང་ཕྱུག་སྡེ་དང་།དེའི་སློབ་མ་སློབ་དཔོན་ཆོས་ཀྱི་གྲགས་པས་ཚད་མ་སྡེ་བདུན་བརྩམས་ནས་ནང་བའི་ཚད་མའི་གཞུང་ལུགས་རྒྱ་ཆེར་དར་བར་བྱས་སོ།།
     བོད་གངས་ཅན་གྱི་ལྗོངས་སུ་བསྟན་པ་སྔ་དར་ལ་ཚད་མའི་བསྟན་བཅོས་འགའ་བོད་སྐད་དུ་བསྒྱུར་ཡང་འཆད་ཉན་དར་མ་ཐུབ།དེའི་ཚུལ་བདག་གིས་བརྩམས་པའི་༼གངས་ཅན་རིག་པའི་དཔྱོད་མིག༽དཔེ་དེབ་ལ་གཟིགས་པར་ཞུ།བསྟན་པ་ཕྱི་དར་ལ་ཚད་མ་སྡེ་བདུན་སོགས་ཚད་མའི་བསྟན་བཅོས་མང་པོ་བོད་སྐད་དུ་འགྱུར་བ་ལ་འགྱུར་བཅོས་ཀྱིས་འཆད་ཉན་ཡང་ཤིན་ཏུ་དར་ལ།ལྷག་པར་ཚད་མ་རིག་པ་དེ་བོད་ཀྱི་མཁས་པའི་ཁྱད་ཆོས་སུ་གྱུར་བའི་རྩོད་པ་ཞེས་རྒྱ་ཆེར་དར།དེང་སྐབས་ཀྱང་བོད་ཀྱི་ནང་བསྟན་ཆོས་ལུགས་དར་སའི་ཡུལ་སྡེ་དང་དགོན་པ།སློབ་གྲ་སོགས་ནའང་བོད་ཀྱི་ཚད་མ་རིག་པའི་རྩོད་ཚུལ་དེ་དར་ཞིང་རྒྱས་པ་རེད།
     སྤྱིར་རྩོད་པ་ནི་གཅིག་གིས་དོན་གནད་གལ་ཆེན་ཞིག་དྲི་བ་བཏོན་ནས་གཅིག་གིས་ལན་འདེབས་པ།དེ་ལ་ཅིག་ཤོས་ཀྱིས་རྒྱུ་མཚན་གཞན་གྱི་སྒོ་ནས་དགག་པ་གཏོང་བ་སོགས་མདོར་ན་རིག་གཞུང་ལ་བགྲོ་གླེང་བྱེད་པ་ལ་ཟེར།དེས་ན་ཚད་མའི་གཞུང་གི་རྩོད་པ་དེ་ལ་ནང་ཆོས་ཀྱི་བརྗོད་བྱའི་དོན་ལ་སོ་སོའི་གོ་སྟོབས་དང་འབྲེལ་བའི་གནས་ལུགས་དང་རྒྱུ་མཚན་གྱིས་བརྟག་ཆོད་ཐུབ་པའི་སྒོ་ནས་དེ་དོན་ཡང་དག་པ་ཞིག་རྒྱུད་ལ་སྐྱེ་བའི་ཐབས་སུ་གྱུར་བ་ཞིག་ཡིན་ཞིང་།རྩོད་པའི་ཚུལ་ཡང་།ས་སྐྱ་པན་ཆེན་གྱིས།ཆོས་དང་མཐུན་པའི་རྩོད་པ་ལ།།ལོག་རྟོག་བཟོག་ཕྱིར་བརྩད་བྱ་ཡི།།ཆགས་སྡང་དབང་གིས་རྒྱལ་འདོད་དང་།།ཕ་རོལ་ཕམ་པ་བསྐྱེད་ཕྱིར་མིན།།ཞེས་གསུངས་ཤིང་།རྩོད་པ་བྱེད་པའི་དགོས་དོན་དེ་ཡང་སོ་སོའི་རྒྱུད་ཀྱི་ཐེ་ཚོམ་དང་ལོག་རྟོག་སེལ་བར་བྱེད་པ་ཞིག་དགོས་ཏེ།སློབ་དཔོན་དབྱིག་གཉེན་གྱིས།གང་ཞིག་རྒྱལ་འདོད་འབའ་ཞིག་གིས།།རྩོད་སྨྲ་དམ་པ་མ་ཡིན་གྱིས།།དེ་ཉིད་སོམ་ཉིད་ངེས་པར་བྱེད།།ཞེས་གསུངས་པ་དང་།དེང་སང་འགའ་རེས་རྩོད་པ་དེ་ཡང་ཕན་ཚུན་གྱི་ཕྱོགས་འཐེན་དང་གཞན་གྱི་ཁ་རྒོད་གཅོག་པར་འདོད་པ་ལྟ་བུ་ཞིག་ཏུ་བཟུང་ནོར་བ་ཡིན་ཞིང་དེའི་ཚུལ་རྒྱས་པར་གོང་གི་བདག་གི་དཔེ་ཆ་དེ་ལས་ཤེས་པར་བྱ་ཞིང་།སུ་རྒྱལ་སུ་ཕམ་ཞེས་པ་ལྟར་འཇིག་རྟེན་གྱི་དབང་ཐང་རྩོད་པ་མ་ཡིན་པར་རྒྱུ་མཚན་དོན་གྱིས་གནད་དོན་བཀྲོལ་བའམ་ནོར་བ་སེལ་བཞིག་ཡིན་པ་དང་།ས་པན་གྱིས།དེས་ན་མཁས་པས་གྲུན་མཐའི་སྐྱོན།།གཟུ་བོར་བརྗོད་པས་ཚར་གཅད་ཀྱི།།གང་ཟག་སྐྱོན་དང་བདག་བསྟོད་པ།།ངན་འགྲོའི་རྒྱུ་ཕྱིར་མཁས་པས་སྨད།།ཞེས་གསུངས་པ་གནད་ཆེའོ།།
     འོ་ཡ།དེས་ན་ངས་བསམ་ན་ཚད་མ་རིག་པ་ཞེས་པ་འདི་ལ་དངོས་ཀྱི་བརྗོད་བྱ་དང་ཤུགས་ཀྱི་བརྗོད་བྱ་གཉིས་སུ་ཕྱེ་ནས་བརྗོད་ཆོག་སྙམ།དངོས་ཀྱི་བརྗོད་བྱ་ཟེར་བ་ནི་ཚད་མ་རིག་པ་འདིའི་ནང་རྒྱུ་མཚན་དང་རིགས་པས་དཔྱད་སྟངས་ཞིག་ཡོད་པ་དེ་ནི་དེང་སྐབས་ཀྱི་རིག་གནས་སྣ་ཚོགས་ལ་སྦྱར་ཏུ་བཏུབ་པ་དང་།ཚད་མ་རིག་པ་དང་མཚན་ཉིད་རིག་པ་གཉིས་ཀ་རྒྱུ་མཚན་ལ་དཔྱོད་པ་འདྲ་བས་མཚུངས་ཟེར་བ་དང་།བོད་ཀྱི་མཐོ་རིམ་སློབ་གྲ་ཁག་ཏུ་སློབ་ཚན་དུ་བེད་སྤྱོད་བྱེད་པའི་དགོས་དོན་གཙོ་བོ་དེ་རེད་སྙམ།
    དེའི་ཚུལ་ནི་རྩོད་པའི་ཁ་དཔེར།ཡིན་པ་མིན་པ་བུད་ན་བསྡུས་གྲྭར་བྱང་བའི་རྟགས།ཡིན་པ་མིན་པར་སྒྲུབ་ན་བསྡུས་གྲྭར་བྱང་བའི་རྟགས།ཞེས་ཟེར་བ་དང་།བསམ་བློ་གཏོང་མྱུར་བ་དང་།ཀླད་པ་གསལ་དྭངས།གཏམ་བཤད་མཁས་ལ་མགྱོགས་པ།རྒྱུ་མཚན་ལྡན་པ་སོགས་འདི་ནི་ཚད་མ་རིག་པའི་དངོས་ཀྱི་བརྗོད་བྱའམ་ནུས་པ་རེད་འདོད།
    ད་ལྟ་ང་ཚོས་སྦྱོང་བཞིན་པའི་ཚད་མ་རིག་པ་འདིའི་ཤུགས་ཀྱི་བརྗོད་བྱ་ནི་ནང་བའི་ཆོས་ཀྱི་བདག་མེད་སོགས་རིགས་པས་གཏན་ལ་ཕབ་པའི་ནང་ཆོས་ཀྱི་ཡན་ལག་ཏུ་གྱུར་ཡོད་པ་ཞིག་ཡིན་ནའང་།མ་འོངས་པའི་ཤེས་རིག་དར་བའི་རྩེ་མོར་སོན་ཚེ་རིག་གནས་གཞན་དག་ལའང་ཚད་མ་རིག་པའི་ནུས་པ་ཆ་ཚང་འདོན་པར་བྱེད་ཐུབ་ཀྱང་སྲིད།དེ་ལྟར་བཤད་ན་འགའ་རེས་དེ་ལྟར་གྱུར་ཚེ་ཚད་མའི་ཁྱད་ཆོས་བོར་སོང་བ་རེད་སྨྲ་མཁན་འདུག་ཀྱང་།དེ་ནི་སེམས་ཁྲལ་ཆེར་བྱེད་མི་དགོས་སྙམ།གང་ཡིན་ཟེར་ན་ཚད་མ་རིག་པ་ནི་ནང་བའི་ཆོས་ལུགས་ཞེས་པའི་གོ་དོན་མ་ཡིན་པར་གསར་དུ་མི་བསླུ་བའི་རིག་པ་དང་རྒྱུ་མཚན་རིག་པ་ཞེས་པའི་དོན་ཡིན་པས་ན་ལྷག་ཏུ་རིག་གཞུང་གཞན་དག་ལ་ཕན་ནུས་འདོན་པ་ཞིག་རེད་སྙམ།

རྩོམ་ཁུངས། ངེད་དྲ་བ།

གཟིམས་པ་མེད་པའི་མཆོད་མེ། དབྱངས་གསལ་སོ་བཞིའི་མཛེས་སྡུག  RSSསྔོན་མངག

ཨ་འབུམ་བློ་བཟང་དམ་ཆོས་ཀྱི་རྩོམ་གསར་གཅེས་བཏུས།

2011-05-05 ཨ་འབུམ་བློ་བཟང་དམ་ཆོས།༼ཨ་མདོ༽ ཀློག་གྲངས། མཆན ཡོད།

དཔྱད་མཆན ཡོངས་སུ་གཟིགས།དཔྱད་མཆན།

མིང་མི་འགོད་པར་སྤེལ།