འཇུ་སྐལ་བཟང་གི་སྙན་ངག་གསར་བ་ཁག་གསུམ།



                     ༼འཁྲུལ་འབྱམས།༽
                                   ༡
ང་ཚོ་ཕོར་བ་ཆེན་པོ་ཞིག་གི་མཐིལ་དུ་ལྷུང་འདུག
ཕོར་ཁ་ནས་རི་མགོ་འགའ་རེ།
སྐབས་སྐབས་སུ་མངོན་གྱིན་འདུག
དེ་དག་གི་ངོས་སུ་སྐས་ཞེང་ལྟ་བུ་ཞིག་གིས་གང་འདུག་པ།
མཚོ་དང་རི་ཡི་དབྱིབས་སུ་ཡོད་ཟེར།
ང་རང་ཚོད་དེ་ཧ་གོ་ཐབས་ཡེ་མི་འདུག
                                    ༢
ང་ཚོ་སུ་ཞིག་ལྟོ་བའི་ནང་སྦལ་ལྕོང་བཞིན་
ལྡེམ་མྱུར་ངང་འཁྱུག་གིན་ཡོད་ལ།
ང་ཚོའི་ལྟོ་བའི་ནང་དུ་སྦལ་ལྕོང་མང་པོ་ཞིག
ལྡེམ་མྱུར་གྱིས་འཁྱུག་གིན་འདུག
                                    ༣
ཆུ་ཚོད་ཉེར་བཞིའི་ངོས་སུ་ང་ཚོ་མི་རྙེད་ལ།
ཆུ་ཚོད་ཉེར་ལྔ་བ་ཞིག་ང་ཚོས་རྙེད་མ་སོང་།
                                    ༤
ཆུ་ཟགས་སུ་ཡུན་རིང་ཕྱིན་པའི།
གོས་རྙིང་ཧྲལ་བོ་འདི།
དུས་འདས་པ་རེད་ཟེར།
འདས་ཟིན་པ་ལ་ཚོན་མདོག་མི་འདུག
                                     ༥
ཁྱོད་ཚོ་ཆུ་ལྟ་བུ་ཞིག་རེད།
སྣོད་གང་དུ་བླུགས་ན་དེའི་དབྱིབས་ཁོ་ན་རེད།
                                 ༦
འཇིགས་སྣང་དངོས་ནི་མེ་སྒྱོགས་ཀྱི་སྐད་མ་རེད།
དེའི་སྔ་ལོགས་ཀྱི་སྐད་ཅིག་དེ་རེད།
                                  ༧
ས་མཚམས་ཤིག་ན།
ཐོག་ཁང་ཚོ་དར་ལྕོག་བཞིན།
རླུང་གིས་རྡེབ་ཀྱིན་འདུག
                                   ༨
སང་ཉིན་གྱི་གྲོང་ཁྱེར་དེ་ཚོ་མྱགས་རུལ་དུ་སོང་སྟེ།
དེ་རིང་གི་ས་འོག་གི་སྦུག་ལམ་ན།
བར་མཚམས་མེད་པར་བཞུར་གྱིན་འདུག
                                     ༩
དེ་རིང་འགྲོ་བ་མིའི་རིགས་ཀྱི་མ་འོངས་པ་ལན་གཅིག་མཐོང་སྟེ།
དེ་ན་སེམས་གཅོང་གི་ཡི་མུག་གི་གྲོང་བ་མང་པོ་ཆགས་བཞིན་འདུག
བླ་མ་མཁྱེན།
                                    ༡༠
གནམ་ས་འགས་འཐོར་དུ་འགྲོ་ཉིན།
ཤེས་པ་འདི་ཚོ་འགྲོ་ས་ཞིག་ཡོད་དམ།
བླ་མ་མཁྱེན།
                                    ༡༡
འདབ་ཆགས་འདི་ཚོ།
ཉ་འཕུར་འོངས་པ་རེད་ཟེར།
བླ་མ་མཁྱེན།
                               ༡༢
ང་ས་ལ་ཐིམ་འགྲོ་དུས།
ང་གཞི་ནས་མེད་སོང་བ་རེད་ཟེར།
ཨོ་མ་རེད་ཟེར།
བླ་མ་མཁྱེན།
                               ༡༣
རྒྱལ་ཁབ་དང་ཁྱིམ་ཚང་གཉིས་ཀ་ཨ་ན་མ་ན་རེད།
བྱིའུ་ཚང་རེད།
                              ༡༤
ང་ཚོས་ས་བསློགས་ན།
སས་ང་ཚོ་བསློག་མི་ཆོག་པ་ག་རེ་རེད།
                              ༡༥
སྒོ་ཁྱི་འདི་ཚོས་ཅི་ཞིག་རིག་ནས་ཟུག་གིན་འདུག
ང་རང་ཚོས་ཅི་ཞིག་མ་རིག་ནས་ཟུག་གིན་འདུག
མ་རིག་པ་ཟེར་བ་དེ་ཨེ་རེད།
                            ༡༦
ཚེ་ཕྱི་མ་ཟེར་བ་ཞིག་ཡོད་པར་མི་སྐྲག་མོད།
མེད་པར་ང་རང་ཤིན་ཏུ་སྐྲག
                           ༡༧
ཁྲག་འདིའི་ནང་ན་ཅི་ཞིག་ཡོད་འདུག
ཡང་ན་དམར་པོ་ཞིག་ཡོད་དམ།
                        ༡༨
ལུང་བསྟན་དུ། རྒྱལ་ཁབ་མང་པོ་ཞིག
རྫུན་ཕུག་བརྡིབས་པའི་འོག་ཏུ་འགྲོ་ཟེར།


               ༼མངོན་སུམ།༽
ཁ་བ། འཐབ་མོ་བྱེད་ཀྱིན་འོང་།
དྲ་ཤེལ་ལ་འཁོན་འཛིང་དྲག་ཏུ་བྱེད་ཅིང་འོང་།
མེ་ལྕེ་དེ་ཚོས།
གུག་གུ་དང་ཞབས་ཀྱུ་འགྲེང་བུ་ན་རོ་སོགས།
མང་པོ་ཞིག་སླ་ངའི་མཐིལ་འོག་ཏུ་འབྲི་བཞིན་འདུག
སླ་ངའི་ནང་དུ།
གྲོ་མ་ཡིན་ཟེར་བའི་བུད་མེད་མང་པོ་ཞིག་ལ།
དམར་མདངས་རྒྱས་ཤིང་རྔུལ་ནག་འབབ་ཀྱིན།
འཁན་འཁུན་མང་པོ་སྒྲོག་བཞིན་འདུག

སྐྱེས་པ་འགའ་ཞིག་ད་ལྟ་ས་ཐབ་བསྐོར་ནས་འདུག
ང་རང་རྣམ་ཤེས་འཁྱམ་པོ་ཞིག་དང་འདྲ་སྟེ།
དེ་ཚོའི་གྲལ་དུ་འཚངས་ནས་བསྡད་ཀྱང་།
ཁོ་ཚོས་ཚོར་གྱིན་མི་འདུག

ཁ་བ་དྭངས་རྗེས།
བསམ་བློ་འགའ་ཞིག་ཟགས་རལ་དུ་སོང་སྟེ།
གྱང་ཁར་བཀལ་ནས་ཉི་མར་སྐེམ་བཞིན་འདུག
གྱང་ཁ་ན། རྩྭ་ལྡུམ་ཐར་ཐོར་སྐྱེས་འདུག

                     ༼དུས།༽
ང་ཚོའི་མགོ་ཐོག་གི་ནམ་མཁའ་ལ།
ཕྱགས་མ་ཐེངས་ཤས་བརྒྱབ་པས།
སྐར་ཚོམ་དེ་ཚོ་གནམ་གྱི་མཐའ་རུ་དེད་སོང་།

སྒུལ་སྐྱོག་བྱེད་མ་ཐུབ་པའི་གླེགས་བམ་དེ་དག་ལས།
ཤ་མོ་གསར་བ་རྡོལ་བཞིན་འདུག

དེབ་ཐེར་ཆེན་པོ་དེ་ལེ་བར་དུ་མར།
རོ་འདྲུད་བྱས་པས།
ད་ལྟ་འཐེང་འགྲོས་ཀྱིས་མདུན་དུ་འགྲོ་བཞིན་འདུག

ད་ལྟ། ད་ལྟ་ཁོས་ཀེང་རུས་སྦར་བའི་མེ་དཔུང་ལ།
ལག་པ་སྲོ་བཞིན།
ཕྱིར་འདང་མང་པོ་རྒྱག་གིན་འདུག
 

རྩོམ་ཁུངས།

གཟིམས་པ་མེད་པའི་མཆོད་མེ། དབྱངས་གསལ་སོ་བཞིའི་མཛེས་སྡུག  RSSསྔོན་མངག

འཇུ་སྐལ་བཟང་གི་སྙན་ངག་གསར་བ་ཁག་གསུམ།

2010-11-22 འཇུ་སྐལ་བཟང་། ཀློག་གྲངས། མཆན ཡོད།



                     ༼འཁྲུལ་འབྱམས།༽
                                   ༡
ང་ཚོ་ཕོར་བ་ཆེན་པོ་ཞིག་གི་མཐིལ་དུ་ལྷུང་འདུག
ཕོར་ཁ་ནས་རི་མགོ་འགའ་རེ།
སྐབས་སྐབས་སུ་མངོན་གྱིན་འདུག
དེ་དག་གི་ངོས་སུ་སྐས་ཞེང་ལྟ་བུ་ཞིག་གིས་གང་འདུག་པ།
མཚོ་དང་རི་ཡི་དབྱིབས་སུ་ཡོད་ཟེར།
ང་རང་ཚོད་དེ་ཧ་གོ་ཐབས་ཡེ་མི་འདུག
                                    ༢
ང་ཚོ་སུ་ཞིག་ལྟོ་བའི་ནང་སྦལ་ལྕོང་བཞིན་
ལྡེམ་མྱུར་ངང་འཁྱུག་གིན་ཡོད་ལ།
ང་ཚོའི་ལྟོ་བའི་ནང་དུ་སྦལ་ལྕོང་མང་པོ་ཞིག
ལྡེམ་མྱུར་གྱིས་འཁྱུག་གིན་འདུག
                                    ༣
ཆུ་ཚོད་ཉེར་བཞིའི་ངོས་སུ་ང་ཚོ་མི་རྙེད་ལ།
ཆུ་ཚོད་ཉེར་ལྔ་བ་ཞིག་ང་ཚོས་རྙེད་མ་སོང་།
                                    ༤
ཆུ་ཟགས་སུ་ཡུན་རིང་ཕྱིན་པའི།
གོས་རྙིང་ཧྲལ་བོ་འདི།
དུས་འདས་པ་རེད་ཟེར།
འདས་ཟིན་པ་ལ་ཚོན་མདོག་མི་འདུག
                                     ༥
ཁྱོད་ཚོ་ཆུ་ལྟ་བུ་ཞིག་རེད།
སྣོད་གང་དུ་བླུགས་ན་དེའི་དབྱིབས་ཁོ་ན་རེད།
                                 ༦
འཇིགས་སྣང་དངོས་ནི་མེ་སྒྱོགས་ཀྱི་སྐད་མ་རེད།
དེའི་སྔ་ལོགས་ཀྱི་སྐད་ཅིག་དེ་རེད།
                                  ༧
ས་མཚམས་ཤིག་ན།
ཐོག་ཁང་ཚོ་དར་ལྕོག་བཞིན།
རླུང་གིས་རྡེབ་ཀྱིན་འདུག
                                   ༨
སང་ཉིན་གྱི་གྲོང་ཁྱེར་དེ་ཚོ་མྱགས་རུལ་དུ་སོང་སྟེ།
དེ་རིང་གི་ས་འོག་གི་སྦུག་ལམ་ན།
བར་མཚམས་མེད་པར་བཞུར་གྱིན་འདུག
                                     ༩
དེ་རིང་འགྲོ་བ་མིའི་རིགས་ཀྱི་མ་འོངས་པ་ལན་གཅིག་མཐོང་སྟེ།
དེ་ན་སེམས་གཅོང་གི་ཡི་མུག་གི་གྲོང་བ་མང་པོ་ཆགས་བཞིན་འདུག
བླ་མ་མཁྱེན།
                                    ༡༠
གནམ་ས་འགས་འཐོར་དུ་འགྲོ་ཉིན།
ཤེས་པ་འདི་ཚོ་འགྲོ་ས་ཞིག་ཡོད་དམ།
བླ་མ་མཁྱེན།
                                    ༡༡
འདབ་ཆགས་འདི་ཚོ།
ཉ་འཕུར་འོངས་པ་རེད་ཟེར།
བླ་མ་མཁྱེན།
                               ༡༢
ང་ས་ལ་ཐིམ་འགྲོ་དུས།
ང་གཞི་ནས་མེད་སོང་བ་རེད་ཟེར།
ཨོ་མ་རེད་ཟེར།
བླ་མ་མཁྱེན།
                               ༡༣
རྒྱལ་ཁབ་དང་ཁྱིམ་ཚང་གཉིས་ཀ་ཨ་ན་མ་ན་རེད།
བྱིའུ་ཚང་རེད།
                              ༡༤
ང་ཚོས་ས་བསློགས་ན།
སས་ང་ཚོ་བསློག་མི་ཆོག་པ་ག་རེ་རེད།
                              ༡༥
སྒོ་ཁྱི་འདི་ཚོས་ཅི་ཞིག་རིག་ནས་ཟུག་གིན་འདུག
ང་རང་ཚོས་ཅི་ཞིག་མ་རིག་ནས་ཟུག་གིན་འདུག
མ་རིག་པ་ཟེར་བ་དེ་ཨེ་རེད།
                            ༡༦
ཚེ་ཕྱི་མ་ཟེར་བ་ཞིག་ཡོད་པར་མི་སྐྲག་མོད།
མེད་པར་ང་རང་ཤིན་ཏུ་སྐྲག
                           ༡༧
ཁྲག་འདིའི་ནང་ན་ཅི་ཞིག་ཡོད་འདུག
ཡང་ན་དམར་པོ་ཞིག་ཡོད་དམ།
                        ༡༨
ལུང་བསྟན་དུ། རྒྱལ་ཁབ་མང་པོ་ཞིག
རྫུན་ཕུག་བརྡིབས་པའི་འོག་ཏུ་འགྲོ་ཟེར།


               ༼མངོན་སུམ།༽
ཁ་བ། འཐབ་མོ་བྱེད་ཀྱིན་འོང་།
དྲ་ཤེལ་ལ་འཁོན་འཛིང་དྲག་ཏུ་བྱེད་ཅིང་འོང་།
མེ་ལྕེ་དེ་ཚོས།
གུག་གུ་དང་ཞབས་ཀྱུ་འགྲེང་བུ་ན་རོ་སོགས།
མང་པོ་ཞིག་སླ་ངའི་མཐིལ་འོག་ཏུ་འབྲི་བཞིན་འདུག
སླ་ངའི་ནང་དུ།
གྲོ་མ་ཡིན་ཟེར་བའི་བུད་མེད་མང་པོ་ཞིག་ལ།
དམར་མདངས་རྒྱས་ཤིང་རྔུལ་ནག་འབབ་ཀྱིན།
འཁན་འཁུན་མང་པོ་སྒྲོག་བཞིན་འདུག

སྐྱེས་པ་འགའ་ཞིག་ད་ལྟ་ས་ཐབ་བསྐོར་ནས་འདུག
ང་རང་རྣམ་ཤེས་འཁྱམ་པོ་ཞིག་དང་འདྲ་སྟེ།
དེ་ཚོའི་གྲལ་དུ་འཚངས་ནས་བསྡད་ཀྱང་།
ཁོ་ཚོས་ཚོར་གྱིན་མི་འདུག

ཁ་བ་དྭངས་རྗེས།
བསམ་བློ་འགའ་ཞིག་ཟགས་རལ་དུ་སོང་སྟེ།
གྱང་ཁར་བཀལ་ནས་ཉི་མར་སྐེམ་བཞིན་འདུག
གྱང་ཁ་ན། རྩྭ་ལྡུམ་ཐར་ཐོར་སྐྱེས་འདུག

                     ༼དུས།༽
ང་ཚོའི་མགོ་ཐོག་གི་ནམ་མཁའ་ལ།
ཕྱགས་མ་ཐེངས་ཤས་བརྒྱབ་པས།
སྐར་ཚོམ་དེ་ཚོ་གནམ་གྱི་མཐའ་རུ་དེད་སོང་།

སྒུལ་སྐྱོག་བྱེད་མ་ཐུབ་པའི་གླེགས་བམ་དེ་དག་ལས།
ཤ་མོ་གསར་བ་རྡོལ་བཞིན་འདུག

དེབ་ཐེར་ཆེན་པོ་དེ་ལེ་བར་དུ་མར།
རོ་འདྲུད་བྱས་པས།
ད་ལྟ་འཐེང་འགྲོས་ཀྱིས་མདུན་དུ་འགྲོ་བཞིན་འདུག

ད་ལྟ། ད་ལྟ་ཁོས་ཀེང་རུས་སྦར་བའི་མེ་དཔུང་ལ།
ལག་པ་སྲོ་བཞིན།
ཕྱིར་འདང་མང་པོ་རྒྱག་གིན་འདུག
 

རྩོམ་ཁུངས།

དཔྱད་མཆན ཡོངས་སུ་གཟིགས།དཔྱད་མཆན།

མིང་མི་འགོད་པར་སྤེལ།