རླུང་བུས་བརྩམས་པའི་སྙན་ངག་རིང་མོ། གཏོར་བཤིག①
༼༡༽
ཉི་མ་ཞིག་ཕར་འདས་རྗེས་ཀྱི་དེ་རིང་ལ སྲང་ལམ་ཀུན་ཏུ་གཅིན་པ་བཞུར་གྱིན་འདུག
སེར་ལམ་ལམ་གྱི་གཅིན་པ་བཞུར་གྱིན་འདུག ཚ་ཤག་ཤག་གི་གཅིན་པ་བཞུར་གྱིན་འདུག
རང་དབང་གི་སྤོ་སའི རྣམ་གཡེང་གི་བགྲོད་སའི སྲང་ལམ་ཀུན་ཏུ་གཅིན་པ་བཞུར་གྱིན་འདུག
སྤ་སེ་མི་དགོས་པའི འཛིན་ཡིག་མི་དགོས་པའི སྲང་ལམ་ཀུན་ཏུ་གཅིན་པ་བཞུར་གྱིན་འདུག
གནའ་ཤུལ་གྱི་ཁང་བརྩེགས་དང་མི་ཚོགས་ཀྱི་རྔུལ་ཆུའི་གསེབ་ཏུ གཅིན་པ་བཞུར་གྱིན་འདུག
སྡུག་བསྔལ་གྱི་གསེབ་དང་གཟབ་ནན་གྱི་ནང་དུ སྲིད་པའི་རུས་སྦལ་གྱི་གོ་ལྤགས་ཕྱིས་པ་འདྲ་བའི
གཡུ་འབྲུག་སྔོན་མོ་ཐང་དུ་འགྱེལ་དུ་བཅུག་པ་འདྲ་བའི་གཅིན་པ་བཞུར་གྱིན་འདུག
ལོ་རབས་ཀྱི་རྒྱུ་མའི་ཁུགས་ནས ནང་སྒོ་བརྒྱད་ཅུ་དང་ཕྱི་སྒོ་དགུ་བརྒྱ་ཡི་མཚམས་སུ
གཅིན་པ་བཞུར་གྱིན་འདུག རི་བོ་གྲུ་འཛིན་གྱི་སྟེང་ནས ནོའི་ཡོའོ་གྲོང་ཁྱེར་གྱི་ཞབས་སུ
སྒྱིད་ལུག་གི་གཅིན་པ་བཞུར་གྱིན་འདུག གྲང་ངར་གྱི་གསེབ་ཏུ ཚ་བ་ཡི་ནང་དུ
མཐོ་ས་ནས་དམའ་སར གོང་ནས་འོག་ཏུ གཅིན་པ་བཞུར་གྱིན་འདུག
གཅིན་པ་ཐམས་ཅད་བསྲེས་ནས་བཞུར་གྱིན་འདུག ཉི་མའི་དཀྱིལ་འཁོར་གྱི་འདབ་ལོ་རེ་རེ་ན
ཟླ་བའི་བསིལ་གྲིབ་ཀྱི་འཇམ་ཤ་རེ་རེ་ན སྐར་མའི་ཞིང་ཁམས་ཀྱི་མཐིལ་ན
གཅིན་པའི་དྲི་བསུང་རྒྱུ་བཞིན་འདུག
ལྷོད་ཡངས་པའི་མིའི་སེམས་ཁོང་ནས དོང་ལམ་རིང་མོའི་ཞབས་ནས
ཕྱི་ལམ་རིང་མོ་ནས་སྲང་ལམ་ཀུན་དུ་གཅིན་པ་བཞུར་གྱིན་འདུག
འཕྲུལ་རྟའི་གོང་ན་བསྐྱོད་ཀྱིན་པས་སྐྱ་མི་དང་གཡང་གཟར་དུ་བཏབ་པའི་འགྲུལ་བསྐྱོད་རླངས་འཁོར
ནམ་མཁའི་ངོས་སུ་དུ་བ་འཐེན་པའི་གནམ་གྲུ་དང་གྲོང་ཁྱེར་གྱི་སོལ་རླངས
གྲང་ངར་ཁྲོད་འགུལ་གྱིན་པའི་ནོར་ནག་དང་དེའི་རྗེས་ཀྱི་ཕྱུགས་རྫི
ཁ་མིག་ནང་ས་སྐྱའི་བཀང་བའི་ཨ་མ་རྒན་མོ་ཚོ་དང་གྲོང་བརྡལ་གྱི་ལོ་ལོན་ཚོ
རྐྱལ་བའི་ཐོག་ཏུ་འབྱར་བའི་ལྕི་བ་དང་ས་རྡུལ
མིའི་ལུས་ཐོག་ཏུ་བབས་པའི་ས་རྡུལ
རྩ་ཕྲན་དང་སྨིན་ཐག་ཆོད་པའི་ལོ་ཏོག་ཐོག་ཏུ་བབས་པའི་ས་རྡུལ
གྱོ་མོག་དང་སྟོང་ཕག་ཐོག་ཏུ་བབས་པའི་ས་རྡུལ
བྱིས་པ་ཚོའི་ཤ་འཇམ་གྱི་ཐོག་ཏུ་བབས་པའི་ས་རྡུལ
གོ་རེ་དང་ཀུ་ཤུའི་ཐོག་ཏུ་བབས་པའི་ས་རྡུལ ཇ་ནང་དུ་བབས་པའི་ས་རྡུལ
མ་ཎི་འཁོར་ལོའི་ཐོག་ཏུ་བབས་པའི་ས་རྡུལ གོས་ཀྱི་ཐོག་ཏུ་བབས་པའི་ས་རྡུལ
གླེགས་བུམ་དང་རྡོ་བརྐོས་ཐོག་ཏུ་བབས་པའི་ས་རྡུལ
དཔེ་དེབ་སྣ་ཚོགས་དུ་བབས་པའི་ས་རྡུལ
ས་རྡུལ ས་རྡུལ ས་རྡུལ ས་རྡུལ ས་རྡུལ ས་རྡུལ ས་རྡུལ ས་རྡུལ ས་རྡུལ ས་རྡུལ ས་རྡུལ
ས་རྡུལ ས་རྡུལ ས་རྡུལ ས་རྡུལ ས་རྡུལ ས་རྡུལ ས་རྡུལ ས་རྡུལ ས་རྡུལ ས་རྡུལ ས་རྡུལ
ས་རྡུལ ས་རྡུལ ས་རྡུལ ས་རྡུལ ས་རྡུལ ས་རྡུལ
ང་ཚོ་ཟ་བར་ཤོག
༼༢༽
ང་ཚོ་ལ་བགྲོད་ལམ་མེད
ང་ཚོའི་རྩ་ལམ་དུ་རྒྱུ་བའི་གཙང་བོ་འཁེགས་སོང
ང་ཚོ་གཏན་དུ་ཕམ་ཁ་མྱངས་མཁན་ཞིག་ཏུ་གྱུར་ཡོད
ང་ཚོའི་ཕམ་ཁ་མཚོན་བྱེད་ཀྱི་རི་མོ་བྲིས་ཡོད སྙན་ངག་བྲིས་ཡོད རྩོམ་ཡིག་བྲིས་ཡོད
གཞས་གདངས་དཀྲོལ་ཡོད མེ་ལྕེ་ཞིག་གི་ཧྲག་བར་ན་རྒྱུ་བའི་ཆུ་ཐིགས་ཞིག་དང་འདྲ་བར
མར་ནས་མར་ལ་ལྷུང་གིན་ཡོད འཇིགས་སྐྲག་གི་ངང་ནས་མར་ལ་ལྷུང་གིན་ཡོད
ང་ཚོ་ལ་ཅི་ཡང་མེད
མེད མེད མེད མེད མེད
མེད མེད མེད མེད མེད མེད མེད མེད མེད མེད མེད མེད མེད མེད མེད མེད མེད མེད མེད མེད
ཅི་ནུས་ཀྱང་སྡུག་བསྔལ་གྱི་དུས་རབས་འདིའི་ཁ་ཕྱེ་སོང་བས
ང་ཚོའི་ལག་ཏུ་དཔལ་འབར་ཐོགས་ཤིང་མྱུ་གུ་འཆང་ཡོད
སད་པར་དཀའ་བའི་རྨི་ལམ་དང་དངོས་ཡོད་མིག་ལམ་དུ་ཤར་ཡོད
བློ་མིག་གི་གཤོག་ཟུང་དང་སྙིང་སྟོབས་ཀྱི་རུས་པ་རང་ལ་བསྤྲད་ནས
གཏིང་མཐའ་ཞིག་ནས་མདུན་ལ་བལྟ་བཞིན་ཅི་ནུས་ཀྱང་རང་དབང་དགོས་པ་གསལ་རྟོན་བྱེད་ཀྱིན་ཡོད
སེམས་ཀྱི་རང་དབང དངོས་ཡོད་ཀྱི་རང་དབང བདེ་སྐྱིད་ཀྱི་རང་དབང
དོན་ཕྲན་ཚེགས་ཀྱི་རང་དབང
རང་དབང རང་དབང རང་དབང རང་དབང རང་དབང
རང་དབང རང་དབང རང་དབང རང་དབང རང་དབང རང་དབང
དངུལ་ལོར་གྱིས་ང་ཚོའི་མགོ་བོ་འབྲེག་གིན་འདུག
བག་ཆགས་འཇོག་སྟེང་གིས་ང་ཚོའི་མགོ་བོ་འབྲེག་གིན་འདུག
ཐབས་དང་ཐོབ་ཐང་གིས་ང་ཚོའི་མགོ་བོ་འབྲེག་གིན་འདུག
ཁོར་ཡུག་དང་ཁོར་ཡུག་གིས་ང་ཚོའི་མགོ་བོ་འབྲེག་གིན་འདུག
ལྷ་ཡི་གཏུམ་དྲག་གིས་ང་ཚོའི་མགོ་བོ་འབྲེག་གིན་འདུག
ཁྱེད་ཀྱི་ཟོལ་བཅོས་དང་རྫུན་རླངས་ཀྱིས་ང་ཚོའི་མགོ་བོ་འབྲེག་གིན་འདུག
ཆ་འགྲིག་གི་ཉིན་མོ་འདི་དག་གི་རྗེས་སུ
དྭངས་གཙང་གི་ནམ་མཁའ་ཞིག་གི་མདུན་དུ་གཟུགས་རྗེན་པོར་བསྟན་ཏེ
ས་ཆེན་དང་ཁ་བརྡ་བྱེད་པའི་ཉིན་མོ་ཞིག་ཐོན་ཡོང་དགོས
དེའི་སྟབས་ཀྱིས་ང་ཚོ་ལ་དྲན་པ་དགོས ལོ་རྒྱུས་ཀྱི་དྲན་པ ཁ་སང་གི་དྲན་པ
དེ་རིང་གི་དྲན་པ མི་རེ་རེ་ཡི་དྲན་པ དྲན་པ དྲན་པ དྲན་པ དྲན་པ
དྲན་པ དྲན་པ དྲན་པ དྲན་པ དྲན་པ དྲན་པ དྲན་པ དྲན་པ དྲན་པ
དྲན་པ དྲན་པ དྲན་པ དྲན་པ དྲན་པ དྲན་པ དྲན་པ དྲན་པ དྲན་པ དྲན་པ དྲན་པ དྲན་པ དྲན་པ
དྲན་པ་མང་པོ་ཞིག་གི་འཚང་ཤིག་ཁྲོད་ང་ཚོ་མིག་ཆུ་མང་པོ་ཞིག་ཡོད་ངེས
མིག་ཆུ་ནི་འཚོ་བ་ལ་ཁ་ཕྱོགས་པའི་བདེན་དཔང་དང་ལང་ཚོའི་དར་ཆ་ཡིན
ཁེར་ཚུགས་དང་དཔའ་སྤོབས་ཀྱི་འབྲས་བུ་ལས་ཐོན་པའི་རྫས་ཀྱི་གྲིབ་མ་ཡིན
རླབས་ཆེན་གྱི་མིག་ཆུ དྭངས་གཙང་གི་མིག་ཆུ བརྟན་བརླིང་གི་མིག་ཆུ
ཁ་ཁུ་སིམ་པར་བཞུར་བའི་མིག་ཆུ ངོ་ལོག་གི་མི་ཆུ
རྗེས་མཐུད་ཀྱི་མནར་གཅོད་ཁྲོད་ཀྱི་མིག་ཆུ་
མཐོང་མི་ཐུབ་པའི་མིག་ཆུ
མིག་ཆུ མིག་ཆུ མིག་ཆུ མིག་ཆུ མིག་ཆུ མིག་ཆུ
མིག་ཆུ མིག་ཆུ མིག་ཆུ མིག་ཆུ མིག་ཆུ མིག་ཆུ མིག་ཆུ མིག་ཆུ
མིག་ཆུ མིག་ཆུ མིག་ཆུ མིག་ཆུ མིག་ཆུ མིག་ཆུ མིག་ཆུ མིག་ཆུ
མིག་ཆུ་མང་པོ་ཞིག་བཏོན་རྗེས་ཡང་བསྐྱར་སྐྱ་རེངས་ཁྲོད་བགྲོད་དགོས
མིག་ཆུའི་ལྗིད་ཚད་དངོས་པོ་གང་ལས་ཀྱང་ལྕི་བ་ང་ཚོའི་ཤེས་ཡོད
མིག་ཆུའི་རོལ་དབྱངས་ཀྱིས་ང་ཚོ་གཏན་དུ་བཏིམས་སོང
༼ ༣༽
ཞོགས་པ་ཞོགས་པ་ལ་བསྩོལ
ཉིན་གུང་ཉིན་གུང་ལ་བསྩོལ
ས་སྲོད་ས་སྲོད་ལ་བསྩོལ
རླུང་རླུང་ལ་བསྩོལ
གད་སྙིགས་ཀྱི་རླུང འཕྲུལ་ཆས་ཀྱི་རླུང དུ་བའི་རླུང ཚོན་རྩིའི་རླུང བརྐོས་རིས་ཀྱི་རླུང ཁ་ཆུའི་རླུང
སྐྱག་པའི་རླུང གཅིན་པའི་རླུང འབོད་པ་བྱེད་པའི་རླུང མཛེས་མའི་རླུང བྱིས་པའི་རླུང རྒན་པོའི་རླུང
སྲོག་ཆགས་ཀྱི་རླུང རང་བྱུང་ཁམས་ཀྱི་རླུང བརྡ་རྟགས་ཀྱི་རླུང འདོད་པའི་རླུང རླུང་ནང་དུ
མི་ཚོགས་ཀྱི་ཚ་རླབས་ཀྱི་ཁྲོད གཅེར་བུར་སྲང་ལམ་དུ་ལངས་ཡོད
ཉི་འོད་ཀྱིས་མཐོང་མི་སྲིད
གྲིབ་གཟུགས་ཀྱིས་མཐོང་མི་སྲིད
རང་ཉིད་ཀྱིས་མཐོང་མི་སྲིད
ཨར་འདམ་གྱིས་མཐོང་མི་སྲིད
ཁྱེད་ཀྱིས་མཐོང་མི་སྲིད
གློག་མེད་པའི་ཆུ་མེད་པའི་ལམ་མེད་པའི
བརྡ་རྟགས་མེད་པའི་གནའ་གྲོང་ལྟར་ལག་པ་བརྐྱངས་དེ་གཅེར་བུར་ལངས་ཡོད
ཁ་དོག་མེད་པའི་རླུང་ནང་དུ་གཅེར་བུར་ལངས་ཡོད
གཅེར་བུར་ལངས་ཡོད གཅེར་བུར་ལངས་ཡོད གཅེར་བུར་ལངས་ཡོད གཅེར་བུར་ལངས་ཡོད
ཚ་བས་ཡིན གྲང་བས་ཡིན ལྟོགས་པས་ཡིན སྐོམ་པས་ཡིན
འཇིགས་སྐྲག་ཡོད་པས་ཡིན ཁོང་ཁྲོ་ཡོད་པས་ཡིན གཟབ་ནན་ཡོད་པས་ཡིན
ཉི་མ་འཁྱག་པོར་འགྱུར་གྱིན་ཡོད ཟླ་འོད་ཚ་བོར་འགྱུར་གྱིན་ཡོད མཚོ་མོ་གདུའི་བྱུང ནམ་མཁའ་ཆགས་སོང
ལོ་ཟླའི་མདུན་དུ་གཅེར་བུར་ལངས་ཡོད
རྣམ་ཤེས་ཀྱི་མདུན་དུ་གཅེར་བུར་ལངས་ཡོད
སུ་ཞིག་གི་འོག་ཏུ་གཅེར་བུར་ལངས་ཡོད
གཅེར་བུར་ལངས་ཡོད གཅེར་བུར་ལངས་ཡོད གཅེར་བུར་ལངས་ཡོད གཅེར་བུར་ལངས་ཡོད གཅེར་བུར་ལངས་ཡོད
ཀེང་རུས་ས་ཆེན་གྱི་སྟེང་དུ་ཟུག་ཡོད
ཀླད་པ་དང་རྐང་མཐིལ་གྱིས་བར་སྣང་དུ་མྱུ་གུ་བཏབ
རྒྱབ་ནས་ཐོས་པའི་གོམ་སྒྲ་ཁྲི་ཁྲག
མདུན་ན་འགྲོ་བའི་མཐོང་སྣང་སྣ་ཚོགས་སྨིན་ཐག་ཆོད་པའི་ཁྲག་ཐིགས་ཡིན
ཨང་ཀིའི་ཞིང་ཁམས②སུ་གཅེར་བུ་ལངས་ཡོད
སྲང་ལམང་དུ་གཅེར་བུར་ལངས་ཡོད
༼༤༽
དུས་འདིར་སྒྲ་སྣ་ཚོགས་ཤིག་ཐོས་འོང
སྒལ་ཚིགས་ཀྱི་དཀྱིལ་དུ་ན་ཟུག་དང་བཅས་བབས་འོང
ཕྱེ་ལེབ་དང་མེ་ལྕེ་ལ་མཐུན་བསྡུར་དུ་གྲུབ་པའི་གླུ་དབྱངས་ལེན་འོང་བར
ཟེའུ་འབྲུ་དེ་ཡོལ་བའི་རྒྱབ་ཀྱི་གྲིབ་གཟུགས་དུ་བསྒྱུར་བའམ
ཐག་རིང་ནས་བགྲབ་འོང་བའི་རྡོག་སྒྲ་སྣ་ཚོགས་ཀྱིས་དུས་རབས་ཀྱི་སྒོ་མོ་འབྱེད་རེག་བར
ལྡེ་མིག་མང་པོ་ཐོན་འོང མགོ་བོ་མང་པོ་ཐོན་འོང
འབོད་པའི་ལག་བརྡ་གང་མང་གི་ཁྲོད་ཀྱི་ཚེ་སྲོག
འཆི་བའི་ཚེ་སྲོག གསོན་པའི་ཚེ་སྲོག ཤི་མ་གསོན་གྱི་ཚེ་སྲོག
མེ་ལྕེའི་ཁྲོད་ཀྱི མུན་ནག་ཁྲོད་ཀྱི རླུང་གི་ཁྲོད་ཀྱི སྐར་ཚོགས་ཁྲོད་ཀྱི
ལྷ་ཁང་ནང་གི བཙོན་ཁང་ནང་གི སྤྱོད་ཁང་ནང་གི རྩྭ་ཐང་སྟེང་གི སྲང་ལམ་གྱི
ཚེ་སྲོག་གི་བཀའ ཚེ་སྲོག་གི་འཆར་ཡན ཚེ་སྲོག་གི་རང་གཏམ ལམ་གྱི་ཚེ་སྲོག
མེ་ཏོག་ཐེའུ་བཞིན དུག་སྦྲུལ་གྱི་མཆེ་བ་བཞིན
བྱེའུ་ཆུང་བཞིན་སྙིང་སྟོབས་བསྐྱལ་དེ ནམ་མཁའ་ཆེན་པོའི་ངོས་སུ་འཕུར་གྱིན་ཡོད
བདག་པོ བདག་པོ བདག་པོ བདག་པོ བདག་པོ བདག་པོ བདག་པོ བདག་པོ
བདག་པོ་སུ་ཡིན
①སྙན་ངག་རིང་མོ༼གཏོར་བཤིག༽ལས་ཁག༼༡༽༼༢༽༼༣༽༼༤༽
②ཨང་ཀའི་ཞིང་ཁམས་ནི་བདག་གི་སྙན་ངག་ཅིག་གི་ཁ་བྱང་ཡིན །
རྩོམ་ཁུངས། ངེད་དྲ་བ།