གངས་ཀྱི་སྙན་ངག་ཚན་པ་བཅུ་གསུམ།

           ལྷ་ཁང་དང་གྲོག་རོང་།

འདི་ན    མཆོད་སྦྱིན་གྱི་ནོར་སྤུངས་སའི་རྡོའི་སྤྱིལ་བུ་ཞིག་གི་ནང་དུ
ལམ་དང་བསྣོལ་མར་གྲུབ་པའི་གསོལ་འདེབས་མཐའ་དག་འཇིགས་དངངས་ཀྱིས་འཁྱིལ
ཆུ་རྫིང་ལ་གནས་པའི་རུས་སྦལ་ཞིག་གིས
མཆོད་མཇལ་བའི་གྲོག་རོང་ལས་གཟར་བའི་ཀླད་པའི་ནང་ནས་ལྕགས་ཀྱི་དུང་ཙེ་དཀྲུག་དཀྲུག་བྱེད
མི་རྣམས་མི་སྣང་བའི་གཟུགས་རིས་ཤིག་ལ་འཁྱུད་དེ་ལུས་པོ་ཉིད་སྲོག་གིས་ཐེག་པར་དཀའ་རབ་གླེང་དུས
མཆོད་སྦྱིན་གྱི་སྟེགས་བུས་ཤོག་དངུལ་གྱི་ཟུར་ཁ་ལྡག

ཆེན་མེའི་སྐུ་བརྙན་མདུན་གྱི་རྡོ་བ་དག་གིས་རུས་པའི་རྒྱན་ཆ་བཏགས་ནས་མི་རྣམས་ཕར་ལ་འཁྲིད་རྩིས་བྱེད

མཆོད་སྤོས་སྒྲོན་པ་ནས་བཟུང་སེམས་ཀྱི་དུད་སྤྲིན་ལ་གཏིང་མཐའ་བྲལ་བས
བྲག་ངོས་གཟར་བོ་ན་ཆུ་བོ་འུར་གྱིས་འཕྱོ་བ་དང
འདབས་ཆགས་རྣམས་ཀྱིས་མཐིང་མདོག་གི་ནམ་མཁའ་བདག་གིར་འཛིན་པ་མཐོང་ཐབས་བྲལ

མི་རྣམས་ལྷ་ཁང་གི་རྩིག་སྡེབས་སུ་བྱ་བསྲེག་པའི་བསུར་དྲི་དང
ཉྭ་ཕྱིས་ཀྱི་རུས་པ་གཞོག་པའི་རྒྱན་ཆ་ལ་འཁོར
ཤྭཀྱ་ཐུབ་པའི་སྐུ་མདུན་གྱི་བོད་ཡིག་གིས་བྲིས་པའི་བྱིན་རླབས་ཀྱི་རྣམ་བཤད་ལས
བདག་གི་སེམས་ཀྱི་ང་རྒྱལ་ལ་གཤོག་པ་སྐྱེས་བྱུང
                                           ༢༠༡༣ལོའི་ཟླ་༣ཚེས༢༠ཉིན་ཆོན་ཧེ་ནས།
                  རྒྱའི་ངག་རྒྱུན་ཁྲོད་དུ་ཆུ་ཀླུང་གི་ཡུམ་དུ་སྨྲ་བའི་ལྷ་མོ་ཞིག་གི་མིང་།

            པོ་ཨོ་དང་མེ་ལོང་།
ང་རང་ཚ་གདུག་ཆེ་བའི་ཉིན་གུང་ཞིག་ལ་པོ་ཨོ་རུ་འབྱོར
མཛེས་ལྗོངས་ཤིན་ཏུ་ལྟ་ན་སྡུག་པས་འཆར་སྒོ་ཡོད་ཚད་མེ་ལོང་ཞིག་ཏུ་གྱུར

ལྕགས་རིའི་སྒོ་མདུན་དུ
པཱ་སེ་འཚོང་མཁན་བུ་མོ་ཞིག་གིས་གནས་དེའི་ཉི་འོད་ལ་དམོད་ཀྱིན་འདུག
གད་སྙིགས་བླུགས་སའི་སྒམ་ཆུང་སྟེང་ཁྲིམས་ཁང་གི་ཟིལ་ཤུགས་གྱོན་པའི་ཡི་གེ་འགས
ས་གཞིའི་བྲང་ཁ་བརྡུང་བའི་གོམ་སྒྲ་མཐའ་དག་མཁའ་དབུགས་འཕྲོ་བརླག་ཏུ་གཏོང་མཁན་གྱི་གད་སྙིགས་སུ་སྨྲ

མི་རྣམས་ཀྱིས་ཡི་གེ་དེ་དག་ཀློག་པ་ལས
དེ་དག་གིས་རང་ཉིད་ཀློག་གིན་པ་ཚོར་མི་སྲིད

ཡུལ་སྐོར་བ་ཚོས་མི་ཆེན་གྱི་ཞབས་རྗེས་སུ་རྐང་བ་བཞག་རྗེས
མེ་ལོང་ཞིག་བཙལ་ནས་རང་ཉིད་འགྱུར་ཡོད་མེད་ལ་ལྟ
པགས་པ་ལས་སྐྱེས་པའི་རྒས་པའི་གཉེར་རིས་དག་མཐོང་དུས
མེ་ལོང་ནང་ན་ཡུལ་ལྗོངས་རྙིང་བ་ཞིག་ལས་རང་ཉིད་མི་འདུག་ཟེར
མེ་ལོང་ལ་གས་ཁ་ཤོར་ནང་ནའང་རང་ཉིད་སྔར་བཞིན་ཆ་ཚང་བའི་གཟུགས་རིས་ཤིག་ཏུ་འདོད
གལ་ཏེ་མེ་ལོང་གཏན་དུ་ཆག་ཚེ་ཁྱོད་རང་པོ་ཨོ་ན་མེད་ལ
མེ་ལོང་ནང་ན་ཡང་མེད་པ་རྟོགས་སྲིད

མེ་ལོང་གིས་ངག་ཁྲོལ་ནས་གསེར་གྱི་གླེགས་བམ་ཞིག་སྒྲུང་ལྟར་འཆད་དུས
པོ་ཨོ་ཡི་མིག་ཆུའི་ནང་ནས་བདག་ལས་བྱུང་བ་མཐའ་དག་འགྲམ་ངོགས་མེད་པའི་གཙང་བོའི་ནང་དུ་བཞུར་དགོས
                ༢༠༡༣ལོའི་ཟླ་༣ཚེས༢༡བན་ནེན་ནས།

         ཡ་ལོང་བན་དང་ཉི་འོད།
གྲོགས་མེད་ཁེར་རྐྱང་ངང་ཡ་ལོང་བན་གྱི་མཚོ་ཁུག་ཏུ་བསྐྱོད་དུས
ལུས་པོའི་ནང་གི་དྲོད་སྣང་དེས་གཅེར་བུར་འཁྱམ་པའི་མཛེས་མ་ཚོའི་ལུས་སྟེང་གི་ཉི་འོད་བསྲེག་བྱུང
བྱེ་འགྲམ་ནས་གཅེར་བུའི་ལུས་པོ་སེམས་ཀྱི་ལྗོན་པར་ཕྲད་ཙམ་ཕྲད་ཙམ་བྱས

མི་རྣམས་ཀྱིས་བསིལ་གྲིབ་སྙེགས་ནས་འགྲོ་དུས
ཡ་ལོང་བན་གྱི་ཉི་འོད་ཀྱི་སྣེ་མོ་རྒྱ་མཚོའི་ནང་ཕྱན་འདུག

ཉིན་གུང་ནས་ཕྱི་དྲོའི་བར་དུ་རྒྱང་རིང་གི་མཚོ་རླབས
གཅིག་འཇགས་གཉིས་ལངས་ཀྱིས་འཕྱུར་ཏེ
སེམས་དང་བྲག་རྡོ་འཕྲད་པའི་འཛིང་རག་གི་ཚལ་ལ་དྲག་ཏུ་རྡེག་དུས
དབྱངས་རྟ་ཞིག་གཉིད་ལས་སད་པ་ལྟར་གྲགས་ནས་གཞས་གདངས་ཀྱི་རྨ་ཁ་སྲུང་གིན་འདུག
                              ༢༠༡༣ལོའི་ཟླ་༣ཚེས་༢༢སན་ཡྰ་ནས།
           
              ཤར་མཚོ་དང་གྲུ་གཟིངས།
ལྷོ་ན་གཞུ་ལྟར་འཁྱོག་པའི་བྱེ་མའི་རབ་ཁ་རུ་སླེབས་དུས
ངལ་དུབ་ཀྱིས་མནར་བའི་གྲུ་གཟིངས་རྣམས
གྲུ་ཤན་གྱི་རྨི་ལམ་ནང་ན་འཚང་ཁ་ཤིག་ཤིག་གིས་བསྐྱོད
བདག་གི་སེམས་པ་ཨ་ཤེ་ཡའི་ཤར་རླུང་གི་ཁྲོད་ན་གཡོ
སྔོ་ཡུག་ཡུག་གི་རླབས་རིས་ཚུར་འཕྱོ་དུས
ངོ་གདོང་ལ་འཁྱིལ་བའི་གཉིད་མུག་ཀྱང་ཆུ་ཡིས་བཀྲུས་ཚེ་དག་འགྲོ་ན་བསམ

གནས་འདིའི་ཚ་མུག་ལ་དཔྱིད་དཔལ་གྱི་གཤོག་པ་སྐྱེས་ཤིང
དེ་ལས་རླུང་བསིལ་མོ་གཡུག་དུས
ཆུ་སྲིན་རྣམས་དུས་ཚོད་ཀྱི་ཚ་བར་འདྲོགས་ནས
ཞི་བདེ་རྒྱ་མཚོའི་སྡེར་མོའི་སྟེང་དུ་ཚོགས
༢༠༡༣ལོའི་ཟླ་༣ཚེས་༢༣སན་ཡཱ་ནས།
                 
           སྤྱན་རིས་གཟིགས་ཀྱི་སྐུ་མདུན་དུ།
མཚོན་རྩི་བྱུགས་པའི་མེ་ཏོག་དེ་ཆུ་ལ་བསྐུར་རོགས
སྒྲ་ཕབ་ཀྱིས་གྱེར་བའི་གསུང་མགུར་གྱི་དབྱངས་རྟས་ཁྱེད་ཀྱི་མཆོད་སྟེགས་ནག་པོར་བསྒྱུར་ངེས
འཇིགས་པ་ལས་སད་པའི་ངོ་གདོང་དག་གིས
ས་རྩི་དཀར་པོ་ཞིག་ཁྱེད་ལ་འཁྲུལ་ཡོད

སྨོན་ལམ་ཐེངས་གཅིག་གིས་སྡུག་བསྔལ་གྱི་རྩིག་པ་བཤིག་ག་ལ་ནུས

གལ་སྲིད་གནམ་གྱི་ཟད་མཐའ་དང་རྒྱ་མཚོའི་ཡང་མཐའ་ནས་ཕྱིར་མིག་ཅིག་བལྟས་ཚེ
དད་པའི་ཚངས་ཐིག་ཆག་ཅིང
ཆུ་ཡི་སེང་རས་ཕྱར་བའི་གཡབ་མོའི་བྲག་ཅས་སྲང་ལམ་ཆ་མེད་དག་ལ་རྡེག
༢༠༡༣ལོའི་ཟླ་༣ཚེས་༢༤ཉིན་སན་ཡྰ་ནས།
    
              གཏན་ཏུ་བརྗེད་པར་གྱིས་ཤིག
ཀྱེ་མ་ང་ཡི་སྙིང་སྡུག
གཡེང་བསྐྱོད་ཤེལ་དམ་ནང་གི་བརྩེ་དུང་ཐང་ལ་གཡུགས་པར་གྱིས

མཉམ་དུ་རོལ་བའི་མཚན་མོ་དག་ཀྱང་གཏན་དུ་བརྗེད་པར་གྱིས་ཤིག
མུན་པ་ཤིན་ཏུ་སྲབ་མོ་ཡིན་པའི་འཕྲུལ་སྣང་གི་སྡོམ་རྒྱ་དེའང་དུམ་བུ་དུམ་བུར་གཏུབས་ཤིག

ཤིན་ཏུ་རིང་བའི་བར་ཐག་དེས་མཛེས་སྡུག་གི་རྒྱན་ཆ་སྤྲས་ནས
ཁྱོད་རང་ངའི་འཁྲིས་སུ་འཁྲིད་པར་མ་འདོད

བདེ་སྐྱིད་ཀྱི་སྣང་བ་མཐའ་དག་སྐད་ཅིག་གི་གློག་ཞགས་ལས་ཤོར་དུས
འུ་གཉིས་ཀྱི་བརྩེ་དུང་ནི་སྨག་རུམ་འཁྱིལ་བའི་དུར་ས་དེའི་ཕྱོགས་སུ
དར་ལྕོག་རལ་བོའི་གཡབ་གཡུག་ལ་འཁོར་དགོས

ཀྱེ་མ་འཆི་བའི་འཇིགས་པ་སངས་བྱེད་ཀྱི་སྙིང་སྡུག
ཁྱོད་ཀྱིས་ང་རང་གཏན་ཏུ་བརྗེད་པར་གྱིས་ཤིག
ཁྱོད་ནི་ང་རང་ཤིན་ཏུ་འགྲོ་འདོད་ཅིང་གོམས་པ་སྤོ་ས་ཡེ་ནས་མེད་པའི་བྲག་གཡང་གཟར་མོ་དེ་ཡིན་པས
འཇིག་རྟེན་འདི་ན་འུ་གཉིས་ལ་ལས་དབང་གི་ལྗོན་པ་འདེབས་ས་མི་འདུག
              ༢༠༡༣་༣་༢༩ཧེ་ཁུའུ་ནས།

             གྲོང་ཁྱེར།
ནམ་གུང་ཞིག་ལ
ངལ་དུབ་ཀྱི་ཚང་མལ་ཡིན་པའི་ཧང་ཀྲུའུ་གྲོང་ཁྱེར་སྨུག་པས་གཡོགས་ཤིང
གཉིད་དུ་ཡུར་བའི་ངོ་གདོང་རྨི་ལམ་གྱི་ཆུ་བོས་ཁུར

སེམས་ཀྱི་ཕྱི་ནང་གཉིས་འཕྲད་པ་ཙམ་ལས
སྣང་བས་དཀྲུག་གིན་པའི་སྡོད་ཁང་གི་འགྲུལ་བཞུད
སྐད་ཅིག་དེ་ཉིད་མཁའ་དབུགས་ཀྱི་འཕག་འཚག་ལས་མགོ་བརྩམས

ང་རང་མྱུར་དུ་འབྲོ་འདོད་ཆེ་ཡང
རྣམ་ཤེས་ཀྱི་གྲང་ངར་ལ་འཁོར་བའི་ཡུལ་ལྗོངས་དེ
སྨུག་པའམ་ཨར་འདམ་གྱི་གསེང་དུ་ཟུག་འདུག
          ༢༠༡༣་༢་༢༧ཉིན་ཧང་ཀྲུའུ་ནས།

        ཁ་པར་ནང་དུ་།
ངས་བརྩེ་བའི་སྐད་སྒྲ་ཁ་པར་དུ་བླུགས་ཤིང
ཁྱོད་ལ་བར་ཐག་དང་བཅས་པ་བསྐུར་ཚེ
ཁྱོད་ཀྱིས་མེད་པ་དང་མི་སྣང་བ་ལས
གཞན་ཅི་ཞིག་མཐོང་འདོད་ན་དེ་མཐོང་སྲིད

ངས་དུས་ཚོད་ཀྱི་དྲོད་ཚད་ཁ་པར་དུ་བླུགས་ནས
ཀླད་ཀོར་ཀྱི་ལྟེ་བ་རུ་འཁྱིལ་བའི་ཞེ་འདང་ལ་བསྐུར་དུས
ཁྱོད་ཀྱིས་རང་གི་ནང་སེམས་གང་བར་བྱེད་པའི
གད་སྙིགས་ཀྱི་དཔལ་ཡོན་ལས
བེམ་རོའི་མཛེས་སྡུག་འཚོལ

ཁ་པར་ནང་གི་ཨར་འདམ་གྱི་ཟེགས་མས
རྒྱན་ཆ་དང་སེམས་པའི་ཡལ་ག་སྦགས་ཀྱང
ཁྱོད་ཀྱིས་དེ་ཉིད
ཚོན་རྩི་བྱུགས་པའི་རོལ་དབྱངས་སུ་བསྒོམ་སྲིད
           
        རྒུད་པའི་གོ་རིམ།
སྤྲང་ཀོག་གི་རྣམ་ཤེས་འདི་ཉིད
བཀྲེས་ལྟོགས་ཀྱི་འགྱུར་ཁུག་གིས་སད་དུ་བཅུག་མོད
རྨི་ལམ་སྔར་བཞིན་སྒྲེན་གཟུགས་སུ་སྣང་ཞིང
རྨི་ལམ་ནང་གི་རྐང་རྗེས་མཐའ་དག
འདུ་ཤེས་ཀྱི་སྒེའུ་ཡོལ་ངོས་སུ
སྲེག་ཐམ་གྱི་ཟོལ་གྱིས་བབས

ཡུལ་གྱུར་བ  ཁྱོད་ཀྱིས་རང་དབང་གི་གཞས་གཏོང་བའི་དམྱལ་ཁམས་ནས
ཁྱོད་ཀྱི་རྨི་ལམ་གྱིས་རོ་ལངས་རྒྱག་དུས
འཆི་བདག་གིས་མྱུར་ཚོད་ཅིག་ལས་ཅི་ཞིག་མཚོན་ནུས་སམ

ཁོ་རང་འཇབ་ནས་ཡོང་བའི་ངང་ཚུལ་དེ
གཟུགས་དང་མེ་ལོང་མཉམ་དུ་ཆག་པའི་དཔེ་ཡག་ཤོས་ཤིག་རེད

          ཁེར་རྐྱང་གི་གླིང་ཕྲན།
གླིང་ཕྲན་འདིའི་ངུ་ཤུམ་ཁྲོད་དུ
བྲག་རྡོ་དང་ཉྭ་ཕྱིས་ཀྱ་དྲི་མས་ཁྱབ་ཀྱང
མི་རྣམས་ཀྱིས་རང་ལུས་འདི
ཤེས་རབ་འཕྱུར་བའི་རྒྱ་མཚོ་རུ་འཁྲུལ

འདོད་ཧམ་ཅན་གྱིས་ཉི་འོད་ཀྱི་ཁེ་ཚོང་ལས
ཉལ་ཐ་དང་བུད་མེད་ཉོ

རེ་དོགས་ཀྱིས་ནད་པར་བསྒྱུར་བའི་ནང་སེམས་ལ
ཐག་རིང་གི་ཡུལ་ལྗོངས་ཏེ་བཅུག་ནས
དངུལ་ལོར་དང་སྡོད་ཁང་བཅུག་ནས
རླངས་འཁོར་དང་གོ་ས་བཅུག་ནས
གནམ་གྲུར་བསྡད་དེ
འཆི་བའི་ཕྱོགས་སུ་ཡུལ་སྐོར་ལ་ཆས་རྗེས
ལྷོ་ཕྱོགས་ཀྱི་གླིང་ཕྲན་འདིས་བག་ཡངས་ངང
རྒྱ་མཚོ་གོས་སུ་བཀླུབས་ནས་གཉིད་དུ་ཡུར
             ༢༠༡༣་༣་༡༣ཧེ་ཁུའུ་ནས།

           རླངས་འཁོར་དུ་བསྡད་རྗེས།
སྤྱི་སྤྱོད་རླངས་འཁོར་ནི
སྲོག་ཆགས་གླིང་ཀའི་འཇིགས་ཉམས་ཀྱི
མངོན་སྟངས་གཞན་ཞིག་རེད

ཧ་ཅང་ཟབ་ནན་གྱི་ངོ་གདོང་དག
ལྐོག་གྱུར་གྱིས་བཞུར་བའི་ཆུ་རྒྱུན་ཞིག་ལྟར
འཁྱོམ་རོམ་གྱི་གླིང་ཕྲན་སྙེགས་ནས་འགྲོ

ངག་མི་སྨྲ་བར་བསྡོད་པ་ཙམ་དུ་སྣང་ཡང
ཚང་མས་འོད་ཀྱི་མྱུར་ཚད་ལས་མགྱོགས་པའི
གོམ་སྟབས་ཀྱིས་གྲོང་ཁྱེར་འདི་དྲུད་ནས་འགྲོ་བཞིན་འདུག
           
         རླངས་འཁོར་ལས་བབས་རྗེས།
རླངས་འཁོར་ལས་བབས་ནའང
རྩིག་པ་མཐོན་པོ་དེས་སྔར་བཞིན་ཉི་འོད་སྒྲིབ
གྲིབ་མ་དག་ཕན་ཚུན་འཕྲད་པ་ལས
ཆོམ་སྒྲ་གྲགས་ཤིང་མེ་སྟག་གཙུབ

གསོན་ཉམས་ལྡན་པའི་ལྕེབས་ཐག་གིས
རལ་གྲི་ལས་རྣོ་བའི་འུར་ཟིང་གིས
བདག་གི་ལུས་པོ་ཁྲིད་ནས་འགྲོ་གྲབས་བྱེད
         
        ཕར་སོང་བའི་ཚེ།
སིལ་ཏོག་འཚོང་བའི་ཁེ་བ་དེས
རང་ལུས་ཀྱི་ཕྱེད་ཀ
ཤིང་རྟ་འཁོར་ལོའི་ནང་རྡེབ་ཀྱིན་འདུག

དབུགས་ངལ་ལེན་སའི་བསྟི་གནས་དེ་ཡང
བདག་གི་རྗེས་སྙེགས་ནས་བྲོས་ཡོང
ངེད་གཉིས་ཀྱིས་འཆི་བདག་གི་མངའ་ཐང་རྩོད་པ་ལྟར
ཐང་ཆད་པའི་སྲང་ལམ་གྱི་དབང་རྩའི་ནང་ན་བྲེལ་མྱུར་གྱིས་རྒྱུགས
           ༢༠༡༣་༣་༡༤ཧེ་ཁུའུ་ནས།

རྩོམ་ཁུངས། ངེད་དྲ་བ།

གཟིམས་པ་མེད་པའི་མཆོད་མེ། དབྱངས་གསལ་སོ་བཞིའི་མཛེས་སྡུག  RSSསྔོན་མངག

གངས་ཀྱི་སྙན་ངག་ཚན་པ་བཅུ་གསུམ།

2013-03-31 གངས། ཀློག་གྲངས། མཆན ཡོད།

དཔྱད་མཆན ཡོངས་སུ་གཟིགས།དཔྱད་མཆན།

མིང་མི་འགོད་པར་སྤེལ།