པབ་ལོ་ནེ་རུ་ཌ་ཡི་སྙན་ངག་བོད་འགྱུར་མ།

          གལ་སྲིད་ཁྱེད་ཀྱིས་བདག་བརྗེད་པ་ཡིན་ན།

བདག་གིས།
ཁྱེད་ཀྱིས་དོན་དངོས་གཅིག་ཤེས་ན་འདོད།

འདི་ནི་ཅིའི་ཕྱིར་ཡིན་པ་ཁྱེད་ཀྱིས་མཁྱེན་ངེས་ཏེ།
གལ་སྲིད་བདག་གིས།
བདག་གི་སྒེའུ་ཁུང་འཁྲིས་ཀྱི།
དལ་བཞུད་ཀྱི་སྟོན་ཀའི་ཡལ་ག་དམར་བོ་རུ།
དྭངས་ཤེལ་གྱི་ཟླ་བར་བལྟས་ཚེ།
གལ་སྲིད་བདག་གིས།
མེ་ཕུང་འགྲམ་གྱི།
ཐོགས་རེག་བྲལ་བའི་ཐལ་དཀར་རམ།
ཡང་ན། གཉེར་མས་གང་བའི་འབུད་ཤིང་ལ་རེག་ཚེ།
དྲི་མ། འོད་སྣང་། ལྕགས་རིགས།
གཞི་གྲུབ་ཀྱི་དངོས་པོ་ཐམས་ཅད།
གྲུ་གཟིངས་ཆུང་ཆང་མང་བོ་ཞིག་དང་འདྲ་བར།
ཡོད་ཚད་ཀྱིས་བདག
བདག་ཉིད་ལ་སྒུག་ཡོད་པའི།
ཁྱེད་ཀྱི་གླིང་ཕྲན་ཕྱོགས་སུ་འཁྱེར།

ད་ལྟ།
གལ་སྲིད་ཁྱེད་ཀྱིས་བདག་ལ་བཅངས་པའི་བརྩེ་དུང་དེ་དལ་མོ་དལ་མོས་ཡལ་བར་འདོར་ཚེ།
བདག་གིས་ཁྱེད་ལ་བཅངས་པའི་བརྩེ་དུང་དེ་ཡང་དལ་མོ་དལ་མོས་ཡལ་བར་འདོར་ངེས།

གལ་སྲིད་གློ་བུར་དུ།
ཁྱེད་ཀྱིས་བདག་བརྗེད་པ་ཡིན་ན།
བདག་འཚོལ་དུ་མ་ཡོང་།
རྒྱུ་མཚན་ནི། བདག་གིས་སྔོན་ནས་ཁྱེད་རང་བརྗེད་ཡོད་ངེས།

གལ་སྲིད་ཁྱེད་ཀྱིས་དེ་ཐད་ལ་བསམ་བློ་ཡུན་རིང་བཏང་ནས་འཚིག་པ་ཟོས་ཏེ།
འཇིགས་རུང་རླུང་ནག་འཚུབ་མས།
བདག་གི་མི་ཚེ་འཕྲེད་ཀྱིས་བཅད་ན།
གལ་སྲིད་ཁྱེད་ཀྱིས་བདག
བདག་ཉིད་རྩ་བ་ཟུག་ཅིང་རྩེ་མོ་རྒྱས་སའི་སྙིང་ཁུང་གི་མཚོ་ངོགས་དེ་ནས་བསྐྱུར་རྒྱུ་ཡིན་ན།
ཁྱེད་ཀྱིས་ཐུགས་ལ་ཞོག་དང་།
ཉི་མ་དེ་དང་།
དུས་ཚོད་དེའི་ཐོག་ཏུ།
བདག་གིས་བློས་གཏོང་གི་ལག་ཟུང་ཡར་ལ་བཀྱག་ནས།
བདག་ཉིད་ཀྱི་རྩ་བ་དེ་ལས་བྲལ་ནས།
གནས་བཅའ་སའི་ས་གཞི་གཞན་པ་ཞིག་འཚོལ་ངེས།

འོན་ཀྱང་།
གལ་སྲིད་ཉི་མ་རེ་རེར།
དུས་ཚོད་རེ་རེར།
འགོག་མེད་ཀྱི་དུངས་པ་ཞིག་དང་ཆབས་ཅིག
ཁྱེད་ལ་བདག་ཉིད་ཁྱེད་ཀྱི་ལས་བསྐོས་ཀྱི་གཏན་གྲོགས་ཡིན་པའི་ཚོར་བ་སྐྱེས་ན།
གལ་སྲིད་ཉི་མ་རེ་རེར་མེ་ཏོག་རྐང་གཅིག
ཁྱེད་ཀྱི་མཆུ་སྒྲོས་སུ་འགོས་ནས་བདག་འཚོལ་དུ་ཡོང་ན།
ཨ། བདག་གི་བརྩེ་བ། ཨ། བདག་རང་ཉིད་ཀྱི་བརྩེ་བ།
བདག་གི་བྲང་ཁུང་དུའང་མེ་ལྕེ་དེ་དག་ཡང་དང་བསྐྱར་དུ་འབར་གྱི་ཡོད།
བདག་གི་སེམས་ཁུང་ནས་ཅི་ཡང་ཆད་མྱོང་མེད་ལ་ཅི་ཡང་བརྗེད་མྱོང་མེད།
བདག་གི་བརྩེ་བ་དེ་ཁྱེད་ཉིད་ཀྱི་བརྩེ་བར་བརྟེན་ནས་འཚོ་བཞིན་ཡོད་ལ། བརྩེ་བས་བསྐྱངས་ནས་ཡོད།
བདག་གི་བརྩེ་བ་དང་མ་བྲལ་བའི་དུངས་པ་དེ།
ཇི་སྲིད་ཁྱེད་ཉིད་འཚོ་བའི་བར་དུ། དེ་སྲིད་ཁྱེད་ཀྱི་ཕྱག་ཟུང་དུ་ཡོད་ངེས།

མཆན།
མ་རྩོམ་དབྱིན་མིང་།    If You Forget Me
རྩོམ་པོ་བོའི་དབྱིན་མིང་།    Pablo Neruda
རྩོམ་པ་བོའི་རྒྱ་འགྱུར་མིང་།    巴勃鲁·聂鲁达

         རྩོམ་པ་བོ་ངོ་སྤྲོད་མདོར་བསྡུས།

   པབ་ལོ་ནེ་རུ་ཌ་(༡༩༠༤ནས་༡༩༧༣ལོ་བར)ཡི་དངོས་མིང་ལ་ནེ་ཧྥོ་ཋ་ལེ་ རེ་ཁཱ་ཌོ་ རེའེ་སི་ བྷ་སོལ་ཋ་ཟེར་ཞིང་། སྤྱི་ལོ་༡༩༠༤ལོའི་ཟླ་༧ཚེས་༡༢ཉིན་ཆི་ལི་རྒྱལ་ཁབ་ཀྱི་ཕཱ་རལ་གྲོང་རྡལ་དུ་སྐུ་འཁྲུངས། ཁོང་ལོ་ན་ཆུང་དུས་ནས་བཟུང་སྙན་ངག་འབྲི་བར་དགའ་ལ། རང་ལོ་༡༦སྟེང་དུ་སན་ཌེ་ཡའི་ཆི་ལི་སློབ་གསོའི་སློབ་གླིང་དུ་ཞུགས་ནས་ཧྥ་ཡིག་སྦྱངས། ༡༩༢༨ལོར་ཕྱི་འབྲེལ་ལས་རིགས་སུ་ཞུགས་ནས། སྔ་ཕྱིར་ཕྱིའི་རྒྱལ་ཁབ་ཏུ་སྡོད་པའི་ཚོང་དོན་སྐུ་ཚབ་པ་དང་གཞུང་ཚབ་པ་སོགས་ཀྱི་ལས་ཀ་གཉེར། ༡༩༤༥ལོར་རྒྱལ་ཚོགས་འཐུས་མིར་བདམས་པ་མ་ཟད། ཆི་ལིའི་རྒྱལ་ཡོངས་རྩོམ་རིག་བྱ་དགའ་ཐོབ། ལོ་དེར་ཁོང་ཉིད་ཆི་ལིའི་གུང་ཁྲན་ཏང་ནང་ཞུགས། རྗེས་སུ་རྒྱལ་ཁབ་ནང་གི་སྲིད་ཀྱི་འགྱུར་ལྡོག་གི་དབང་གིས་ཕྱི་རྒྱལ་དུ་བཙན་བྱོལ་ལ་ཕེབས་དགོས་བྱུང་། ཁོང་འཛམ་གླིང་ཞི་བདེ་ལས་འཛིན་ལྷན་ཚོགས་ཀྱི་ལས་འཛིན་དུ་བདམས་མྱོང་ལ། སི་ཏ་ལིན་རྒྱལ་སྤྱིའི་ཞི་བདེའི་བྱ་དགའ་ཡང་ཐོབ་མྱོང་། ༡༩༥༢ལོར་ཕྱིར་རྒྱལ་ནང་དུ་ཕེབས་ནས་ཆི་ལིའི་རྩོམ་པ་བོའི་མཐུན་ཚོགས་ཀྱི་ཚོགས་གཙོའི་འགན་འཁུར། ཁོའི་བརྩམས་ཆོས་གཙོ་བོ་ལ་༡༩༢༤ལོར་འདོན་སྤེལ་བྱས་པའི་<<བརྩེ་དུང་གི་སྙན་ངག་ཚན་པ་པ་ཉི་ཤུ་དང་ཡིད་ཆད་ཀྱི་གླུ་དབྱངས་གཅིག>>ཅེས་པ་དང་། ༡༩༥༠ལོར་འདོན་སྤེལ་བྱས་པའི་<<སྙན་ངག་ཕྱོགས་བསྡུས>>སོགས་ཡོད། ༡༩༧༡ལོར་ཁོ་ལ་ནོ་བྷེལ་རྩོམ་རིག་བྱ་དགའ་ཐོབ། ཁོ་ལ་བྱ་དགའ་འདི་ཡང་ལས་སླ་བོས་ཐོབ་མེད་དེ། ཁོས་སྔོན་ཆད་སི་ཏ་ལིན་རིང་ལུགས་ཀྱི་སྲིད་དབང་སྒེར་སྡོམ་ལམ་ལུགས་ལ་བསྟོད་པ་བཏང་མྱོང་ཞིང་། དོན་དངོས་དེ་ནོ་བྷེལ་འདེམས་བསྐོ་ལྷན་ཚོགས་ཀྱི་ཚོགས་མི་འགས་བརྗེད་མེད་པ་རེད། སྤྱི་ལོ་༡༩༧༣ལོའི་ཟླ་༩ཚེས་༢༣ཉིན་སྙན་ངག་པ་ཁོང་སན་ཊི་ཡ་གོ་ནས་སྙིང་ནད་ཀྱི་དབང་གིས་ཚེ་ལས་འདས། རྗེས་སོར། ཁོང་གི་ཤི་རྐྱེན་དེ་ཆབ་སྲིད་ཀྱི་ལྐོག་གསོད་ཡིན་པའི་དོགས་པ་ལངས་ནས། ཁྲིམས་ཁང་གིས་རྩད་ཞིབ་བྱེད་འགོ་བརྩམས་ཡོད་ལ། རྩད་ཞིབ་ཀྱི་ལས་ཀ་དེ་ད་ལྟའང་འགྲོ་བཞིན་པའི་སྒང་ཡིན།
        
               ༼ཐེ་བྲག་བསྟན་པས་བསྡུས་ཏེ་བསྒྱུར༽
 
རྩོམ་ཁུངས། ངེད་དྲ་བ།

གཟིམས་པ་མེད་པའི་མཆོད་མེ། དབྱངས་གསལ་སོ་བཞིའི་མཛེས་སྡུག  RSSསྔོན་མངག

པབ་ལོ་ནེ་རུ་ཌ་ཡི་སྙན་ངག་བོད་འགྱུར་མ།

2013-10-28 པབ་ལོ་ནེ་རུ་ཌ། ཀློག་གྲངས། མཆན ཡོད།
 
དཔྱད་མཆན ཡོངས་སུ་གཟིགས།དཔྱད་མཆན།

མིང་མི་འགོད་པར་སྤེལ།