རི་སྔོན་བླ་མ་ཐར་གྱི་སྙན་ངག་བདམས་བཀོད།

རི་སྔོན་བླ་མ་ཐར། མཆོད་མེ་བོད་ཀྱི་རྩོམ་རིག་དྲ་བ། 2014-05-08


        
          དབྱར་རྩྭ་དགུན་འབུ་ལས་བྱུང་བའི་འཆར་སྣང་།


ས་རློན་གྱི་གཏིང་དུ་ཉལ་ཡོད་པའི་འབུ་ཞིག་སྟེ
དགུན་དུས་ཀྱི་གྲང་ལྷགས་དང་མཉམ་པོར
ཚེ་ཡི་འདུ་བྱེད་སྟོང་བར་གྱུར་བའི་རྗེས་སུ    
སླར་ཡང་རྩྭ་ཞིག་གི་སྐྱེ་བ་བླངས་ནས             
ས་མཐོའི་རི་དང་སྤང་གི་སྲིབ་ཏུ་སྐྱེས་སོང
མགོ་ཙམ་ནི་ཡོད་པ་འདྲ      ཁ་ཙམ་ནི་ཡོད་པ་འདྲ
མིག་ཙམ་ནི་ཡོད་པ་འདྲ
ལྟོ་བར་ཡང་རྐང་ལག་ཆ་བརྒྱད་ཙམ་ཡོད་པར་སྣང
དུས་ཚོད་ལས་སྐྱེས་བའི་རྩྭ་མི་ཤིང་མི
གཉིད་ལས་སད་མ་སད་ཀྱི་དུས་སུ
ཕྱི་ནས་སྙིང་ཁམས་ལ་རྨས་སྐྱོན་བཟོས་པའི
གདུང་བ་དེ    རྨ་ཁ་དེ་ཡང

ཕ་མ་སྤུན་མཆེད་བྱས་ནས
ཚོ་བ་དང་ཤོག་ཁ་བྱས་ནས
སྐོར་དང་སྐོར་བྱས་ནས་ཚོགས་པ་ཞིག་ལ་གྲུབ
སྐོར་དང་སྐོར་བྱས་ནས་མཐོ་སྒང་གི་གྲུ་ཟུར་དུ་ལུས
སྐོར་དང་སྐོར་བྱས་ནས   

ཕྱེད་ནི་འབུ་དང་ཕྱེད་ནི་རྩྭ
ཉི་མ་དང་ཟླ་བ་དེ་ཡོད་པ་ཞིག་ཏུ་ངེས་ཀྱང
གཞན་དག་དང་མཉམ་དུ་མེད་པར་བཟོས་ནས
ག་ས་གང་དུ་ཡང་བསྲིངས་པའི་ལག་པ་འདིའི་རྗེས་སུ
འབུ་སྲིན་དང་དུག་རྫས་གྲངས་མེད་པ་འཁོར

སྐྱེ་དངོས་ཡིན་པའི་རྩྭ་རྐང་རེ་རེ
མུན་ནག་ནང་གི་རྩྭ་རྐང་རེ་རེ
ཟོ་ཆུན་གྱི་འཁོར་ལོའི་སྲུབས་ཀའི་སྦུག་ནས
ངོ་མི་ཤེས་པའི་གཏེར་ཁ་དེ་དག་དང་མཉམ་དུ
རུལ་མྱགས་སུ་འགྲོ་ཨེ་སྲིད
ཡང་ན་སྔོག་འདོན་དང་བཙོ་སྦྱངས་རབ་དང་རིམ་པའི་རྗེས་སུ
རིགས་མི་གཅིག་པ་གཞན་ཅི་ཞིག་ལ་འགྱུར་ལྡོག་བྱ་རྩིས་ཡོད་པ

རང་གི་ཁ་ཕྱོགས་བོར་ཟིན་པའི་རྗེས་སུ
ང་ཚོ་ལ་འགྲོ་ལམ་གཞན་ཞིག་གང་དུ་ཡང་མེད་པ་འདྲ
                ༢༠༡༣ལོའི་ཟླ་༨པའི་ཚེས་༢ཉིན་མགོ་ལོག་དར་ལག་ཏུ་བྲིས།

           ར་བཟི་བའི་མི།

ར་བཟི་བའི་མི་དེ
གང་ཞིག་ལ་འགྲོ་བའི་ལམ་དུ
འདམ་མྱགས་ཀྱིས་སྦགས་པའི་ཆུ་ནང་དུ་ལྷུང
གཏིང་ནས་གཏིང་དུ་བྱིངས

མཚན་མོའི་དུས་སུ
ཆུ་དེ་ལ་བརྒལ་ནས་ཕ་རོལ་ཏུ་སྒྲོལ་རྒྱུ་ནི
མངོན་འགྱུར་མེད་པའི་རྨི་ལམ་ཞིག་དང་མཚུངས               
                 ༢༠༡༡ལོའི་ཟླ༩ཚེས༧ཉིན།

          མཐོ་སའི་གྲང་རླུང་།

ཐེངས་ཤིག་ལ
འགྲོ་བའི་ལམ་ཁར
བྱེ་མའི་གསེང་དུ་ཉལ་དུས
གང་ནས་འཁྱར་ཡོང་མི་ཤེས་པའི
གྲོག་སྦུར་ཆུང་ཆུང་ཞིག
ཡར་འགྲོ་མར་འགྲོ་འགའི་རྗེས་སུ
ངའི་རུམ་དང་མཆན་འོག་ལ་འཛུལ་ཡོང

རྩྭ་ས་དང་ཁྱིམ་གཞིས་ཤོར་བས
གཞན་ཞིག་ལ་གནས་སྤོར་ནས་འགྲོ་དུས
ལམ་ནོར་ཐེབས་པ་ཡིན་ནམ
ལུས་པོ་ཡོངས་འདར་སིག་སིག
འཇིག་རྟེན་གྱི་གྲུ་ཁ་འདིར
ང་དང་འདྲ་བར་ཁེར་འདུག་བྱས་ནས
མཚམས་མཚམས་སུ
གྲོག་སྦུར་འདིས་ཀྱང་གཉིད་ལྕོག་རྒྱག

མཚན་མོའི་དུས་སུ
མཐོ་སའི་གྲང་རླུང་དེ
ཡུན་རིང་བོར་འུར་འུར
ནམ་མཁའི་ཁྱོན་ཡོངས
རྔམ་མཐུག་པའི་མུན་ནག་གིས་གཡོགས་པའི་ཚེ
ལུས་ནས་བ་སྤུ་ཡང་གཡོ་བར་བྱེད

སུ་ཞིག་གིས་ཕྱི་ཤུན་བཤུས་སོང་སྙམ་པའི
ངའི་མཐའ་འཁོར་གྱི
ཆེ་ཆུང་དང་མཐོ་དམའ་མི་འདྲ་བའི
ས་དམར་གྱི་རི་རྒྱུད་འདི་དག་ནག་རོག་གེར་ལུས
     
སང་ཉིན་གྱི་ཉིན་བྱེད་དེ་ལམ་སང་འཆར་ཡོང་ངམ
མུན་པའི་སྦུབས་སུ
གྲོག་སྦུར་དེས་ཡང་ཡང་ཁེར་བཤད་རྒྱག
                     ༢༠༡༢ལོའི་ཟླ་༩ཚེས༢༧ཁྲི་ཀ་ནས།    



           དྲི་བ་མང་པོ་ཞིག་ལ་ལན་མི་འདུག
ཙི་གུ་ནི་འགྲུལ་བ་ཙམ་ཞིག  ཁྱོད་མིན་པའི་ངེས་པའང་བྲལ
ལུས་པོ་ནི་གང་ཞིག་ནས་གཡར་བ་ཙམ
ངེས་མ་ངེས་པའི་འགྱུར་ལྡོག་དེ་དག
ལྟོ་གོས་དང་འགྲོ་འདུག  ཡང་ན་གཞན་དག་གི་ཕྱིར་དུ
བྱེ་མས་ས་དོང་འདྲ་བའི་སྤྱིལ་བུ་ཞིག་བཟོ་དུས
བྱེ་མ་ནི་བྱེ་མ་ཕྲ་རབ་དག་གིས་གྲུབ་ཅིང
བྱེ་མ་ཕྲ་རབ་ཇི་བཞིན་སྟོང་བར་འདུག
ས་དོང་དེ་མུན་ནག་གི་རྩིག་པ་ཞིག་དང་འདྲ
སུ་ཞིག་དེའི་ནང་དུ་འཚོ་སྡོད་བྱ་དུས
དུས་ཚོད་ནི་ཞུ་ནས་འགྲོ་བའི་གངས་ཀྱི་འཁྱག་རོམ་ཞིག
ཉི་མ་དང་ཟླ་བས་རེ་མོས་སུ་བསྐོར་བ་རྒྱག་དོན་ཅི
 དེ་རིང་གི་ནམ་མཁའ་དང་ནམ་མཁའི་མཐའ་འདི
སྨིག་རྒྱུ་རབ་རིབ་ཀྱིས་གཡོགས་དོན་ཅི
ཐག་པ་དེར་ཨི་ཁུང་མང་པོས་ཁེངས་དོན་ཅི ཁྱི་གུ་ཞིག་ལ་ཡང་ཡང་སེང་གེ་ཞེས་འབོད་དགོས་དོན་ཅི
ཆུ་ནི་རྙོག་མ་དང་མེ་ནི་འཁྱག་པ་འདྲ་བ་ཞིག་ཡིན་དོན་ཅི
རྗེས་སུ་ང་ཚོ་ནར་སོན་པའི་ཚེ་ན
 དྲི་བ་མང་བོ་ཞིག་ལ་ལན་མི་འདུག
                 ༢༠༡༢ལོའི་ཟླ་༡༠པའིཚེས་༡༢གཅན་ཚ་ནས་བྲིས།

           ཁྱི་སྤྱང་གཉིས་ཀ་དཔུང་བསྡེབས་ཚུལ།

ཁྱོད་དང་ཨ་ཅེ་ཝ་མོ
འགྲོ་རོགས་འདུག་རོགས་གཅིག་ཡིན་ནམ་

ཁྱོད་དང་ཨ་ཕོ་སྤྱང་ཀི
བཟའ་རོགས་འཐུང་རོགས་གཅིག་ཡིན་ནམ

ལོ་ངོ་མང་བོའི་རིང་ལ
ཁྱི་སྤྱང་གཉིས་ཀས་དཔུང་བསྡེབས་ནས
                   ༢༠༠༩ལོར་བླ་བྲང་ནས་བྲིས།
                        ༢༠༡༣ ལོར་བསྐྱར་དུ་བཅོས།


           རྨ་སྟོད།
          
            ༡
རྨ་སྟོད  དེ་རིང་གི་རྨ་སྟོད
གངས་རླུང་དང་ཁ་བ
འོད་དུ་འཚེར་བའི་མུ་ཏིག་ཁྲི་མ་འབུམ
རིན་པོ་ཆེའི་ནོར་བུ་གང་ཞིག
འཇའ་སྤྲིན་དང་རླངས་པའི་མཚོན་བྱེད
དུས་ཡུན་སྐད་ཅིག་སྐད་ཅིག་ཙམ་རིང
ཐ་གུ་དེ་དུམ་བུ་བརྒྱ་སྟོང་དུ་མར་གྱེས
ཁྱི་གུ་དང་གཡག་རྒན་གྱོལ་བོ་ཞིག
འབྲོག་ནས་མཁར་གྲོང་དུ་གནས་སྤོར་བཞིན་པའི་ས་སྲོད
           ༢
རྨ་སྟོད  དེ་རིང་གི་རྨ་སྟོད
ས་འོག་གི་གཏེར་དང་སྐྱེ་དངོས
སྐར་མ་ཁྲི་མ་འབུམ  སྐར་མ་དེ་དག
ནམ་མཁའི་དབྱིངས་སུ  མཐོ་ས་ཞིག་ཏུ
ཡོད་ཡོད་འདྲ   མེད་མེད་འདྲ
ཆུ་ནང་གི་རྫི་མོ  མ་ངེས་པའི་རྨི་ལམ
ལྕགས་འབིག་དང་མཉམ་དུ་གཤིབ་ནས་ཡོང་བའི
གྲངས་མེད་པའི་ཨི་ཁུང་ཆེ་ཆུང་དེ་དག
སྒོ་དང་སྒེའུ་ཁུང་ལས
མོག་པོར་སྣང་བའི་མཆོད་མེ་དེས་ངུ་ཤུམ་ཕྲན་ཙམ་རྒྱག་པའི་མཚན་མོ
            ༣
རྨ་སྟོད      དེ་རིང་གི་རྨ་སྟོད
མཚེའུ་ཆེ་ཆུང་ཁྲི་མ་འབུམ  མཚོ་དང་མཚེའུ་དེ་དག
གཉིད་ནས་ཡོད་པའི  སད་གྲབས་ཙམ་ཡོད་པའི
མིག་ཟུང་ཁྲི་མ་འབུམ་དང་འདྲ  མིག་ཟུང་དེ་དག་ལས
ལན་རེར་དྲོ  ལན་རེར་འཁྱག་པ་འདྲ་བའི་ཉིན་བྱེད
རྩྭ་སའི་གསེབ་ཀྱི་རྡུལ་དང་བྱེ་མ་ཕྲ་རབ
ལྕགས་དྲའི་ནང་དུ་ཉལ་བའི་འབྲི་མོ་དང་བེའུ
དར་ལྕོག་དང་ནམ་མཁའ་སྟོང་བ་ཞིག
མཚོ་སྐྱ་རེངས་དང་སྔོ་རེངས་ཀྱི་མཚམས་ནས
ནམ་མཁའ་སྟོང་བའི་ཁྱོན་དུ་བྱེའུ་ཆུང་འགའ་འུར་
ཆིལ་ལེར་འཕུར་ནས་འགྲོ་པའི་ཞོགས་པ
                     ༢༠༡༣ལོར་མགོ་ལོག་རྟ་བོར་ནས་བྲིས།

                  (མཆོད་མེའི་པར་དབང་གཞན་གྱིས་དགོལ་མི་རུང)
 

རྩོམ་ཁུངས། ངེད་དྲ་བ།

གཟིམས་པ་མེད་པའི་མཆོད་མེ། དབྱངས་གསལ་སོ་བཞིའི་མཛེས་སྡུག  RSSསྔོན་མངག

རི་སྔོན་བླ་མ་ཐར་གྱི་སྙན་ངག་བདམས་བཀོད།

2014-05-08 རི་སྔོན་བླ་མ་ཐར། ཀློག་གྲངས། མཆན ཡོད།


        
          དབྱར་རྩྭ་དགུན་འབུ་ལས་བྱུང་བའི་འཆར་སྣང་།


ས་རློན་གྱི་གཏིང་དུ་ཉལ་ཡོད་པའི་འབུ་ཞིག་སྟེ
དགུན་དུས་ཀྱི་གྲང་ལྷགས་དང་མཉམ་པོར
ཚེ་ཡི་འདུ་བྱེད་སྟོང་བར་གྱུར་བའི་རྗེས་སུ    
སླར་ཡང་རྩྭ་ཞིག་གི་སྐྱེ་བ་བླངས་ནས             
ས་མཐོའི་རི་དང་སྤང་གི་སྲིབ་ཏུ་སྐྱེས་སོང
མགོ་ཙམ་ནི་ཡོད་པ་འདྲ      ཁ་ཙམ་ནི་ཡོད་པ་འདྲ
མིག་ཙམ་ནི་ཡོད་པ་འདྲ
ལྟོ་བར་ཡང་རྐང་ལག་ཆ་བརྒྱད་ཙམ་ཡོད་པར་སྣང
དུས་ཚོད་ལས་སྐྱེས་བའི་རྩྭ་མི་ཤིང་མི
གཉིད་ལས་སད་མ་སད་ཀྱི་དུས་སུ
ཕྱི་ནས་སྙིང་ཁམས་ལ་རྨས་སྐྱོན་བཟོས་པའི
གདུང་བ་དེ    རྨ་ཁ་དེ་ཡང

ཕ་མ་སྤུན་མཆེད་བྱས་ནས
ཚོ་བ་དང་ཤོག་ཁ་བྱས་ནས
སྐོར་དང་སྐོར་བྱས་ནས་ཚོགས་པ་ཞིག་ལ་གྲུབ
སྐོར་དང་སྐོར་བྱས་ནས་མཐོ་སྒང་གི་གྲུ་ཟུར་དུ་ལུས
སྐོར་དང་སྐོར་བྱས་ནས   

ཕྱེད་ནི་འབུ་དང་ཕྱེད་ནི་རྩྭ
ཉི་མ་དང་ཟླ་བ་དེ་ཡོད་པ་ཞིག་ཏུ་ངེས་ཀྱང
གཞན་དག་དང་མཉམ་དུ་མེད་པར་བཟོས་ནས
ག་ས་གང་དུ་ཡང་བསྲིངས་པའི་ལག་པ་འདིའི་རྗེས་སུ
འབུ་སྲིན་དང་དུག་རྫས་གྲངས་མེད་པ་འཁོར

སྐྱེ་དངོས་ཡིན་པའི་རྩྭ་རྐང་རེ་རེ
མུན་ནག་ནང་གི་རྩྭ་རྐང་རེ་རེ
ཟོ་ཆུན་གྱི་འཁོར་ལོའི་སྲུབས་ཀའི་སྦུག་ནས
ངོ་མི་ཤེས་པའི་གཏེར་ཁ་དེ་དག་དང་མཉམ་དུ
རུལ་མྱགས་སུ་འགྲོ་ཨེ་སྲིད
ཡང་ན་སྔོག་འདོན་དང་བཙོ་སྦྱངས་རབ་དང་རིམ་པའི་རྗེས་སུ
རིགས་མི་གཅིག་པ་གཞན་ཅི་ཞིག་ལ་འགྱུར་ལྡོག་བྱ་རྩིས་ཡོད་པ

རང་གི་ཁ་ཕྱོགས་བོར་ཟིན་པའི་རྗེས་སུ
ང་ཚོ་ལ་འགྲོ་ལམ་གཞན་ཞིག་གང་དུ་ཡང་མེད་པ་འདྲ
                ༢༠༡༣ལོའི་ཟླ་༨པའི་ཚེས་༢ཉིན་མགོ་ལོག་དར་ལག་ཏུ་བྲིས།

           ར་བཟི་བའི་མི།

ར་བཟི་བའི་མི་དེ
གང་ཞིག་ལ་འགྲོ་བའི་ལམ་དུ
འདམ་མྱགས་ཀྱིས་སྦགས་པའི་ཆུ་ནང་དུ་ལྷུང
གཏིང་ནས་གཏིང་དུ་བྱིངས

མཚན་མོའི་དུས་སུ
ཆུ་དེ་ལ་བརྒལ་ནས་ཕ་རོལ་ཏུ་སྒྲོལ་རྒྱུ་ནི
མངོན་འགྱུར་མེད་པའི་རྨི་ལམ་ཞིག་དང་མཚུངས               
                 ༢༠༡༡ལོའི་ཟླ༩ཚེས༧ཉིན།

          མཐོ་སའི་གྲང་རླུང་།

ཐེངས་ཤིག་ལ
འགྲོ་བའི་ལམ་ཁར
བྱེ་མའི་གསེང་དུ་ཉལ་དུས
གང་ནས་འཁྱར་ཡོང་མི་ཤེས་པའི
གྲོག་སྦུར་ཆུང་ཆུང་ཞིག
ཡར་འགྲོ་མར་འགྲོ་འགའི་རྗེས་སུ
ངའི་རུམ་དང་མཆན་འོག་ལ་འཛུལ་ཡོང

རྩྭ་ས་དང་ཁྱིམ་གཞིས་ཤོར་བས
གཞན་ཞིག་ལ་གནས་སྤོར་ནས་འགྲོ་དུས
ལམ་ནོར་ཐེབས་པ་ཡིན་ནམ
ལུས་པོ་ཡོངས་འདར་སིག་སིག
འཇིག་རྟེན་གྱི་གྲུ་ཁ་འདིར
ང་དང་འདྲ་བར་ཁེར་འདུག་བྱས་ནས
མཚམས་མཚམས་སུ
གྲོག་སྦུར་འདིས་ཀྱང་གཉིད་ལྕོག་རྒྱག

མཚན་མོའི་དུས་སུ
མཐོ་སའི་གྲང་རླུང་དེ
ཡུན་རིང་བོར་འུར་འུར
ནམ་མཁའི་ཁྱོན་ཡོངས
རྔམ་མཐུག་པའི་མུན་ནག་གིས་གཡོགས་པའི་ཚེ
ལུས་ནས་བ་སྤུ་ཡང་གཡོ་བར་བྱེད

སུ་ཞིག་གིས་ཕྱི་ཤུན་བཤུས་སོང་སྙམ་པའི
ངའི་མཐའ་འཁོར་གྱི
ཆེ་ཆུང་དང་མཐོ་དམའ་མི་འདྲ་བའི
ས་དམར་གྱི་རི་རྒྱུད་འདི་དག་ནག་རོག་གེར་ལུས
     
སང་ཉིན་གྱི་ཉིན་བྱེད་དེ་ལམ་སང་འཆར་ཡོང་ངམ
མུན་པའི་སྦུབས་སུ
གྲོག་སྦུར་དེས་ཡང་ཡང་ཁེར་བཤད་རྒྱག
                     ༢༠༡༢ལོའི་ཟླ་༩ཚེས༢༧ཁྲི་ཀ་ནས།    



           དྲི་བ་མང་པོ་ཞིག་ལ་ལན་མི་འདུག
ཙི་གུ་ནི་འགྲུལ་བ་ཙམ་ཞིག  ཁྱོད་མིན་པའི་ངེས་པའང་བྲལ
ལུས་པོ་ནི་གང་ཞིག་ནས་གཡར་བ་ཙམ
ངེས་མ་ངེས་པའི་འགྱུར་ལྡོག་དེ་དག
ལྟོ་གོས་དང་འགྲོ་འདུག  ཡང་ན་གཞན་དག་གི་ཕྱིར་དུ
བྱེ་མས་ས་དོང་འདྲ་བའི་སྤྱིལ་བུ་ཞིག་བཟོ་དུས
བྱེ་མ་ནི་བྱེ་མ་ཕྲ་རབ་དག་གིས་གྲུབ་ཅིང
བྱེ་མ་ཕྲ་རབ་ཇི་བཞིན་སྟོང་བར་འདུག
ས་དོང་དེ་མུན་ནག་གི་རྩིག་པ་ཞིག་དང་འདྲ
སུ་ཞིག་དེའི་ནང་དུ་འཚོ་སྡོད་བྱ་དུས
དུས་ཚོད་ནི་ཞུ་ནས་འགྲོ་བའི་གངས་ཀྱི་འཁྱག་རོམ་ཞིག
ཉི་མ་དང་ཟླ་བས་རེ་མོས་སུ་བསྐོར་བ་རྒྱག་དོན་ཅི
 དེ་རིང་གི་ནམ་མཁའ་དང་ནམ་མཁའི་མཐའ་འདི
སྨིག་རྒྱུ་རབ་རིབ་ཀྱིས་གཡོགས་དོན་ཅི
ཐག་པ་དེར་ཨི་ཁུང་མང་པོས་ཁེངས་དོན་ཅི ཁྱི་གུ་ཞིག་ལ་ཡང་ཡང་སེང་གེ་ཞེས་འབོད་དགོས་དོན་ཅི
ཆུ་ནི་རྙོག་མ་དང་མེ་ནི་འཁྱག་པ་འདྲ་བ་ཞིག་ཡིན་དོན་ཅི
རྗེས་སུ་ང་ཚོ་ནར་སོན་པའི་ཚེ་ན
 དྲི་བ་མང་བོ་ཞིག་ལ་ལན་མི་འདུག
                 ༢༠༡༢ལོའི་ཟླ་༡༠པའིཚེས་༡༢གཅན་ཚ་ནས་བྲིས།

           ཁྱི་སྤྱང་གཉིས་ཀ་དཔུང་བསྡེབས་ཚུལ།

ཁྱོད་དང་ཨ་ཅེ་ཝ་མོ
འགྲོ་རོགས་འདུག་རོགས་གཅིག་ཡིན་ནམ་

ཁྱོད་དང་ཨ་ཕོ་སྤྱང་ཀི
བཟའ་རོགས་འཐུང་རོགས་གཅིག་ཡིན་ནམ

ལོ་ངོ་མང་བོའི་རིང་ལ
ཁྱི་སྤྱང་གཉིས་ཀས་དཔུང་བསྡེབས་ནས
                   ༢༠༠༩ལོར་བླ་བྲང་ནས་བྲིས།
                        ༢༠༡༣ ལོར་བསྐྱར་དུ་བཅོས།


           རྨ་སྟོད།
          
            ༡
རྨ་སྟོད  དེ་རིང་གི་རྨ་སྟོད
གངས་རླུང་དང་ཁ་བ
འོད་དུ་འཚེར་བའི་མུ་ཏིག་ཁྲི་མ་འབུམ
རིན་པོ་ཆེའི་ནོར་བུ་གང་ཞིག
འཇའ་སྤྲིན་དང་རླངས་པའི་མཚོན་བྱེད
དུས་ཡུན་སྐད་ཅིག་སྐད་ཅིག་ཙམ་རིང
ཐ་གུ་དེ་དུམ་བུ་བརྒྱ་སྟོང་དུ་མར་གྱེས
ཁྱི་གུ་དང་གཡག་རྒན་གྱོལ་བོ་ཞིག
འབྲོག་ནས་མཁར་གྲོང་དུ་གནས་སྤོར་བཞིན་པའི་ས་སྲོད
           ༢
རྨ་སྟོད  དེ་རིང་གི་རྨ་སྟོད
ས་འོག་གི་གཏེར་དང་སྐྱེ་དངོས
སྐར་མ་ཁྲི་མ་འབུམ  སྐར་མ་དེ་དག
ནམ་མཁའི་དབྱིངས་སུ  མཐོ་ས་ཞིག་ཏུ
ཡོད་ཡོད་འདྲ   མེད་མེད་འདྲ
ཆུ་ནང་གི་རྫི་མོ  མ་ངེས་པའི་རྨི་ལམ
ལྕགས་འབིག་དང་མཉམ་དུ་གཤིབ་ནས་ཡོང་བའི
གྲངས་མེད་པའི་ཨི་ཁུང་ཆེ་ཆུང་དེ་དག
སྒོ་དང་སྒེའུ་ཁུང་ལས
མོག་པོར་སྣང་བའི་མཆོད་མེ་དེས་ངུ་ཤུམ་ཕྲན་ཙམ་རྒྱག་པའི་མཚན་མོ
            ༣
རྨ་སྟོད      དེ་རིང་གི་རྨ་སྟོད
མཚེའུ་ཆེ་ཆུང་ཁྲི་མ་འབུམ  མཚོ་དང་མཚེའུ་དེ་དག
གཉིད་ནས་ཡོད་པའི  སད་གྲབས་ཙམ་ཡོད་པའི
མིག་ཟུང་ཁྲི་མ་འབུམ་དང་འདྲ  མིག་ཟུང་དེ་དག་ལས
ལན་རེར་དྲོ  ལན་རེར་འཁྱག་པ་འདྲ་བའི་ཉིན་བྱེད
རྩྭ་སའི་གསེབ་ཀྱི་རྡུལ་དང་བྱེ་མ་ཕྲ་རབ
ལྕགས་དྲའི་ནང་དུ་ཉལ་བའི་འབྲི་མོ་དང་བེའུ
དར་ལྕོག་དང་ནམ་མཁའ་སྟོང་བ་ཞིག
མཚོ་སྐྱ་རེངས་དང་སྔོ་རེངས་ཀྱི་མཚམས་ནས
ནམ་མཁའ་སྟོང་བའི་ཁྱོན་དུ་བྱེའུ་ཆུང་འགའ་འུར་
ཆིལ་ལེར་འཕུར་ནས་འགྲོ་པའི་ཞོགས་པ
                     ༢༠༡༣ལོར་མགོ་ལོག་རྟ་བོར་ནས་བྲིས།

                  (མཆོད་མེའི་པར་དབང་གཞན་གྱིས་དགོལ་མི་རུང)
 

རྩོམ་ཁུངས། ངེད་དྲ་བ།

དཔྱད་མཆན ཡོངས་སུ་གཟིགས།དཔྱད་མཆན།

མིང་མི་འགོད་པར་སྤེལ།