འཕགས་ཆེན་གྱི་སྙན་ངག་བདམས་བཀོད།

DSCF8007.JPG 
 འཕགས་ཆེན་ནི། 1990ལོར་མཚོ་སྔོན་ཞིང་ཆེན་ཡུལ་ཤུལ་ཁུལ་ནང་ཆེན་རྫོང་ཟུར་མང་སྐྱོ་ཉིན་ཡུལ་དུ་སྐྱེས། 2002ལོའི་ཡར་མར་ནས་ཟུར་མང་དགོན་ཆེན་དུ་བསྡད་དེ་བསྡུས་རྟགས་དང་བརྡ་སྤྲོད་སྐོར་ནས་མགོ་བརྩམས་ཏེ་ནང་བསྟན་རིག་གཞུང་སྐོར་ལ་འཆད་རྩོད་རྩོམ་གསུམ་གྱི་བྱ་བ་ཁུར་དུ་བླངས།
  2012ལོ་ནས་སྙན་ངག་གཙོ་བོར་བྱས་ཏེ་རྩོམ་རིག་གི་སྐོར་འབྲི་སྦྱོང་བྱེད་ཀྱིན་《བོད་ཀྱི་རྩོམ་རིག་སྒྱུ་རྩལ》《གངས་རྒྱན་མེ་ཏོག》 《ཟླ་ཟེར》སོགས་གཞུང་སྒེར་གྱི་དྲྭ་དེབ་ཚགས་གསུམ་དུ་བརྩམས་ཆོས་གང་མང་འགོད་མུས་བགྱིས།
  རང་སེམས་རང་གིས་ཤེས་པ་ནས་བཟུང་། བག་ཚ་བ་མེད་པར་གློག་བཞུ་དང་ཆར་སྨག་ངོས་སུ་ཞེ་འཁོར་དོན། སློབ་སྦྱོང་ནི་མི་ཚེའི་རྩ་དོན་དུ་བཟུང་སྟེ། འོད་སྣང་ཁོ་ན་ལ་སྙིང་ཁ་གླན་པར་མི་མོས་ཤིང་ཧ་ཅང་གནག་པའི་མུན་པ་ལའང་སེམས་ངོ་གཏོད་འདོད། དེ་བས་ཆགས་སྡང་གི་ཧྲག་བར་ནས་སྙན་ངག་གིས་གཡབ་མོ་འདེབས་པ་ནི་ཉམས་རེ་དགའ།

IMG_6591.JPG
            གྲྭ་རྐྱང་དང་སྙན་ངག

ཁེར་རྐྱང་གི་རྩ་མདུད་བར་ནས།།
རས་གཟན་ལ་ཚོན་ཁ་བཏབ་པའི།།
རྣམ་ཤེས་ཀྱི་ཨ་ལོང་ནང་དུ།།
གྲྭ་ཤག་གི་ཏིང་འཛིན་སྒོམ་བཞིན།།
ཨ་ཡིག་གི་ཁ་ཏོན་བཀླགས་པ།།

དར་ལྕོག་གིས་རྣམ་ཤེས་བཏེགས་ཤིང་།།
རི་ཟོམ་གྱི་མེ་ཏོག་འཐུ་བའི།།
གསེར་ཏོག་གི་རྨི་ལམ་ཅན་ཚོ།།
གླེགས་བམ་གྱི་ཉིན་སྲིབ་ཁྲོད་ནས།།
འཇའ་ལུས་ཀྱི་གོ་འཕང་འཚོལ་འགྲོ།།

ངག་རིག་ལ་འོ་སྦྱོར་བྱེད་ཞོར།།
ཚོར་སྣང་གི་འཇའ་མཚོན་གྱོན་ནས།།
རྨི་ལམ་གྱི་བདར་ཤ་ཁྲོད་དུ།།
རོལ་དབྱངས་ཀྱི་སྙན་པ་དཀྲོལ་བཞིན།།
བག་ཡངས་ཀྱི་གནས་ལ་གོམས་པ།།

འོད་གསལ་གྱི་གློག་སྒྲོན་ངོས་ནས།།
རང་སྣང་ལ་གསེད་བཀྲོལ་བྱེད་བཞིན།།
སྨྱུག་ཤོག་གི་སྒྱུ་རྩལ་ངོས་སུ།།
ཆུ་རྐྱང་གི་བྲོ་བ་རོལ་ཞོར།།
མཉམ་རྗེས་ཀྱི་འཇུག་ལྡང་རྩེན་པ།།

ཚོགས་ཆེན་གྱི་འདུ་ཁང་ཐོག་ནས།
ཏིང་ཏིང་གི་འཚོག་བརྡ་ཡོང་དུས།།
ཟླ་གམ་གྱི་ཐུ་བ་བསྣོལ་བཞིན།།
མི་རྐྱང་གི་གོ་ཁ་ལྷོད་པོས།།
དྲན་ཤེས་ཀྱི་དབྱངས་ཡིག་བསླང་འོང་།།

ཡ་ཐོད་དུ་གཉེར་རིས་མ་དོད།།
ན་གཞོན་གི་ཁྲག་རྩ་རྒྱས་ཤིང་།།
རྐང་གླིང་གི་སྙན་ངག་རིང་མོ།།
རླུང་ཁ་ནས་འཕྱོ་ལྡིང་ཙམ་གྱིས།།
རང་སྣང་ལ་འོད་ཟེར་འབུས་མྱོང་།།

རྐང་ལམ་གྱི་སེམས་དཔའ་ཆེན་པོས།
ཤ་རུས་ཀྱི་མེ་ཏོག་རེ་རེས།།
བརྗོད་མེད་ཀྱི་རྟུལ་ཞུགས་བཟུང་བས།།
སྤྱིལ་ཆུང་གི་བདེ་སྟོང་དབྱེར་མེད།།
གྲགས་སྟོང་གི་རང་སྒྲས་ཁྱབ་ཡོང་།།

            དབུགས་དབྱུང་ཞིག

གཅིག་པུ་གཉིད་ལས་སད་ཙ་ན།།
སྒེའུ་ཁུང་ངོས་ཀྱི་ཡོལ་བ་ཕྱེས།།
ཁང་མིག་ནང་གི་ལྡེབས་རིས་ཀྱིས།།
ཉིན་བྱེད་འོད་སྣང་མཚར་དུ་བསྟར།།

རྟོག་དཔྱོད་ངར་མའི་ཀློང་རོལ་ནས།།
ཉིན་མོ་འདི་ཀོའི་སྣང་སྟོང་གཉིས།།
སོམ་ཉིའི་མདུད་པ་ལྷོད་དུ་ཕབ།།
ཡུད་ཙམ་རྒྱ་ཆད་ཕྱོགས་ལྷུང་བྲལ།།

མ་བཅོས་སེམས་ཀྱི་ལྡིང་ཀ་འདི།།
ཡིག་འབྲུ་བོར་བའི་གཙང་པོ་ཞིག།
ཁ་མིག་བར་གྱི་ནམ་མཁའ་ནས།།
རང་སྣང་གཞན་སྣང་འཁྲུལ་བར་བརྩིས།།

ནམ་ཟླ་སྨྲེང་བའི་ཁང་མིག་འདི།།
མིང་དང་རྡོ་བས་མཐའ་ནས་བསྐོར།།
བྲག་ཅར་འཁོར་བའི་སྙན་ཚིག་དག།
ཐ་སྙད་མང་པོའི་གཙུད་ཕུད་ཡིན།།

རང་སངས་རྒྱས་པའི་འཆར་ཡན་གྱིས།།
གནས་དང་ཡོ་བྱད་བྱིན་གྱིས་བརླབས།།
བདག་གི་གྲིབ་མ་ནར་ནར་འདིས།།
མ་དག་སྣང་བའི་ཆོ་འཕྲུལ་སྟོན།།

ང་ལ་སྟོང་པའི་ཞིང་ཁམས་ཡོད།།
ལམ་པོ་ཆེ་ཞེས་བྱ་བ་མེད།།
སེམས་ཀྱི་མཚོ་མོ་མཐའ་མེད་འདིས།།
འཛད་མཐའ་མེད་པའི་རྨི་ལམ་བཞག།

སྐྱེ་འཆི་བར་མའི་འཁྲུལ་སྣང་གིས།།
མེ་ལོང་ཆག་པའི་ལོ་དེ་བརྗེད།།
ཉེ་བའི་ངལ་གསོའི་དབུགས་དབྱུང་འདིས།།
སེམས་ཀྱི་འཆར་སྒོ་ཡངས་པོར་བྱས།།

             ང་ཡི་ལོ་ཟླ།

ནམ་མཁས་སྣང་བ་བསེད་དེ།།
རང་སེམས་རྡོ་ལ་བརྒྱབ་པས།།
ཚུགས་ཐུབ་ཡེ་ནས་མེད་པའི།།
ཅོལ་ཆུང་ལོ་ཟླ་ནག་བཞག།

རང་དོན་ཆུ་ལ་བསྐུར་ནས།།
སྨྱུག་གུ་ངོ་གཉིས་མ་འདིས།།
མི་ཚེའི་བརྡ་ཡིག་བྲིས་ཚེ།།
སྡང་བའི་སོ་ཁ་དོད་འགྲོ།།

སྒྱུ་མའི་ཐང་སྟོང་ངོས་ནས།།
འཇའ་ཡི་བུ་མོར་ཆགས་ཀྱང་།།
སྐྱ་མོའི་ལོ་ཟླའི་གསེང་ནས།།
མི་ཚེ་ཚོན་གྱིས་བསྒྱུར་སོང་།།

བརྩེ་བ་མེ་ཏོག་མ་རེད།།
སྐྱེ་བ་འདི་ཡི་ལན་ཆགས།།
ཟློག་མེད་མྱོང་དགོས་བྱུང་ན།།
སྨིག་རྒྱུའི་འཁྲུལ་སྣང་འབྱུང་ངེས།།

དབང་མེད་གོམ་འགྲོས་འཁྱར་འཁྱོར།།
ཚ་གྲང་བར་ནས་བྱས་པས།།
འཚོ་བའི་རྨ་ཁ་འདི་དག།
དུས་ཀྱི་སྡིག་པར་གྱུར་ཐལ།།

ཆོས་ཉིད་ཕུགས་ལ་བཞག་ཀྱང་།།
ཕམ་ཁ་གློར་བུར་བྱུང་བས།།
རང་གི་ལམ་ཁ་འདི་དག།
ཚེ་འདིའི་ལས་དབང་ནག་པོ།།

དེ་རིང་མངོན་སུམ་ཡིན་ན།།
ཕྱི་ཉིན་རྨི་ལམ་ཙམ་ཞིག།
ལོ་ཟླའི་སྣེ་ཤན་མེད་ན།།
མིག་ཟུང་ཕྱེས་ཀྱང་སྟོང་པ།།

འདུན་པ་གཅིག་ཏུ་གཏད་ཀྱང་།།
བསྐོས་པ་སྣ་ཚོགས་ཡིན་པས།།
ཡ་ཐོད་དཔྲལ་བའི་རི་མོ།།
གདོན་གྱིས་ཟིན་པའི་ལས་རེད།།

            ཟིལ་བ་དམར་པོ།

རི་མཐའི་ཤ་མོ་རེ་རེ་ལ།།
ཟིལ་བ་འཐུང་བའི་འབུ་སྦྲང་འཁོར།།
དེ་ལ་སྲེད་པའི་ར་རོ་ཡིས།།
ང་ལ་རགས་པའི་རྨི་ལམ་རྨིས།།

སྣང་བའི་ཟོམ་ཆེན་དཀྱིལ་བུག་ཅིག།
བདེ་ཆེན་རྩེ་ནས་འགྲིལ་བ་ཤར།།
ཆུ་མིག་གོང་གི་ཤིང་ལོ་ང་།།
སྤྲིན་པར་འཁྱུད་ནས་མན་དུ་ལོག།

མིག་གི་རྒྱ་མོའི་ཕྲ་ཐིག་ན།།
ཕོ་ཉས་དེད་པའི་ལྷ་ཞིག་གསལ།།
ང་རང་གཅིག་པུར་བཅར་ཙ་ན།།
རྣ་ལ་ཐིངས་པའི་ལབ་རྡོལ་དབེན།།

             སེམས་ཉིད།

ཤག་ཆུང་རྨི་ལམ་ཕབ་ས་རུ།།
འགྲེ་ལོག་རྒྱག་པའི་སྐྱིད་ཅིག་ཡོང་།།
ཚོར་སྣང་གཏིང་དཔག་དཀའ་བ་ཞིག།
ཉིན་མཚན་མེད་ལ་འགྲེལ་ནས་གཡེང་།།

ཟ་འོག་རི་མོའི་གདན་ཐོབ་ནས།།
སེམས་ཉིད་འདི་ལ་ཕྱག་རྒྱ་བཏབ།།
དྲན་པ་ཨ་ལོང་གུག་གུག་ལ།།
ཉམས་སྣང་འདྲེས་མའི་བོགས་ཤིག་ཐོན།།

རང་རིག་སེམས་ཀྱི་རོལ་པ་འདི།།
སྣང་གསལ་འབར་བའི་རང་ངོ་སྤྲད།།
གཉུག་མའི་ཨ་འཐས་གོག་པོ་ལ།།
གསེད་བཀྲོལ་དོད་པའི་དབྱངས་ཤིག་དཀྲོལ།།

སིམ་གདུང་བར་མའི་ཚོར་བ་ལ།།
ཆུ་ཡིས་བྲན་པའི་རྟོག་འགྱུ་རྒོད།།
ཡང་ཡང་ནར་ནར་བྱས་ཙ་ན།།
གཏི་མུག་ཕག་ཏུ་ཡུར་བར་གྱུར།།

རང་ཆུས་དལ་བུར་འཁོར་བ་ན།།
ཅི་ཆ་མེད་པའི་སེམས་ངོ་ཤར།།
གཏན་གྱི་རྣམ་འཕྲུལ་ག་ལ་ཡིན།།
སྐད་ཅིག་ཉིད་ལ་འཆལ་བའི་རྒྱུ།།

             རྨི་འཁྲུལ།(1)

ནམ་གྱི་ཆ་གསུམ་གང་རུང་དུ།།
ཇི་མི་སྙམ་པའི་རྨི་འཁྲུལ་ཏེ།།
བྱེ་མའི་ལ་མོ་བརྒལ་བ་ནས།།
ཆུ་ཡི་ངོགས་སུ་ཕྱིན་པའི་བར།།
རྐང་པ་གཉིས་པོ་སིག་སིག།
ལག་པ་ཟུང་ཡང་འདར་འདར།།
རང་ལུས་ཧྲིལ་པོ་ཁྱོམ་ཁྱོམ།།

སྔོན་ཆད་རང་ངོ་མི་ཤེས་པ།།
ད་ཆ་གསལ་ལ་མི་གསལ་བ།།
ཕར་བལྟས་ཞལ་ཁ་འཛུམ་འཛུམ།།
ཚུར་མཐོང་གད་མོ་ཤར་ཤར།།
ལས་ཀྱིས་འཕྲད་པ་མ་འཚལ་ཏེ།།
སྟེས་ཀྱིས་གདོང་ཐུག་བརྒྱབ་པ་ཞིག།

རིག་མའི་མཚན་གྱི་མེ་ཏོག་ཅིག།
བོས་ན་ངུ་སྐད་ལྷང་ལྷང་།།
དྲན་ན་རང་མགོ་ཡོམ་ཡོམ།།
ལངས་ན་སྒོ་མོ་ཁྲིག་ཁྲིག།
ཉལ་ན་ས་གོང་ལྡིག་ལྡིག།
ཚིག་གི་སྤུ་རིས་གཅོད་པ་ལ།།
བེམ་ཏོལ་བརྒྱབ་ན་ཐོལ་ཐོལ།།
(1)དེ་སྔ་ཐ་སྙད་ཅིག་ཏུ་གྲུབ་པ་ཆ་མི་འཚལ་མོད། ད་རེས་༼རྨི་འཁྲུལ༽་ཞེས་གསར་བྱུང་ཡིན་ནའང་ཐང་། ལར་འཇིག་རྟེན་གྲགས་ངོ་ན་༼རྨི་ལམ༽ལ་བདེན་དང་མི་བདེན་གཉིས་སུ་འཛིན་པ་ལས་འདི་ཕྱི་མའི་མིང་བསྡུས་ཤིག་ཏུ་བློས་བསླངས་བྱས་ཡོད། འགྲིག་མིན་འུ་ཚོ་ཐུན་མོང་གིས་དཔྱོད།

               ལམ་གྱི་རླུང་།
                             -----ཉིན་ཐོ་ཞིག་ག་ལེར་གློད་པ།

སྤང་དང་མེ་ཏོག་གི་མཛེས་པ་ཡོད་སའི།།
རྒྱ་ཡི་གྲོང་ཁྱེར་ཞིག་རང་སར་བསྐྱུར་ནས།།
ས་མཐོ་གནམ་མཐོ་ཡི་ཕ་ཡུལ་དྲན་བཞིན།།
ལམ་གྱི་དཀའ་ངལ་ཙམ་ཨེ་བཟོད་བལྟ་འགྲོ།།

རི་བོའི་ཨང་ཞབས་ནས་སྐབས་རེར་འཛུལ་ཞིང་།།
ལུང་པའི་སྒང་སོ་ནས་མཆོང་བ་འདྲ་བ།།
སྟོད་སྨད་བར་གསུམ་གྱི་ལ་ལུང་དེ་དག།
ལམ་གྱི་རླུང་ཁ་ནས་ཡང་ཡང་བརྗེ་དགོས།།

ཆུ་དང་རྩྭ་ཐང་གི་སྐེད་པ་བཅད་ཅིང་།།
རྡོ་དང་ལྕགས་གོང་གི་རེག་བྱ་མྱོང་བཞིན།།
ལམ་གྱི་རྒྱགས་ཕྱེ་ཙམ་ཟ་ཞོར་འཐུང་ཞོར།།
རླུང་དང་ཁ་བ་སོགས་ས་གཤག་གནམ་གཤག།

ལམ་ཆེན་ལམ་ཆུང་དག་རྒྱུ་མ་བདའ་བདའ།།
ཤིང་དང་ཤིང་ཕྲན་གྱི་མཛེས་པ་བཏུས་ནས།།
ལན་རེར་ཉལ་བ་དང་ཐེངས་རེར་ཙོག་པས།།
ཉིན་མཚན་ཁོར་མོ་ཡུག་འདི་ལྟར་བསྐྱལ་ངེས།།

མདང་ནུབ་གྲང་རླུང་གིས་རང་ལུས་བཅོམ་པས།།
ཤ་དང་རུས་པ་དག་འདར་ཞིང་གཟེར་སོང་།།
ད་ནི་ཉིད་འོད་ཀྱིས་ཕྱི་ནང་སྲོ་བཞིན།།
སྒོ་དང་སྒེའུ་ཁུང་ནས་ནན་གྱིས་ཅེར་ཡོད།།

ལོ་མ་ལྗང་ཁུ་སོགས་ཁ་རྩང་མཛེས་ཀྱང་།།
གནམ་གཤིས་ནག་ནོག་གིས་སུན་ཡུན་རིང་པས།།
གསལ་དང་དྭངས་གཙང་གི་དེ་རིང་ལམ་ནས།།
སྣང་བ་སྐྱིད་པོ་ཞིག་ངང་གིས་འོངས་ཐལ།།

              མཚན་མོའི་མགུར།

ཉི་ཟླ་ཕྲག་པར་བསྐྱོན་པ་སུ་ཞིག་ཡོད།།
དོ་ནུབ་གཉིད་ཀྱི་གཡོ་བ་མ་བྱས་པར།།
བར་སྣང་སྟོང་པར་སྒོམ་པའི་ཚུགས་ཀ་དེ།།
ང་དང་མཚན་མོའི་གམ་ནས་འདར་འདར་བྱེད།།

འོད་ཟེར་དམར་པོའི་རང་མདོག་ལུས་ལ་ཡོད།།
དཀར་གཙང་ཤོག་གུའི་རྣམ་ཤེས་བདག་ལ་ཞུགས།།
ག་ལེར་མཚན་མོ་བདའ་བའི་རྨི་ལམ་འདི།།
སྒེའུ་ཁུང་འགྲམ་ནས་འཕྱོ་ལྡིང་རྩེན་ས་ཞིག།

དྲན་པས་གནམ་སྒོ་རྡུང་བའི་ཚོར་བ་དང་།།
ལུས་ཁམས་རླུང་དང་འདྲེས་པའི་ཉམས་སྣང་གིས།།
མུ་ཏིག་དོ་ཤལ་ལྟ་བུའི་མི་ཚེ་ལ།།
སྐྲ་ལོ་ཉག་མ་རེ་རེས་བྱིལ་བྱིལ་བྱེད།།

ཉིན་གྱི་མེ་ཏོག་ཚོམས་དག་བཏུས་པས་ཀྱང་།།
དོ་ནུབ་མཚན་པོ་ངུ་བའི་རྐྱེན་དུ་བཟོས།།
དུས་ཚོད་བར་མ་དོ་ཡི་བསིལ་རླུང་དག།
ཟླ་བའི་གཏམ་རྒྱུད་བཤད་ནས་བསྐྱལ་བར་བྱ།།

               སྐྲ་ལོ་སིག་སིག རྒྱན་ཆ་ཁྲིག་ཁྲིག

                                -----2014ལོའི་བུད་མེད་དུས་ཆེན་ཉིན་ཨ་ཅེ་དང་ནུ་མོ་གཉིས་གཙོས་པའི་མི་མོ་ཚོ་ལ་སྦྱར།

དུས་ཀྱི་འཇིངས་སུ་ནུབ་པའི་རི་མོ་ཞིག།
སྤྲིན་གྱི་ཕང་བར་ལྷུག་ལྷུག་གྲོལ་བ་བཞིན།།
སྐྲ་ཡི་ཚོན་ཁ་བཏབ་པའི་མེ་ཏོག་ཚོ།།
སྐྱེ་འཆི་བར་མ་དོ་ནས་གཤེགས་སུ་གསོལ།།

བརྩེ་བའི་དཔྱང་ཐག་རིང་བའི་མིག་ངོ་ན།།
འཛུམ་ཁ་ལྷོད་སེ་དོད་པའི་ལུས་ཕྲ་མ།།
གཉུག་མའི་རི་ཟོམ་ནང་གི་མུ་ཏིག་བཞིན།།
གནམ་སའི་ཁྱོན་ནས་འོད་ཀྱི་གང་བུ་ཡིན།།

དཀར་ནག་རི་མོ་ཕབ་པའི་ལམ་ཁ་ནས།།
དྲན་པའི་མཚོ་མོ་སྐྱོམ་པའི་མེ་ལོང་འདི།།
སྙིང་གི་ཉེ་སར་ལྷུང་བའི་དན་རྟགས་སུ།།
རྒྱན་ཆའི་བཀྲག་མདོག་སྣུམ་པོ་ཤིགས་སེ་ཤིག།

རྒྱང་ནས་སྒྲ་འོད་ཟེར་གྱིས་ཡང་ཡང་སྒུལ།།
མདུན་ནས་དགའ་བའི་རོལ་མོ་ལྷང་ལྷང་གྲགས།།
གནམ་ས་ཕྱེད་ཀྱི་བདག་མོ་གློ་ཉེ་ཚོ།།
རིག་པ་བརྡ་ཤར་ལམ་ནས་ཁྱེད་ཚོ་དྲན།།

མ་སྐྱེས་ཨ་མར་གྱེས་ནས་མཐའ་རིང་ཡང་།།
རང་སེམས་ཆུ་ལས་འཁྱགས་པའི་བར་སྣང་དུ།།
གཟའ་སྐར་འཕྲོ་སྦྱོར་ཤར་བའི་རྨི་ལམ་གྱིས།།
མེ་ཏོག་ཡིད་དགའ་ཁྱེད་ཚོ་སྙིམ་པར་སྦྱོར།།

             རྣམ་རྟོག་གི་ཕ་རོལ།

ལུས་ཀྱི་ཤ་ཐང་ཅི་ཙམ་ཆད་ནའང་།།
ནང་གི་རྣམ་རྟོག་བྱིངས་ཤིང་འཐེབས་པ་དབེན།།
གསལ་སྒྲིབ་མེད་པའི་མེ་ལོང་ཆག་རོ་ལ།།
གད་མོ་ཤོར་བའི་རྣམ་འགྱུར་ཟད་མཐའ་མེད།།

རླུང་གི་དཀྱིལ་འཁོར་སྒོམ་པའི་ཕ་རོལ་ཏུ།།
མེ་ཡི་ཐར་བ་མེད་ཅེས་མ་བཤད་རོགས།།
རང་སེམས་གཞལ་ཡས་ཁང་གི་གསལ་འདེབས་འདི།།
མཆེ་བ་ཅན་ཚོས་སྡིགས་མོ་འཆའ་ས་རེད།།

ཁྱོད་ཀྱིས་བདམས་པའི་ལམ་ཁ་ནོར་ཡང་སྲིད།།
རྗེས་ནས་ཤོག་ཅེས་ཨུ་ཚུགས་མ་བྱེད་རོགས།།
བླ་རྡོ་ནག་པོའི་འཁོར་དུ་སོང་ཙ་ན།།
དམྱལ་བའི་སྡུག་བསྔལ་མྱོང་བ་ཐེ་མི་ཚོམ།།

གྱེན་ལྡོག་མེད་པའི་ལྕགས་ཀྱི་ཕ་བོང་འདི།།
ང་ཡི་མིག་ལ་ཆུང་ཆུང་མ་ཟེར་རོགས།།
གནས་སྣང་འགལ་བའི་དོན་གྱི་ཚུར་རོལ་ན།།
ཡོད་ཚད་ཆིལ་ཆིལ་སྒུལ་བའི་གཏིང་རྡོ་ཡིན།།

མེ་རོ་གསོ་བའི་ཤེལ་གྱི་བུད་ཤིང་དག།
ཁྱོད་དང་ང་ཡི་གཤེད་མར་མ་སྒོམ་ཞིག།
ཁ་སང་སྐྱེས་པའི་ཆུ་ཤིང་སྐྱ་བོ་ཙམ།།
སང་ཉིན་མཁོ་བའི་ཡི་དམ་ག་ལ་ཡིན།།

གཟི་མིག་བོར་བའི་སྲོད་ཀྱི་རྨི་ལམ་བཞིན།།
མིང་བྱང་གསང་བའི་དུས་ཀྱི་ལྐོག་ན་མོ།།
གངས་གྲོང་ནང་གི་གློག་མིག་འཛུམ་ཙམ་གྱིས།།
ཁྱོད་ཀྱི་ཆོལ་འཕྲུལ་བསྟན་པ་ཤེས་ངེས་རེད།།

བར་སྣང་ཁམས་ཀྱི་རིག་པའི་ཕོ་བྲང་དག།
རླུང་གཤོག་ཐོགས་པའི་མིག་གིས་འཚོལ་རྒྱུ་བྱོས།།
ང་ཡི་དཀོན་མཆོག་མཉམ་པར་བཞག་སྟབས་ཀྱིས།།
འུ་བུ་ཚོ་ཡིས་ལས་སྣང་བདེན་ཤས་ཆེ།།

              ཚིག་གིས་བསླེས་པའི་དྲིལ་བུ།

 

བས་མཐའི་ཆར་ཞོད་སྙོམས་པའི་བསིལ་འོག་ན།།
དུས་ཀྱིས་བསླེས་པའི་དྲིལ་ཆུང་སིལ་སིལ་དཀྲོལ།།
ཉིན་གྱི་སྣེ་ལ་མཚན་ཡང་མཐུད་བྱས་ནས།།
དགེ་སྡིག་རྒྱུ་འབྲས་འཚོལ་དུ་ཏུར་ཏུར་བསྡད།།

བདེ་བའི་སེམས་ཀྱི་བསྟི་གནས་ངོ་མ་ཞིག།
ཁེར་རྐྱང་འཚོ་བས་སྔོག་གཤེར་ཡང་ཡང་བྱས།།
གནམ་ནས་འཕྱང་བའི་སྨྱུག་གུའི་རྩེ་མོ་འདིས།།
འཁོར་འདས་གཉིས་ཀྱི་ས་བོན་རི་མོ་ཕབ།།

 

ཉི་འོད་འཁྱུད་པའི་གསེར་གྱི་རྒྱ་ཕིབས་འོག།
དབྱངས་ཀྱི་རོལ་ཆ་རྡུང་བའི་སྒོམ་ལ་ཞུགས།།
མིག་གིས་ཟིལ་བ་གཏོར་བའི་ཆོ་འཕྲུལ་གྱིས།།
དྲན་པའི་མཚོ་མོ་སྐྱོམ་པའི་རྨི་ལམ་ཡོད།།

 

རི་དྭགས་ཆོས་འཁོར་བཙུགས་པའི་ལྷ་ཁང་ཐོག།
ཕྱི་རོལ་མིག་གིས་དཔྱིད་དུ་བསྒྲོན་པའི་ཚེ།།
བསིལ་རླུང་འཇམ་པོ་ལུས་ལ་རེག་ཙམ་གྱིས།།
ཆོས་ཀྱི་གཡེར་ཁའི་དྲིལ་ཆུང་སིང་སིང་།།
གཟན་ཤམ་ལྷབ་ལྷུབ་སྐྱོད་པའི་སྣང་བ་འདིས།།

དབུགས་ཀྱི་སེམས་ངལ་གསོས་ནས་སྐྱིད་རབས་ཡོད།།
གླེགས་བམ་བཀྲོལ་ནས་བརྩོན་འགྲུས་བརྩམས་པ་ན།།
ཆོས་ལ་སྦྱར་བའི་དབྱངས་རྟ་རང་གྲགས་རེད།།

སྣང་གསུམ་ཤར་བའི་གྲྭ་ཤག་བདག་མེད་དུ།།
རྟོག་པའི་འཆར་ཡན་རྒོད་པའི་མི་རྐྱང་ཚོས།།
རང་བྱུང་རིག་པའི་རྡོ་རྗེའི་དབྱངས་རྟ་རེས།།
སྣང་སྲིད་ཆོས་ཀྱི་དབྱིངས་སུ་དལ་གཅིག་ལུས།།

 

ཞེན་ཆགས་རྡོ་རུས་ཐུག་པའི་ལམ་སྣེ་ནས།།
གཟུང་འཛིན་མཛུབ་མོར་བགྲངས་ཏེ་བསྐྱོད་ཙ་ན།།
འདི་སྣང་རི་མོ་བྲིས་པའི་སྙན་ངག་པ།།
འཆི་བའི་དངངས་སྐྲག་བསམས་ནས་ངུས་སྐད་འདུག།

 

གྲྭ་ས་མེ་ཏོག་ར་བའི་འོད་ཁྱིམ་ན།།
ད་ཕྱི་གདམ་ཁ་ལེན་པའི་མེ་ལོང་འཛིན།།
ཨ་ཕོ་ང་རྒྱལ་ཅན་གྱི་སྣང་ཡུལ་ནས།།
བདེན་རྫུན་འབྱེད་པའི་ཤེས་རབ་མེ་ལྕེ་འབར།།

 

སྙན་ངག་ལྷ་མོ་ཞི་བའི་ངང་ནས་གཤེགས།།
འཇམ་མཉེན་ཕྱག་གིས་བྱིལ་བྱིལ་ལན་གཅིག་བྱས།།
འཇའ་ཡི་བུ་མོའི་ཟློས་གར་མཐའ་མེད་འདིས།།
ཟླ་བའི་སྙན་ངག་བྲིས་ནས་གཉིད་དུ་ཡུར།།

 

             བྱང་ཐང་གི་ལོ་མ།

 

ཐང་སྟོང་སྒང་གཤོང་རིང་བའི་ལྟོ་བ་ན།།
ཉི་འོད་སེར་པོས་བདེ་བྲོད་སྐྱེས་ཙམ་གྱིས།།
ཚོར་བའི་ཚོན་ཁ་བཏབ་པའི་ལོ་མ་ཞིག།
རླུང་གིས་ལྷབ་ལྷུབ་སྒུལ་བའི་རྟོག་འགྱུ་མང་།།

 

མཁའ་མཐའ་སྤྲིན་པས་བཏུམ་པའི་སྣང་བའི་འོག།
གངས་ཀྱི་རོལ་མོ་བཀྲོལ་བའི་རྣམ་ཤེས་ཤིག།
ལོ་མའི་ཁུད་དུ་གཅུད་པ་མི་གསལ་མོད།།
རྩྭ་ཡི་ཉག་མ་རེ་རེས་ཤུགས་གླུ་གློད།།

 

གཡག་གི་རྭ་རྩེས་སྟོང་པའི་ཉམས་བརྗོད་ཅིང་།།
རྫི་བོའི་འུར་ལྕེས་སྲིད་པའི་ལམ་སྟོན་པས།།
གློ་བུར་རྨི་ལམ་རྨིས་པའི་བུ་ཆུང་ང་།།
ཕྱུགས་ཀྱི་རྨིག་སྒྲས་གཉིད་ལས་དཀྲོགས་ཀྱང་སྲིད།།

 

འབྲོག་ཐང་སྐྱ་བོའི་འཚོ་བ་སྐྱུར་མོ་འདི།།
ལོ་མའི་ངོས་སུ་བྲིས་ན་མི་ཚར་ཞིང་།།
རླུང་གིས་སེར་ཀ་དོད་པའི་ལག་རྒྱབ་ན།།
འོ་མས་ཆག་ཆག་བཏབ་ན་རྫོགས་ཀྱང་སྲིད།།

 

གྲང་བས་ལང་ཚོ་བཅོམ་པའི་རྫི་མོ་ཚོས།།
ནོར་ནག་ལྷས་ལ་བསྡུ་བའི་ངང་ཚུལ་བཟང་།།
ངེས་མེད་གཏན་འཁྱམ་བྱེད་པའི་མི་རྐྱང་ང་།།
མགོ་དཀྲིས་དམར་པོ་བཤུ་ལ་དགའ་བ་ཨང་།།

 

གོས་སྣེ་རླུང་གིས་རྡེབ་པའི་འབྲོག་མི་དག།
ཤིང་ལོ་གོས་སུ་གྱོན་ལ་དགའ་སྲིད་མོད།།
ཡུལ་གྱིས་སྐལ་དོན་སོང་བའི་རྨི་ལམ་ཞིག།
ཉེ་རིང་གང་ནས་བཀག་ཀྱང་ཡོད་ཚོད་རེད།།

 

ས་ཤུན་ཁ་བས་གཡོགས་པའི་ཡུལ་ཕྲན་ན།།
ལོ་མའི་རི་མོ་ཙམ་ཞིག་ཡོད་དཀའ་བས།།
དབུགས་ཀྱི་རྒྱུ་བ་རྒོད་པའི་མགྲོན་པོ་ངས།།
ཁ་བའི་འདབ་མ་བརྩིས་ཀྱང་ཚོད་ཅིག་ཟིན།།

མུན་པའི་སྟོང་ཉིད་བསྒོམ་ལ་ཉེ་རབས་འདུག།
ཚོར་བ་ཟླ་བ་ངོས་ལ་འཕྲིལ་འགྱུར་བས།།
སྐར་འོད་ལམ་ལམ་ཁྲོད་ཀྱི་ཕ་ས་ལ།།
སེམས་ཀྱི་སྣེ་མོ་དེ་ཡང་ཐོན་ལ་རན།།

བྱང་གི་ལོ་མ་སྔོན་པོའི་སྙན་ངག་འདི།།

ཕྱི་ཡི་དཀར་ངོགས་ཕང་ནས་འཐུ་བཞིན་དུ།།
ཤེལ་གྱི་རྩིག་ལྡེབས་ངོས་ལ་དཔར་བ་འདི།།
རྟོག་པ་འོག་འགྱུའི་ལམ་ནས་སྙན་པ་འཕུར།།

 

            དབྱངས་ཀྱི་ཟིལ་བ།

སེམས་ཀྱི་ལྗོན་པར་ཉི་ཟེར་འཕྲོ་ལྡོག་གིས།།
ཐག་འཁྱུད་མེ་ཏོག་དབྱངས་ལ་ཆགས་པའི་ཚུལ།།
སྟོང་པའི་ངོས་བཟུང་མེད་པའི་སྣང་བ་བཞིན།།
སྨྲ་བསམ་བརྗོད་པ་མེད་པའི་ཀློང་དུ་ཉེ།།

རང་སེམས་ཆར་ཐིགས་ཙམ་གྱིས་བརླན་པའི་ཤུལ།།
བདེ་སྟོང་འདྲེས་མའི་བྱིན་རླབས་མ་བཏབ་ཀྱང་།།
རིག་པའི་རྣོ་ཟེར་ལམ་གྱི་དབྱངས་ཡིག་ཚོགས།།
ཨ་དོན་སྐྱེ་བའི་མེད་པའི་དོན་དུ་ཞུགས།།

མེ་ལོང་སྟོང་པའི་ཚོར་གཟུགས་ཕྲ་རགས་དག།
དབྱངས་ཀྱི་རོ་མ་བོར་བའི་ཡིད་འགྱུ་བཞིན།།
རྟོག་པ་བོགས་དབྱུངས་ཙམ་གྱི་འགྱུར་ལྡོག་གིས།།
གཉུག་མའི་བརྡ་རྟགས་དེའང་བསྒུལ་བར་བྱས།།

མུ་ཅོར་སྨྲ་བའི་ཆུ་ཤིང་མེ་ཏོག་གིས།།
གསང་བའི་ཕྲ་ཐིག་འཚོལ་ལ་ཐག་རིང་བས།།
དབྱངས་ཀྱི་ཟིལ་བ་བཏབ་པའི་འཕགས་ཚོགས་ནི།།
རི་མོ་མཁན་གྱིས་པིར་རྩེར་བསྐྱོན་དང་མཚུངས།།

སྐར་མའི་ཕྲ་ཚོམས་ནང་གི་རི་མོ་ཞིག།
སྙན་ངག་མཁན་པོའི་རྩལ་ལ་འཁྲིལ་བ་ལྟར།།
ཉམས་སྣང་བན་མ་བུན་གྱི་གཞལ་ཡས་ནས།།
ཚོར་བའི་འཇའ་མཚོན་ཤར་བ་བཟོད་རླགས་བྲལ།།

གཏི་མུག་རོ་ཉལ་གྱུར་པའི་རྡོ་བ་ཞིག།
འདུ་ཤེས་ལོག་པས་འགྱེལ་ལང་བྱེད་ཚུལ་གྱིས།།
བརྡ་འཕྲིན་ནང་གི་ཚོར་བ་ཆག་རོ་ནི།།
གསེར་གྱི་སྐུད་པ་བསྒྲིམས་པའི་ལེ་ལན་ཙམ།།

རང་བྱུང་རིག་པའི་དབྱངས་ཀྱི་ཟིལ་བ་ཉིད།།
སྒྱུལ་འཕྲུལ་ལྷ་མོའི་ལྷུམས་སུ་ཞུགས་སྟབས་ཀྱིས།།
དོན་གྱི་ཁོག་དབུབ་སྐྱེན་པའི་སེམས་དཔའ་ཚོས།།
གསལ་སྟོང་ཟུང་འཇུག་ལམ་ནས་མཉམ་པར་བཞག།

              ཚོར་བའི་རླབས།

ནམ་གྱི་སྐྱ་རེངས་གསལ་དུས་གཉིད་ལས་སད།།
གནམ་སའི་བར་གྱི་སྣང་བ་བན་བུན་གྱིས།།
ཁེར་རྐྱང་འབྱུང་ཁམས་བདེ་བའི་གེགས་སྲིད་ཀྱང་།།
ཤ་དར་ཁྲག་དར་ཅན་གྱི་སྒྱུ་ལུས་བདེ།།

མཁའ་དབྱིངས་སྨུག་པས་བསྒྲིབས་པའི་ནངས་པ་འདིར།།
རྣམ་ཤེས་རླུང་ནག་ཞོན་ཏེ་རྒྱང་དུ་ཆས།།
རང་ལུས་མེ་ཏོག་ཕུང་པོའི་སྟངས་སྟབས་ཀྱིས།།
དགུང་གི་བྱ་ཚོགས་དེ་དག་མགུ་བར་བྱས།།

ང་ལ་ཚོར་བའི་ཁྲ་ཐིགས་འདུས་པ་ལས།།
རྩ་ཁམས་དུག་གིས་ཟིན་པའི་ན་ཚ་མེད།།
ཞོགས་པར་སྔོ་མོ་ཐང་གི་མཛེས་ཉམས་ཀྱིས།།
ཡིད་ཀྱི་བརྟན་པ་འཕྲོག་པའི་ལོ་རྒྱུས་ཡོད།།

སེམས་ཀྱི་འོད་རླབས་རེ་རེ་འཕྲོས་སྟབས་ཀྱིས།།
མཚན་མོའི་ངལ་བ་ཡོད་ཚད་འདི་ན་རྫོགས།།
བྱ་སྐད་ཀྱུར་ཀྱུར་འདོན་པའི་གདངས་དབྱངས་རེས།།
སྙན་ངག་ལྷ་མོའི་ཞལ་ཁ་ཐོལ་གྱིས་ཕྱེས།།

ཆོས་ཀྱི་དབྱངས་རྟ་བདེ་བའི་དབེན་གནས་ན།།
ཞོགས་པའི་དུང་སྒྲས་སད་པའི་མི་རྐྱང་དག།
མི་རྟག་དྲན་མགུར་འདོན་པའི་ངག་སྟབས་ཡག།
ང་ནི་སྙན་ངག་གྱེར་ན་བླ་ཡིད་འཕྲོགས།།

 

(མཆོད་མེའི་པར་དབང་གཞན་གྱིས་དགོལ་མི་རུང)

 

 

རྩོམ་ཁུངས། ངེད་དྲ་བ།

གཟིམས་པ་མེད་པའི་མཆོད་མེ། དབྱངས་གསལ་སོ་བཞིའི་མཛེས་སྡུག  RSSསྔོན་མངག

འཕགས་ཆེན་གྱི་སྙན་ངག་བདམས་བཀོད།

2015-01-09 འཕགས་ཆེན། ཀློག་གྲངས། མཆན ཡོད།

DSCF8007.JPG 
 འཕགས་ཆེན་ནི། 1990ལོར་མཚོ་སྔོན་ཞིང་ཆེན་ཡུལ་ཤུལ་ཁུལ་ནང་ཆེན་རྫོང་ཟུར་མང་སྐྱོ་ཉིན་ཡུལ་དུ་སྐྱེས། 2002ལོའི་ཡར་མར་ནས་ཟུར་མང་དགོན་ཆེན་དུ་བསྡད་དེ་བསྡུས་རྟགས་དང་བརྡ་སྤྲོད་སྐོར་ནས་མགོ་བརྩམས་ཏེ་ནང་བསྟན་རིག་གཞུང་སྐོར་ལ་འཆད་རྩོད་རྩོམ་གསུམ་གྱི་བྱ་བ་ཁུར་དུ་བླངས།
  2012ལོ་ནས་སྙན་ངག་གཙོ་བོར་བྱས་ཏེ་རྩོམ་རིག་གི་སྐོར་འབྲི་སྦྱོང་བྱེད་ཀྱིན་《བོད་ཀྱི་རྩོམ་རིག་སྒྱུ་རྩལ》《གངས་རྒྱན་མེ་ཏོག》 《ཟླ་ཟེར》སོགས་གཞུང་སྒེར་གྱི་དྲྭ་དེབ་ཚགས་གསུམ་དུ་བརྩམས་ཆོས་གང་མང་འགོད་མུས་བགྱིས།
  རང་སེམས་རང་གིས་ཤེས་པ་ནས་བཟུང་། བག་ཚ་བ་མེད་པར་གློག་བཞུ་དང་ཆར་སྨག་ངོས་སུ་ཞེ་འཁོར་དོན། སློབ་སྦྱོང་ནི་མི་ཚེའི་རྩ་དོན་དུ་བཟུང་སྟེ། འོད་སྣང་ཁོ་ན་ལ་སྙིང་ཁ་གླན་པར་མི་མོས་ཤིང་ཧ་ཅང་གནག་པའི་མུན་པ་ལའང་སེམས་ངོ་གཏོད་འདོད། དེ་བས་ཆགས་སྡང་གི་ཧྲག་བར་ནས་སྙན་ངག་གིས་གཡབ་མོ་འདེབས་པ་ནི་ཉམས་རེ་དགའ།

IMG_6591.JPG
            གྲྭ་རྐྱང་དང་སྙན་ངག

ཁེར་རྐྱང་གི་རྩ་མདུད་བར་ནས།།
རས་གཟན་ལ་ཚོན་ཁ་བཏབ་པའི།།
རྣམ་ཤེས་ཀྱི་ཨ་ལོང་ནང་དུ།།
གྲྭ་ཤག་གི་ཏིང་འཛིན་སྒོམ་བཞིན།།
ཨ་ཡིག་གི་ཁ་ཏོན་བཀླགས་པ།།

དར་ལྕོག་གིས་རྣམ་ཤེས་བཏེགས་ཤིང་།།
རི་ཟོམ་གྱི་མེ་ཏོག་འཐུ་བའི།།
གསེར་ཏོག་གི་རྨི་ལམ་ཅན་ཚོ།།
གླེགས་བམ་གྱི་ཉིན་སྲིབ་ཁྲོད་ནས།།
འཇའ་ལུས་ཀྱི་གོ་འཕང་འཚོལ་འགྲོ།།

ངག་རིག་ལ་འོ་སྦྱོར་བྱེད་ཞོར།།
ཚོར་སྣང་གི་འཇའ་མཚོན་གྱོན་ནས།།
རྨི་ལམ་གྱི་བདར་ཤ་ཁྲོད་དུ།།
རོལ་དབྱངས་ཀྱི་སྙན་པ་དཀྲོལ་བཞིན།།
བག་ཡངས་ཀྱི་གནས་ལ་གོམས་པ།།

འོད་གསལ་གྱི་གློག་སྒྲོན་ངོས་ནས།།
རང་སྣང་ལ་གསེད་བཀྲོལ་བྱེད་བཞིན།།
སྨྱུག་ཤོག་གི་སྒྱུ་རྩལ་ངོས་སུ།།
ཆུ་རྐྱང་གི་བྲོ་བ་རོལ་ཞོར།།
མཉམ་རྗེས་ཀྱི་འཇུག་ལྡང་རྩེན་པ།།

ཚོགས་ཆེན་གྱི་འདུ་ཁང་ཐོག་ནས།
ཏིང་ཏིང་གི་འཚོག་བརྡ་ཡོང་དུས།།
ཟླ་གམ་གྱི་ཐུ་བ་བསྣོལ་བཞིན།།
མི་རྐྱང་གི་གོ་ཁ་ལྷོད་པོས།།
དྲན་ཤེས་ཀྱི་དབྱངས་ཡིག་བསླང་འོང་།།

ཡ་ཐོད་དུ་གཉེར་རིས་མ་དོད།།
ན་གཞོན་གི་ཁྲག་རྩ་རྒྱས་ཤིང་།།
རྐང་གླིང་གི་སྙན་ངག་རིང་མོ།།
རླུང་ཁ་ནས་འཕྱོ་ལྡིང་ཙམ་གྱིས།།
རང་སྣང་ལ་འོད་ཟེར་འབུས་མྱོང་།།

རྐང་ལམ་གྱི་སེམས་དཔའ་ཆེན་པོས།
ཤ་རུས་ཀྱི་མེ་ཏོག་རེ་རེས།།
བརྗོད་མེད་ཀྱི་རྟུལ་ཞུགས་བཟུང་བས།།
སྤྱིལ་ཆུང་གི་བདེ་སྟོང་དབྱེར་མེད།།
གྲགས་སྟོང་གི་རང་སྒྲས་ཁྱབ་ཡོང་།།

            དབུགས་དབྱུང་ཞིག

གཅིག་པུ་གཉིད་ལས་སད་ཙ་ན།།
སྒེའུ་ཁུང་ངོས་ཀྱི་ཡོལ་བ་ཕྱེས།།
ཁང་མིག་ནང་གི་ལྡེབས་རིས་ཀྱིས།།
ཉིན་བྱེད་འོད་སྣང་མཚར་དུ་བསྟར།།

རྟོག་དཔྱོད་ངར་མའི་ཀློང་རོལ་ནས།།
ཉིན་མོ་འདི་ཀོའི་སྣང་སྟོང་གཉིས།།
སོམ་ཉིའི་མདུད་པ་ལྷོད་དུ་ཕབ།།
ཡུད་ཙམ་རྒྱ་ཆད་ཕྱོགས་ལྷུང་བྲལ།།

མ་བཅོས་སེམས་ཀྱི་ལྡིང་ཀ་འདི།།
ཡིག་འབྲུ་བོར་བའི་གཙང་པོ་ཞིག།
ཁ་མིག་བར་གྱི་ནམ་མཁའ་ནས།།
རང་སྣང་གཞན་སྣང་འཁྲུལ་བར་བརྩིས།།

ནམ་ཟླ་སྨྲེང་བའི་ཁང་མིག་འདི།།
མིང་དང་རྡོ་བས་མཐའ་ནས་བསྐོར།།
བྲག་ཅར་འཁོར་བའི་སྙན་ཚིག་དག།
ཐ་སྙད་མང་པོའི་གཙུད་ཕུད་ཡིན།།

རང་སངས་རྒྱས་པའི་འཆར་ཡན་གྱིས།།
གནས་དང་ཡོ་བྱད་བྱིན་གྱིས་བརླབས།།
བདག་གི་གྲིབ་མ་ནར་ནར་འདིས།།
མ་དག་སྣང་བའི་ཆོ་འཕྲུལ་སྟོན།།

ང་ལ་སྟོང་པའི་ཞིང་ཁམས་ཡོད།།
ལམ་པོ་ཆེ་ཞེས་བྱ་བ་མེད།།
སེམས་ཀྱི་མཚོ་མོ་མཐའ་མེད་འདིས།།
འཛད་མཐའ་མེད་པའི་རྨི་ལམ་བཞག།

སྐྱེ་འཆི་བར་མའི་འཁྲུལ་སྣང་གིས།།
མེ་ལོང་ཆག་པའི་ལོ་དེ་བརྗེད།།
ཉེ་བའི་ངལ་གསོའི་དབུགས་དབྱུང་འདིས།།
སེམས་ཀྱི་འཆར་སྒོ་ཡངས་པོར་བྱས།།

             ང་ཡི་ལོ་ཟླ།

ནམ་མཁས་སྣང་བ་བསེད་དེ།།
རང་སེམས་རྡོ་ལ་བརྒྱབ་པས།།
ཚུགས་ཐུབ་ཡེ་ནས་མེད་པའི།།
ཅོལ་ཆུང་ལོ་ཟླ་ནག་བཞག།

རང་དོན་ཆུ་ལ་བསྐུར་ནས།།
སྨྱུག་གུ་ངོ་གཉིས་མ་འདིས།།
མི་ཚེའི་བརྡ་ཡིག་བྲིས་ཚེ།།
སྡང་བའི་སོ་ཁ་དོད་འགྲོ།།

སྒྱུ་མའི་ཐང་སྟོང་ངོས་ནས།།
འཇའ་ཡི་བུ་མོར་ཆགས་ཀྱང་།།
སྐྱ་མོའི་ལོ་ཟླའི་གསེང་ནས།།
མི་ཚེ་ཚོན་གྱིས་བསྒྱུར་སོང་།།

བརྩེ་བ་མེ་ཏོག་མ་རེད།།
སྐྱེ་བ་འདི་ཡི་ལན་ཆགས།།
ཟློག་མེད་མྱོང་དགོས་བྱུང་ན།།
སྨིག་རྒྱུའི་འཁྲུལ་སྣང་འབྱུང་ངེས།།

དབང་མེད་གོམ་འགྲོས་འཁྱར་འཁྱོར།།
ཚ་གྲང་བར་ནས་བྱས་པས།།
འཚོ་བའི་རྨ་ཁ་འདི་དག།
དུས་ཀྱི་སྡིག་པར་གྱུར་ཐལ།།

ཆོས་ཉིད་ཕུགས་ལ་བཞག་ཀྱང་།།
ཕམ་ཁ་གློར་བུར་བྱུང་བས།།
རང་གི་ལམ་ཁ་འདི་དག།
ཚེ་འདིའི་ལས་དབང་ནག་པོ།།

དེ་རིང་མངོན་སུམ་ཡིན་ན།།
ཕྱི་ཉིན་རྨི་ལམ་ཙམ་ཞིག།
ལོ་ཟླའི་སྣེ་ཤན་མེད་ན།།
མིག་ཟུང་ཕྱེས་ཀྱང་སྟོང་པ།།

འདུན་པ་གཅིག་ཏུ་གཏད་ཀྱང་།།
བསྐོས་པ་སྣ་ཚོགས་ཡིན་པས།།
ཡ་ཐོད་དཔྲལ་བའི་རི་མོ།།
གདོན་གྱིས་ཟིན་པའི་ལས་རེད།།

            ཟིལ་བ་དམར་པོ།

རི་མཐའི་ཤ་མོ་རེ་རེ་ལ།།
ཟིལ་བ་འཐུང་བའི་འབུ་སྦྲང་འཁོར།།
དེ་ལ་སྲེད་པའི་ར་རོ་ཡིས།།
ང་ལ་རགས་པའི་རྨི་ལམ་རྨིས།།

སྣང་བའི་ཟོམ་ཆེན་དཀྱིལ་བུག་ཅིག།
བདེ་ཆེན་རྩེ་ནས་འགྲིལ་བ་ཤར།།
ཆུ་མིག་གོང་གི་ཤིང་ལོ་ང་།།
སྤྲིན་པར་འཁྱུད་ནས་མན་དུ་ལོག།

མིག་གི་རྒྱ་མོའི་ཕྲ་ཐིག་ན།།
ཕོ་ཉས་དེད་པའི་ལྷ་ཞིག་གསལ།།
ང་རང་གཅིག་པུར་བཅར་ཙ་ན།།
རྣ་ལ་ཐིངས་པའི་ལབ་རྡོལ་དབེན།།

             སེམས་ཉིད།

ཤག་ཆུང་རྨི་ལམ་ཕབ་ས་རུ།།
འགྲེ་ལོག་རྒྱག་པའི་སྐྱིད་ཅིག་ཡོང་།།
ཚོར་སྣང་གཏིང་དཔག་དཀའ་བ་ཞིག།
ཉིན་མཚན་མེད་ལ་འགྲེལ་ནས་གཡེང་།།

ཟ་འོག་རི་མོའི་གདན་ཐོབ་ནས།།
སེམས་ཉིད་འདི་ལ་ཕྱག་རྒྱ་བཏབ།།
དྲན་པ་ཨ་ལོང་གུག་གུག་ལ།།
ཉམས་སྣང་འདྲེས་མའི་བོགས་ཤིག་ཐོན།།

རང་རིག་སེམས་ཀྱི་རོལ་པ་འདི།།
སྣང་གསལ་འབར་བའི་རང་ངོ་སྤྲད།།
གཉུག་མའི་ཨ་འཐས་གོག་པོ་ལ།།
གསེད་བཀྲོལ་དོད་པའི་དབྱངས་ཤིག་དཀྲོལ།།

སིམ་གདུང་བར་མའི་ཚོར་བ་ལ།།
ཆུ་ཡིས་བྲན་པའི་རྟོག་འགྱུ་རྒོད།།
ཡང་ཡང་ནར་ནར་བྱས་ཙ་ན།།
གཏི་མུག་ཕག་ཏུ་ཡུར་བར་གྱུར།།

རང་ཆུས་དལ་བུར་འཁོར་བ་ན།།
ཅི་ཆ་མེད་པའི་སེམས་ངོ་ཤར།།
གཏན་གྱི་རྣམ་འཕྲུལ་ག་ལ་ཡིན།།
སྐད་ཅིག་ཉིད་ལ་འཆལ་བའི་རྒྱུ།།

             རྨི་འཁྲུལ།(1)

ནམ་གྱི་ཆ་གསུམ་གང་རུང་དུ།།
ཇི་མི་སྙམ་པའི་རྨི་འཁྲུལ་ཏེ།།
བྱེ་མའི་ལ་མོ་བརྒལ་བ་ནས།།
ཆུ་ཡི་ངོགས་སུ་ཕྱིན་པའི་བར།།
རྐང་པ་གཉིས་པོ་སིག་སིག།
ལག་པ་ཟུང་ཡང་འདར་འདར།།
རང་ལུས་ཧྲིལ་པོ་ཁྱོམ་ཁྱོམ།།

སྔོན་ཆད་རང་ངོ་མི་ཤེས་པ།།
ད་ཆ་གསལ་ལ་མི་གསལ་བ།།
ཕར་བལྟས་ཞལ་ཁ་འཛུམ་འཛུམ།།
ཚུར་མཐོང་གད་མོ་ཤར་ཤར།།
ལས་ཀྱིས་འཕྲད་པ་མ་འཚལ་ཏེ།།
སྟེས་ཀྱིས་གདོང་ཐུག་བརྒྱབ་པ་ཞིག།

རིག་མའི་མཚན་གྱི་མེ་ཏོག་ཅིག།
བོས་ན་ངུ་སྐད་ལྷང་ལྷང་།།
དྲན་ན་རང་མགོ་ཡོམ་ཡོམ།།
ལངས་ན་སྒོ་མོ་ཁྲིག་ཁྲིག།
ཉལ་ན་ས་གོང་ལྡིག་ལྡིག།
ཚིག་གི་སྤུ་རིས་གཅོད་པ་ལ།།
བེམ་ཏོལ་བརྒྱབ་ན་ཐོལ་ཐོལ།།
(1)དེ་སྔ་ཐ་སྙད་ཅིག་ཏུ་གྲུབ་པ་ཆ་མི་འཚལ་མོད། ད་རེས་༼རྨི་འཁྲུལ༽་ཞེས་གསར་བྱུང་ཡིན་ནའང་ཐང་། ལར་འཇིག་རྟེན་གྲགས་ངོ་ན་༼རྨི་ལམ༽ལ་བདེན་དང་མི་བདེན་གཉིས་སུ་འཛིན་པ་ལས་འདི་ཕྱི་མའི་མིང་བསྡུས་ཤིག་ཏུ་བློས་བསླངས་བྱས་ཡོད། འགྲིག་མིན་འུ་ཚོ་ཐུན་མོང་གིས་དཔྱོད།

               ལམ་གྱི་རླུང་།
                             -----ཉིན་ཐོ་ཞིག་ག་ལེར་གློད་པ།

སྤང་དང་མེ་ཏོག་གི་མཛེས་པ་ཡོད་སའི།།
རྒྱ་ཡི་གྲོང་ཁྱེར་ཞིག་རང་སར་བསྐྱུར་ནས།།
ས་མཐོ་གནམ་མཐོ་ཡི་ཕ་ཡུལ་དྲན་བཞིན།།
ལམ་གྱི་དཀའ་ངལ་ཙམ་ཨེ་བཟོད་བལྟ་འགྲོ།།

རི་བོའི་ཨང་ཞབས་ནས་སྐབས་རེར་འཛུལ་ཞིང་།།
ལུང་པའི་སྒང་སོ་ནས་མཆོང་བ་འདྲ་བ།།
སྟོད་སྨད་བར་གསུམ་གྱི་ལ་ལུང་དེ་དག།
ལམ་གྱི་རླུང་ཁ་ནས་ཡང་ཡང་བརྗེ་དགོས།།

ཆུ་དང་རྩྭ་ཐང་གི་སྐེད་པ་བཅད་ཅིང་།།
རྡོ་དང་ལྕགས་གོང་གི་རེག་བྱ་མྱོང་བཞིན།།
ལམ་གྱི་རྒྱགས་ཕྱེ་ཙམ་ཟ་ཞོར་འཐུང་ཞོར།།
རླུང་དང་ཁ་བ་སོགས་ས་གཤག་གནམ་གཤག།

ལམ་ཆེན་ལམ་ཆུང་དག་རྒྱུ་མ་བདའ་བདའ།།
ཤིང་དང་ཤིང་ཕྲན་གྱི་མཛེས་པ་བཏུས་ནས།།
ལན་རེར་ཉལ་བ་དང་ཐེངས་རེར་ཙོག་པས།།
ཉིན་མཚན་ཁོར་མོ་ཡུག་འདི་ལྟར་བསྐྱལ་ངེས།།

མདང་ནུབ་གྲང་རླུང་གིས་རང་ལུས་བཅོམ་པས།།
ཤ་དང་རུས་པ་དག་འདར་ཞིང་གཟེར་སོང་།།
ད་ནི་ཉིད་འོད་ཀྱིས་ཕྱི་ནང་སྲོ་བཞིན།།
སྒོ་དང་སྒེའུ་ཁུང་ནས་ནན་གྱིས་ཅེར་ཡོད།།

ལོ་མ་ལྗང་ཁུ་སོགས་ཁ་རྩང་མཛེས་ཀྱང་།།
གནམ་གཤིས་ནག་ནོག་གིས་སུན་ཡུན་རིང་པས།།
གསལ་དང་དྭངས་གཙང་གི་དེ་རིང་ལམ་ནས།།
སྣང་བ་སྐྱིད་པོ་ཞིག་ངང་གིས་འོངས་ཐལ།།

              མཚན་མོའི་མགུར།

ཉི་ཟླ་ཕྲག་པར་བསྐྱོན་པ་སུ་ཞིག་ཡོད།།
དོ་ནུབ་གཉིད་ཀྱི་གཡོ་བ་མ་བྱས་པར།།
བར་སྣང་སྟོང་པར་སྒོམ་པའི་ཚུགས་ཀ་དེ།།
ང་དང་མཚན་མོའི་གམ་ནས་འདར་འདར་བྱེད།།

འོད་ཟེར་དམར་པོའི་རང་མདོག་ལུས་ལ་ཡོད།།
དཀར་གཙང་ཤོག་གུའི་རྣམ་ཤེས་བདག་ལ་ཞུགས།།
ག་ལེར་མཚན་མོ་བདའ་བའི་རྨི་ལམ་འདི།།
སྒེའུ་ཁུང་འགྲམ་ནས་འཕྱོ་ལྡིང་རྩེན་ས་ཞིག།

དྲན་པས་གནམ་སྒོ་རྡུང་བའི་ཚོར་བ་དང་།།
ལུས་ཁམས་རླུང་དང་འདྲེས་པའི་ཉམས་སྣང་གིས།།
མུ་ཏིག་དོ་ཤལ་ལྟ་བུའི་མི་ཚེ་ལ།།
སྐྲ་ལོ་ཉག་མ་རེ་རེས་བྱིལ་བྱིལ་བྱེད།།

ཉིན་གྱི་མེ་ཏོག་ཚོམས་དག་བཏུས་པས་ཀྱང་།།
དོ་ནུབ་མཚན་པོ་ངུ་བའི་རྐྱེན་དུ་བཟོས།།
དུས་ཚོད་བར་མ་དོ་ཡི་བསིལ་རླུང་དག།
ཟླ་བའི་གཏམ་རྒྱུད་བཤད་ནས་བསྐྱལ་བར་བྱ།།

               སྐྲ་ལོ་སིག་སིག རྒྱན་ཆ་ཁྲིག་ཁྲིག

                                -----2014ལོའི་བུད་མེད་དུས་ཆེན་ཉིན་ཨ་ཅེ་དང་ནུ་མོ་གཉིས་གཙོས་པའི་མི་མོ་ཚོ་ལ་སྦྱར།

དུས་ཀྱི་འཇིངས་སུ་ནུབ་པའི་རི་མོ་ཞིག།
སྤྲིན་གྱི་ཕང་བར་ལྷུག་ལྷུག་གྲོལ་བ་བཞིན།།
སྐྲ་ཡི་ཚོན་ཁ་བཏབ་པའི་མེ་ཏོག་ཚོ།།
སྐྱེ་འཆི་བར་མ་དོ་ནས་གཤེགས་སུ་གསོལ།།

བརྩེ་བའི་དཔྱང་ཐག་རིང་བའི་མིག་ངོ་ན།།
འཛུམ་ཁ་ལྷོད་སེ་དོད་པའི་ལུས་ཕྲ་མ།།
གཉུག་མའི་རི་ཟོམ་ནང་གི་མུ་ཏིག་བཞིན།།
གནམ་སའི་ཁྱོན་ནས་འོད་ཀྱི་གང་བུ་ཡིན།།

དཀར་ནག་རི་མོ་ཕབ་པའི་ལམ་ཁ་ནས།།
དྲན་པའི་མཚོ་མོ་སྐྱོམ་པའི་མེ་ལོང་འདི།།
སྙིང་གི་ཉེ་སར་ལྷུང་བའི་དན་རྟགས་སུ།།
རྒྱན་ཆའི་བཀྲག་མདོག་སྣུམ་པོ་ཤིགས་སེ་ཤིག།

རྒྱང་ནས་སྒྲ་འོད་ཟེར་གྱིས་ཡང་ཡང་སྒུལ།།
མདུན་ནས་དགའ་བའི་རོལ་མོ་ལྷང་ལྷང་གྲགས།།
གནམ་ས་ཕྱེད་ཀྱི་བདག་མོ་གློ་ཉེ་ཚོ།།
རིག་པ་བརྡ་ཤར་ལམ་ནས་ཁྱེད་ཚོ་དྲན།།

མ་སྐྱེས་ཨ་མར་གྱེས་ནས་མཐའ་རིང་ཡང་།།
རང་སེམས་ཆུ་ལས་འཁྱགས་པའི་བར་སྣང་དུ།།
གཟའ་སྐར་འཕྲོ་སྦྱོར་ཤར་བའི་རྨི་ལམ་གྱིས།།
མེ་ཏོག་ཡིད་དགའ་ཁྱེད་ཚོ་སྙིམ་པར་སྦྱོར།།

             རྣམ་རྟོག་གི་ཕ་རོལ།

ལུས་ཀྱི་ཤ་ཐང་ཅི་ཙམ་ཆད་ནའང་།།
ནང་གི་རྣམ་རྟོག་བྱིངས་ཤིང་འཐེབས་པ་དབེན།།
གསལ་སྒྲིབ་མེད་པའི་མེ་ལོང་ཆག་རོ་ལ།།
གད་མོ་ཤོར་བའི་རྣམ་འགྱུར་ཟད་མཐའ་མེད།།

རླུང་གི་དཀྱིལ་འཁོར་སྒོམ་པའི་ཕ་རོལ་ཏུ།།
མེ་ཡི་ཐར་བ་མེད་ཅེས་མ་བཤད་རོགས།།
རང་སེམས་གཞལ་ཡས་ཁང་གི་གསལ་འདེབས་འདི།།
མཆེ་བ་ཅན་ཚོས་སྡིགས་མོ་འཆའ་ས་རེད།།

ཁྱོད་ཀྱིས་བདམས་པའི་ལམ་ཁ་ནོར་ཡང་སྲིད།།
རྗེས་ནས་ཤོག་ཅེས་ཨུ་ཚུགས་མ་བྱེད་རོགས།།
བླ་རྡོ་ནག་པོའི་འཁོར་དུ་སོང་ཙ་ན།།
དམྱལ་བའི་སྡུག་བསྔལ་མྱོང་བ་ཐེ་མི་ཚོམ།།

གྱེན་ལྡོག་མེད་པའི་ལྕགས་ཀྱི་ཕ་བོང་འདི།།
ང་ཡི་མིག་ལ་ཆུང་ཆུང་མ་ཟེར་རོགས།།
གནས་སྣང་འགལ་བའི་དོན་གྱི་ཚུར་རོལ་ན།།
ཡོད་ཚད་ཆིལ་ཆིལ་སྒུལ་བའི་གཏིང་རྡོ་ཡིན།།

མེ་རོ་གསོ་བའི་ཤེལ་གྱི་བུད་ཤིང་དག།
ཁྱོད་དང་ང་ཡི་གཤེད་མར་མ་སྒོམ་ཞིག།
ཁ་སང་སྐྱེས་པའི་ཆུ་ཤིང་སྐྱ་བོ་ཙམ།།
སང་ཉིན་མཁོ་བའི་ཡི་དམ་ག་ལ་ཡིན།།

གཟི་མིག་བོར་བའི་སྲོད་ཀྱི་རྨི་ལམ་བཞིན།།
མིང་བྱང་གསང་བའི་དུས་ཀྱི་ལྐོག་ན་མོ།།
གངས་གྲོང་ནང་གི་གློག་མིག་འཛུམ་ཙམ་གྱིས།།
ཁྱོད་ཀྱི་ཆོལ་འཕྲུལ་བསྟན་པ་ཤེས་ངེས་རེད།།

བར་སྣང་ཁམས་ཀྱི་རིག་པའི་ཕོ་བྲང་དག།
རླུང་གཤོག་ཐོགས་པའི་མིག་གིས་འཚོལ་རྒྱུ་བྱོས།།
ང་ཡི་དཀོན་མཆོག་མཉམ་པར་བཞག་སྟབས་ཀྱིས།།
འུ་བུ་ཚོ་ཡིས་ལས་སྣང་བདེན་ཤས་ཆེ།།

              ཚིག་གིས་བསླེས་པའི་དྲིལ་བུ།

 

བས་མཐའི་ཆར་ཞོད་སྙོམས་པའི་བསིལ་འོག་ན།།
དུས་ཀྱིས་བསླེས་པའི་དྲིལ་ཆུང་སིལ་སིལ་དཀྲོལ།།
ཉིན་གྱི་སྣེ་ལ་མཚན་ཡང་མཐུད་བྱས་ནས།།
དགེ་སྡིག་རྒྱུ་འབྲས་འཚོལ་དུ་ཏུར་ཏུར་བསྡད།།

བདེ་བའི་སེམས་ཀྱི་བསྟི་གནས་ངོ་མ་ཞིག།
ཁེར་རྐྱང་འཚོ་བས་སྔོག་གཤེར་ཡང་ཡང་བྱས།།
གནམ་ནས་འཕྱང་བའི་སྨྱུག་གུའི་རྩེ་མོ་འདིས།།
འཁོར་འདས་གཉིས་ཀྱི་ས་བོན་རི་མོ་ཕབ།།

 

ཉི་འོད་འཁྱུད་པའི་གསེར་གྱི་རྒྱ་ཕིབས་འོག།
དབྱངས་ཀྱི་རོལ་ཆ་རྡུང་བའི་སྒོམ་ལ་ཞུགས།།
མིག་གིས་ཟིལ་བ་གཏོར་བའི་ཆོ་འཕྲུལ་གྱིས།།
དྲན་པའི་མཚོ་མོ་སྐྱོམ་པའི་རྨི་ལམ་ཡོད།།

 

རི་དྭགས་ཆོས་འཁོར་བཙུགས་པའི་ལྷ་ཁང་ཐོག།
ཕྱི་རོལ་མིག་གིས་དཔྱིད་དུ་བསྒྲོན་པའི་ཚེ།།
བསིལ་རླུང་འཇམ་པོ་ལུས་ལ་རེག་ཙམ་གྱིས།།
ཆོས་ཀྱི་གཡེར་ཁའི་དྲིལ་ཆུང་སིང་སིང་།།
གཟན་ཤམ་ལྷབ་ལྷུབ་སྐྱོད་པའི་སྣང་བ་འདིས།།

དབུགས་ཀྱི་སེམས་ངལ་གསོས་ནས་སྐྱིད་རབས་ཡོད།།
གླེགས་བམ་བཀྲོལ་ནས་བརྩོན་འགྲུས་བརྩམས་པ་ན།།
ཆོས་ལ་སྦྱར་བའི་དབྱངས་རྟ་རང་གྲགས་རེད།།

སྣང་གསུམ་ཤར་བའི་གྲྭ་ཤག་བདག་མེད་དུ།།
རྟོག་པའི་འཆར་ཡན་རྒོད་པའི་མི་རྐྱང་ཚོས།།
རང་བྱུང་རིག་པའི་རྡོ་རྗེའི་དབྱངས་རྟ་རེས།།
སྣང་སྲིད་ཆོས་ཀྱི་དབྱིངས་སུ་དལ་གཅིག་ལུས།།

 

ཞེན་ཆགས་རྡོ་རུས་ཐུག་པའི་ལམ་སྣེ་ནས།།
གཟུང་འཛིན་མཛུབ་མོར་བགྲངས་ཏེ་བསྐྱོད་ཙ་ན།།
འདི་སྣང་རི་མོ་བྲིས་པའི་སྙན་ངག་པ།།
འཆི་བའི་དངངས་སྐྲག་བསམས་ནས་ངུས་སྐད་འདུག།

 

གྲྭ་ས་མེ་ཏོག་ར་བའི་འོད་ཁྱིམ་ན།།
ད་ཕྱི་གདམ་ཁ་ལེན་པའི་མེ་ལོང་འཛིན།།
ཨ་ཕོ་ང་རྒྱལ་ཅན་གྱི་སྣང་ཡུལ་ནས།།
བདེན་རྫུན་འབྱེད་པའི་ཤེས་རབ་མེ་ལྕེ་འབར།།

 

སྙན་ངག་ལྷ་མོ་ཞི་བའི་ངང་ནས་གཤེགས།།
འཇམ་མཉེན་ཕྱག་གིས་བྱིལ་བྱིལ་ལན་གཅིག་བྱས།།
འཇའ་ཡི་བུ་མོའི་ཟློས་གར་མཐའ་མེད་འདིས།།
ཟླ་བའི་སྙན་ངག་བྲིས་ནས་གཉིད་དུ་ཡུར།།

 

             བྱང་ཐང་གི་ལོ་མ།

 

ཐང་སྟོང་སྒང་གཤོང་རིང་བའི་ལྟོ་བ་ན།།
ཉི་འོད་སེར་པོས་བདེ་བྲོད་སྐྱེས་ཙམ་གྱིས།།
ཚོར་བའི་ཚོན་ཁ་བཏབ་པའི་ལོ་མ་ཞིག།
རླུང་གིས་ལྷབ་ལྷུབ་སྒུལ་བའི་རྟོག་འགྱུ་མང་།།

 

མཁའ་མཐའ་སྤྲིན་པས་བཏུམ་པའི་སྣང་བའི་འོག།
གངས་ཀྱི་རོལ་མོ་བཀྲོལ་བའི་རྣམ་ཤེས་ཤིག།
ལོ་མའི་ཁུད་དུ་གཅུད་པ་མི་གསལ་མོད།།
རྩྭ་ཡི་ཉག་མ་རེ་རེས་ཤུགས་གླུ་གློད།།

 

གཡག་གི་རྭ་རྩེས་སྟོང་པའི་ཉམས་བརྗོད་ཅིང་།།
རྫི་བོའི་འུར་ལྕེས་སྲིད་པའི་ལམ་སྟོན་པས།།
གློ་བུར་རྨི་ལམ་རྨིས་པའི་བུ་ཆུང་ང་།།
ཕྱུགས་ཀྱི་རྨིག་སྒྲས་གཉིད་ལས་དཀྲོགས་ཀྱང་སྲིད།།

 

འབྲོག་ཐང་སྐྱ་བོའི་འཚོ་བ་སྐྱུར་མོ་འདི།།
ལོ་མའི་ངོས་སུ་བྲིས་ན་མི་ཚར་ཞིང་།།
རླུང་གིས་སེར་ཀ་དོད་པའི་ལག་རྒྱབ་ན།།
འོ་མས་ཆག་ཆག་བཏབ་ན་རྫོགས་ཀྱང་སྲིད།།

 

གྲང་བས་ལང་ཚོ་བཅོམ་པའི་རྫི་མོ་ཚོས།།
ནོར་ནག་ལྷས་ལ་བསྡུ་བའི་ངང་ཚུལ་བཟང་།།
ངེས་མེད་གཏན་འཁྱམ་བྱེད་པའི་མི་རྐྱང་ང་།།
མགོ་དཀྲིས་དམར་པོ་བཤུ་ལ་དགའ་བ་ཨང་།།

 

གོས་སྣེ་རླུང་གིས་རྡེབ་པའི་འབྲོག་མི་དག།
ཤིང་ལོ་གོས་སུ་གྱོན་ལ་དགའ་སྲིད་མོད།།
ཡུལ་གྱིས་སྐལ་དོན་སོང་བའི་རྨི་ལམ་ཞིག།
ཉེ་རིང་གང་ནས་བཀག་ཀྱང་ཡོད་ཚོད་རེད།།

 

ས་ཤུན་ཁ་བས་གཡོགས་པའི་ཡུལ་ཕྲན་ན།།
ལོ་མའི་རི་མོ་ཙམ་ཞིག་ཡོད་དཀའ་བས།།
དབུགས་ཀྱི་རྒྱུ་བ་རྒོད་པའི་མགྲོན་པོ་ངས།།
ཁ་བའི་འདབ་མ་བརྩིས་ཀྱང་ཚོད་ཅིག་ཟིན།།

མུན་པའི་སྟོང་ཉིད་བསྒོམ་ལ་ཉེ་རབས་འདུག།
ཚོར་བ་ཟླ་བ་ངོས་ལ་འཕྲིལ་འགྱུར་བས།།
སྐར་འོད་ལམ་ལམ་ཁྲོད་ཀྱི་ཕ་ས་ལ།།
སེམས་ཀྱི་སྣེ་མོ་དེ་ཡང་ཐོན་ལ་རན།།

བྱང་གི་ལོ་མ་སྔོན་པོའི་སྙན་ངག་འདི།།

ཕྱི་ཡི་དཀར་ངོགས་ཕང་ནས་འཐུ་བཞིན་དུ།།
ཤེལ་གྱི་རྩིག་ལྡེབས་ངོས་ལ་དཔར་བ་འདི།།
རྟོག་པ་འོག་འགྱུའི་ལམ་ནས་སྙན་པ་འཕུར།།

 

            དབྱངས་ཀྱི་ཟིལ་བ།

སེམས་ཀྱི་ལྗོན་པར་ཉི་ཟེར་འཕྲོ་ལྡོག་གིས།།
ཐག་འཁྱུད་མེ་ཏོག་དབྱངས་ལ་ཆགས་པའི་ཚུལ།།
སྟོང་པའི་ངོས་བཟུང་མེད་པའི་སྣང་བ་བཞིན།།
སྨྲ་བསམ་བརྗོད་པ་མེད་པའི་ཀློང་དུ་ཉེ།།

རང་སེམས་ཆར་ཐིགས་ཙམ་གྱིས་བརླན་པའི་ཤུལ།།
བདེ་སྟོང་འདྲེས་མའི་བྱིན་རླབས་མ་བཏབ་ཀྱང་།།
རིག་པའི་རྣོ་ཟེར་ལམ་གྱི་དབྱངས་ཡིག་ཚོགས།།
ཨ་དོན་སྐྱེ་བའི་མེད་པའི་དོན་དུ་ཞུགས།།

མེ་ལོང་སྟོང་པའི་ཚོར་གཟུགས་ཕྲ་རགས་དག།
དབྱངས་ཀྱི་རོ་མ་བོར་བའི་ཡིད་འགྱུ་བཞིན།།
རྟོག་པ་བོགས་དབྱུངས་ཙམ་གྱི་འགྱུར་ལྡོག་གིས།།
གཉུག་མའི་བརྡ་རྟགས་དེའང་བསྒུལ་བར་བྱས།།

མུ་ཅོར་སྨྲ་བའི་ཆུ་ཤིང་མེ་ཏོག་གིས།།
གསང་བའི་ཕྲ་ཐིག་འཚོལ་ལ་ཐག་རིང་བས།།
དབྱངས་ཀྱི་ཟིལ་བ་བཏབ་པའི་འཕགས་ཚོགས་ནི།།
རི་མོ་མཁན་གྱིས་པིར་རྩེར་བསྐྱོན་དང་མཚུངས།།

སྐར་མའི་ཕྲ་ཚོམས་ནང་གི་རི་མོ་ཞིག།
སྙན་ངག་མཁན་པོའི་རྩལ་ལ་འཁྲིལ་བ་ལྟར།།
ཉམས་སྣང་བན་མ་བུན་གྱི་གཞལ་ཡས་ནས།།
ཚོར་བའི་འཇའ་མཚོན་ཤར་བ་བཟོད་རླགས་བྲལ།།

གཏི་མུག་རོ་ཉལ་གྱུར་པའི་རྡོ་བ་ཞིག།
འདུ་ཤེས་ལོག་པས་འགྱེལ་ལང་བྱེད་ཚུལ་གྱིས།།
བརྡ་འཕྲིན་ནང་གི་ཚོར་བ་ཆག་རོ་ནི།།
གསེར་གྱི་སྐུད་པ་བསྒྲིམས་པའི་ལེ་ལན་ཙམ།།

རང་བྱུང་རིག་པའི་དབྱངས་ཀྱི་ཟིལ་བ་ཉིད།།
སྒྱུལ་འཕྲུལ་ལྷ་མོའི་ལྷུམས་སུ་ཞུགས་སྟབས་ཀྱིས།།
དོན་གྱི་ཁོག་དབུབ་སྐྱེན་པའི་སེམས་དཔའ་ཚོས།།
གསལ་སྟོང་ཟུང་འཇུག་ལམ་ནས་མཉམ་པར་བཞག།

              ཚོར་བའི་རླབས།

ནམ་གྱི་སྐྱ་རེངས་གསལ་དུས་གཉིད་ལས་སད།།
གནམ་སའི་བར་གྱི་སྣང་བ་བན་བུན་གྱིས།།
ཁེར་རྐྱང་འབྱུང་ཁམས་བདེ་བའི་གེགས་སྲིད་ཀྱང་།།
ཤ་དར་ཁྲག་དར་ཅན་གྱི་སྒྱུ་ལུས་བདེ།།

མཁའ་དབྱིངས་སྨུག་པས་བསྒྲིབས་པའི་ནངས་པ་འདིར།།
རྣམ་ཤེས་རླུང་ནག་ཞོན་ཏེ་རྒྱང་དུ་ཆས།།
རང་ལུས་མེ་ཏོག་ཕུང་པོའི་སྟངས་སྟབས་ཀྱིས།།
དགུང་གི་བྱ་ཚོགས་དེ་དག་མགུ་བར་བྱས།།

ང་ལ་ཚོར་བའི་ཁྲ་ཐིགས་འདུས་པ་ལས།།
རྩ་ཁམས་དུག་གིས་ཟིན་པའི་ན་ཚ་མེད།།
ཞོགས་པར་སྔོ་མོ་ཐང་གི་མཛེས་ཉམས་ཀྱིས།།
ཡིད་ཀྱི་བརྟན་པ་འཕྲོག་པའི་ལོ་རྒྱུས་ཡོད།།

སེམས་ཀྱི་འོད་རླབས་རེ་རེ་འཕྲོས་སྟབས་ཀྱིས།།
མཚན་མོའི་ངལ་བ་ཡོད་ཚད་འདི་ན་རྫོགས།།
བྱ་སྐད་ཀྱུར་ཀྱུར་འདོན་པའི་གདངས་དབྱངས་རེས།།
སྙན་ངག་ལྷ་མོའི་ཞལ་ཁ་ཐོལ་གྱིས་ཕྱེས།།

ཆོས་ཀྱི་དབྱངས་རྟ་བདེ་བའི་དབེན་གནས་ན།།
ཞོགས་པའི་དུང་སྒྲས་སད་པའི་མི་རྐྱང་དག།
མི་རྟག་དྲན་མགུར་འདོན་པའི་ངག་སྟབས་ཡག།
ང་ནི་སྙན་ངག་གྱེར་ན་བླ་ཡིད་འཕྲོགས།།

 

(མཆོད་མེའི་པར་དབང་གཞན་གྱིས་དགོལ་མི་རུང)

 

 

རྩོམ་ཁུངས། ངེད་དྲ་བ།

དཔྱད་མཆན ཡོངས་སུ་གཟིགས།དཔྱད་མཆན།

མིང་མི་འགོད་པར་སྤེལ།