ཙོང་ཁ་ཚེ་བརྟན་རྒྱལ་གྱི་སྙན་རྩོམ་གསར་བ་འོས་སྦྱོར།

 ??????????????.jpg
             རྩོམ་པ་པོ་མཚམས་སྦྱོར་མདོར་བསྡུས།

  ཙོང་ཁ་ཚེ་བརྟན་རྒྱལ་ལམ་སྨྱུག་མིང་ལ་ཆར་སྡོད་བྱེའུ་རུ་འབོད་པ་ཁོང་ཕྱི་ལོ་ ༡༩༧༦ ལོར་བོད་མདོ་སྨད་ཙོང་ཁའི་གྲོ་ཚང་ཡུལ་དུ་སྐྱེས། ལོ་ན་ཆུང་ངུའི་དུས་ནས་རྒྱ་བོད་སློབ་གྲྭ་ཆེ་འབྲང་ཆུང་གསུམ་རིམ་གྱིས་འགྲིམས་ཤིང་། སྔར་རྗེས་སུ་བོད་ཁུལ་གྱི་རྩོམ་རིག་ཚགས་པར་དང་དུས་དེབ་ <<སྦྲང་ཆར >> དང་ <<བོད་ཀྱི་རྩོམ་རིག་སྒྱུ་རྩལ>> <<གངས་རྒྱན་མེ་ཏོག >> <<མཚོ་སྔོན་བོད་ཡིག་ཚགས་པར>> <<ལྷོ་ཁའི་རྩོམ་རིག་སྒྱུ་རྩལ>> <<མཚོ་སྔོན་བོད་ཡིག་གསར་འགྱུར>> <<ལྷ་སའི་གཞོན་ནུ་ཚགས་པར>> <<ཀན་ལྷོ་བོད་ཡིག་གསར་འགྱུར >> སོགས་སུ་སྙན་རྩོམ་ (Potery) དང་ལྷུག་རྩོམ་ (Prose) གཙོས་སྙན་རྩོམ་བཞི་བཅུ་ལྷག་སྤེལ་ཞིང་། གཟུར་གནས་ཀྱི་དཔྱོད་ལྡན་པ་དང་རྒྱ་ཆེ་ཀློག་པ་པོ་གང་མང་ཞིག་གི་དགའ་བསུ་ཐོབ་མྱོང་།
  ཕྱི་ལོ་ ༡༩༩༩ ལོར་ཁོང་ཕྱི་ཡུལ་དུ་ཕེབས་ནས་སྔར་བཞིན“བོད་ཀྱི་ལོ་རྒྱུས་འཚོལ་ཞིབ་དང་རྩོམ་རིག་གསར་རྩོམ”གྱི་ལས་སུ་ཞུགས་པའི་ཞོར་ལ། <<མདོ་སྨད་ལོ་རྒྱུས་ཆེན་མོ་>> རྩོམ་སྒྲིག་གི་ལས་རོགས་དང་ <<ཆོལ་གསུམ་ལོ་རྒྱུས་>> རྩོམ་སྒྲིག་གི་ཉམས་ཞིབ་པ། <<བོད་ཀྱི་ས་ཁྲའི་ལས་གཞིའི་>> ཉམས་ཞིབ་པ། འབྲས་ལྗོངས་ཀྱི་ཀརྨ་བཀའ་བརྒྱུད་པའི་གནད་ས“དཔལ་ཆེན་ཆོས་གླིང”དུ་དགེ་རྒན་སོགས་ཀྱི་ཕྱག་ལས་གནང་མྱོང་བར་མ་ཟད། འཚོ་བའི་གཡུལ་སར་ཕྲད་པའི་དཀའ་སྡུག་གང་མང་གི་དབང་གིས། སྔ་གཞུག་ཏུ་བག་ལེབ་འཚོང་མཁན་དང་མཆིལ་ལྷམ་འཚོང་མཁན། ཟ་ཁང་གི་ཇ་མ་དང་མ་གཡོག་སོགས་ཀྱི་ལས་སུ་ཡང་གཞོལ་དགོས་བྱུང་། ཡིན་ན་ཡང་ཁོང་གིས་རང་གི་མི་ཚེའི་འཚོལ་སྙེག་གི་ཕུགས་འདུན་མ་དོར་བར། སྔར་བཞིན“བོད་ཀྱི་ལོ་རྒྱུས་འཚོལ་ཞིབ་དང་རྩོམ་རིག་གསར་རྩོམ”གྱི་ལུས་སུ་ཞུགས་དང་འཇུག་མུས་ཡིན་པ་བཅས་ཁོང་གི་ལོ་རྒྱུས་མདོར་བསྡུས་སུ་བཀོད་པ་ཡིན་ལ། ཁོང་གི་གསར་རྩོམ་གཙོ་བོར་ <<འབྲུག་ཡུལ་ནས་ལྷ་ས་དྲན་པ་>> དང་ <<འབྲོག་ཕྲུག་མ>> <<སྐྲ་ལོའི་བང་སོ>> <<ངའི་གངས་ཏེ་སེ་གང་ན་ཡོད>> <<དུར་ཁྲོད་འདི་ནས>> <<གྲིབ་མ་ཞིག>> <<མོན་ཉུང་ཏི་ཡུལ་ནས་འཕྲད་པའི་སྟོད་ཡ་རྩེ་ཡུལ་གྱི་གནས་མཇལ་བ་>>སོགས་ཡོད།
  འདིར་རང་ཚོད་ཀྱི་མྱོང་རྟོག་ལ་གཞིག་ན། ཁོང་གི་སྙན་རྩོམ་འདི་དག་གི་ཐུན་མོང་དང་ཐུན་མོང་མ་ཡིན་པའི་ཁྱད་ཆོས་གཙོ་བོ་ནི་མི་རིགས་ཤིག་གི་གནའ་དེང་གི་བྱུང་རབས་ལོ་རྒྱུས་དངོས་འཚོལ་ཞིབ་དང་རྟོག་འཇུག་གི་སྙིང་སྟོབས། དེ་ལ་བཅངས་པའི་ཁོང་གི་ལྟ་འདུན་དང་ཀུན་སློང་། དེ་ལ་ཁུར་བའི་ཁོང་གི་འགན་འཁྲི་དང་མིག་རྒྱང་རིང་བོ་ཞིག་བཅས་ནང་དོན་ཧ་ཅང་རྒྱ་ཆེན་པོ་ལྡན་པར་མ་ཟད། “སྒྱུ་རྩལ་ནི་སྙན་ངག་གི་ཆེས་བླ་ན་མཐོ་བའི་ཁམས་ཡིན”ཞེས་པ་ལྟར། ཁོང་གི་སྙན་རྩོམ་ལ་ཡང་དེ་དོན་གྱི་བརྗོད་སྙིང་ཟབ་ཡངས་དང་སྙན་འཇེབས་སྒྱུ་རྩལ་གྱི་ཆ་འབུར་དུ་ཐོན་འདུག་པར་ཁོ་བོས་འདོད་དོ།།

              བྱེའུ་ཚང་།

གཅིག་ཤོས་ནི་འཕུར་སོང་པ་དང གཅིག་ཤོས་ནི་མ་འཕུར་པ
མི་འདོད་པའི་བར་ཆད་དུ་བཀོད་པས
ངས་འོད་སྣང་ལ་ཅི་ཞུ
ངས་མུན་ནག་ལ་ཅི་སྦས
གང་ལྟར ཐ་སྙད་འདི་ཚོ
ང་ལ་མ་འཇོག
ཁ་ཆར་དང་བུ་ཡུག་གི་འདུ་འཛི
མིག་ལམ་དུ་མ་འཁོར་པའམ
ཡང་ན་གཏམ་རྒྱུད་དུ་བཞུར་པའི་མཛེས་སྡུག་འཁྲུལ་ཏེ
ཤུགས་རིང་ཞིག དྲན་གདུང་ཞིག
ཅི་ཞིག་དང་གང་ཞིག་འདྲ་པར་གོར་གོར་དུ་བསྐོར
གལ་ཏེ་མེ་ཏོག་འཛུམ་ཙམ
མེ་ཏོག་ལ་མཁོ་པ་ནི་སྙིང་གཏམ་རེད
གལ་ཏེ་རྩྭ་ལྗང་གཡོ་ཙམ
རྩྭ་ལྗང་ལ་བཅོལ་པ་ནི་ལྷན་འཛོམས་རེད
ཕྱི་རོལ་ན་མུན་ནག་འཁྲིགས་པས
འཕུར་དང་མ་འཕུར
སྨོན་ལམ་དང་མངགས་བཅོལ་དུ་བསྒྲིགས་ཆོག
བར་ཐག་གི་དབང་གིས
ཇི་ལྟར་གཤོག་ཟུང་བརྐྱངས
ཐག་ཉེ་རུ་ཁ་བ་འཁྱིལ
ཐག་རིང་ན་ཆར་བ་འཇོ
མི་མངོན་པའི་མནར་གཅོད་ཡ
ཅི་ཞིག་དང་གང་ཞིག་ལ་འཐིམ་ན
འོད་སྣང་ནི་གཞན་ལ་ཤོར་སྲིད
མུན་ནག་ནི་རང་ལ་དབང་སྲིད
     ༢༠༡༤/༠༦/ ༢༦-༢༧ བར་མར་ཡུལ་ལ་དྭགས་ནས།

                གཞས་མ་ཟླ་སྒྲོན་གྱི་༼ ང་ཡི་དོན་གྲུབ་ཚེ་རིང་ ༽ཞེས་པའི་གླུ་དབྱངས་ལ་ཉན་རྗེས།

གྲང་ངར་ལ་བཟོད་པའི་བྱེའུ་ཆུང
ཉི་འོད་ལ་དུང་རུང
གནམ་སྔོན་པོ
སྨུག་ལོང་གིས་བཏུམ་བཞིན
ས་ཁྲ་ལས་འཛར་པའི་གངས་རི
རྒྱང་ལྟ་རུ་མེད་ན་འདྲ
གདུང་འབོད་ལ་འཁྱུད་པའི་རྣམ་ཤེས
སུ་ཡི་མཐའ་མའི་རྨི་ལམ་ལ་ཟགས་ཤིང
སུ་དང་མཉམ་དུ
གངས་རིའི་རྩེ་མོའི་ཡུལ་ནས་ལུས་སོང
ཤབ་ཤུབ་ཀྱིས་བཟློ་པའི་སྙིང་གཏམ་དུ
ཁ་བ་འབབ་སྟངས་མི་འདྲ་ལ
ཁྲུང་ཁྲུང་འཕུར་སྟངས་མི་འདྲ་པས
རང་སེམས་ཀྱི་འཁྱམས་པོ
རང་ཉིད་ཡིན་པ་ཚོར
ལྷ་དང་ལྷ་མོ་ལགས
ཚེ་འདི་དང་ཚེ་ཕྱི་མ་ཟེར་ན
ལས་དབང་ལ་དམོད་དོ
རང་དབང་ནི་རང་དབང་སྟེ
ལྷ་དང་ལྷ་མོར་བཅོལ་པ
ཐེངས་གཅིག་ཐེངས་གཉིས་མིན་སོང
བསུ་མ་དང་སྐྱེལ་མའི་བར་ན
ནམ་ཡང་འཇབ་ཀྱིན་པའི་མི་ཚེ
ད་དུང་མི་ལུས་མ་ཐོབ་ཀྱང
འཁྲེང་སེམས་གཅིག་པུ་མྱོང་པའི་སེམས་པ
གཏན་དུ་རྨ་ཁ་བཞིན
མི་ཡུལ་ལ་བཤམས
          ༢༠༡༤/༡༠/༢/༢༠ འཕགས་ཡུལ་ལྷ་ས་ཆུང་བ་ནས།

              ཡབ་རྒྱལ་པོ་གཤེགས་རྗེས།

གནའ་སྔ་མོ གནའ་སྔ་མོ
ང་ལ་ཕྱིར་སྤྲོད་རོགས
ང་ནི་རང་སེམས་ཀྱི་བཙོན་མ་ཆགས་པ་ཐེངས་གཅིག་མིན

ཡབ་རྒྱལ་པོ ཡབ་རྒྱལ་པོ
ང་ལ་ཕྱི་མིག་གཟིགས་རོགས
ལས་དབང་ལ་གུ་ཡངས་མཁོ་པས
སླར་ཡང་དྲན་གདུང་ལ་སྐྱབས་བཅོལ་ཞུ་འམ
མི་ཡུལ་ནི་མི་ཡུལ་ལ་མ་དབང་པ་ནས
དུད་ཞགས་འཁྲི་པའི་བཙན་རྫོང་ལ་མཇལ་ཡང
རྣམ་ཤེས་ལྡོམ་པོ་གན་རྐྱལ་དུ་ཉལ་མ་ཐུབ

མི་ཡུལ་ནི་མི་ཡུལ་ལ་མ་དབང་པ་ནས
ཟག་རུལ་དུ་གྱུར་པའི་དར་ལྕོག་ལ་ཁེན་རུང
ཚེ་གཅིག་ལུས་གཅིག་ལ་ཡར་རུ་ལང་མ་ཐུབ

མི་ཡུལ་ནི་མི་ཡུལ་ལ་མ་དབང་པ་ནས
ས་ཁ་རུ་གཡེངས་པའི་ཀེང་རུས་ལ་ཅེར་ཡང
ལམ་བུ་ཀྱ་ཀྱུ་དམྱལ་བ་རུ་འཐེན

གནའ་སྔ་མོ
སླར་ཡང་དྲན་གདུང་ལ་སྐྱབས་བཅོལ་ཞུ་འམ
ཡབ་རྒྱལ་པོ
ང་ནི་རང་སེམས་ཀྱི་བཙོན་མ་ཆགས་པ་ཐེངས་གཅིག་མིན

              གངས་རི་དེ་མེད་ན། ང་ལ་རྩྭ་ཐང་མི་དགོས།

                            —འདས་པོ་དྲིན་ཅན་སྙན་ངག་པ་ཡི་དམ་ཚེ་རིང་སྐུ་གཤེགས་ནས་བགྲང་བྱ་བཅུ་ལ་འབོད་པ།

ཕ་རོལ་དང་ཚུར་རོལ་གྱི་སེར་ཀ་བསམ་ན
གངས་རི་དེ་རི་མོ་རུ་འཁྲུལ
ངའི་རྒོད་པོ ངའི་རྒོད་པོ
མིག་ཆུ་མིད་པའི་ལས་སྐལ་ཁུར་ནས བྲག་ཆ་ཞིག་ལ་ཉུལ
མིག་ཟུང་ལ་འགོས་པའི་ནམ་མཁའ
འདར་སིག་བྱེད་བཞིན

ངག་སྒྲུང་ཞིག་ཏུ
སྤྱང་ཚོགས་གཤར་འོང
སོ་སྒྲ ངུ་ཟུག སྡེར་འབྲད རེ་རེ་བགྲང་ན
མིག་ཆུ་དང་མིག་ཆུ་བར་ལ་འབྱར་འོང
ཨོ སྤྱན་རས་གཟིགས།
ཨོ། རྫེ་བཙུན་སྒྲོལ་མ
ད་ནི་སྙིང་རྗེ་ཁྱེར་ཤོག་དང
ངུ་སྐད་ཀྱིས་བཏུམས་པའི་རྣམ་ཤེས་ཚོགས
དོན་མེད་དུ་བར་དོ་ལ་མ་སྤྱུགས

ང་ལ་ཉི་མ་དགོས
རྒོད་པོ་ཕྱིར་རུ་འཕུར་འོང་ན
ང་ལ་ཟླ་བ་དགོས
རྣམ་ཤེས་ཚོགས་མི་ལུས་སུ་ཞུགས་ན
ཚེར་མ་ལྟར་སེམས་ལ་ཟུག་པའི་སྙན་ངག
སུ་ལའང་མི་སློང
             ༢༠༡༤/༡༠/༢༣-༢༤

              མོན་ཉུང་ཏི་ཡུལ་ནས་འཕྲད་པའི་སྟོད་ཡ་རྩེ་ཡུལ་གྱི་གནས་མཇལ་བ།

ཡ་རྩེ ཡ་རྩེ ཡ་རྩེ
མིང་འདི་གསང་གཏམ་ངོ་མ་ཡིན་ན
ལོ་རྒྱུས་ཀྱི་ཤོག་ལྷེ་གཅིག
བྲིས་པའི་ཡི་གེ་ནག་ཆུང་དུ་འབུར་ཡང
ཧྲལ་ཧྲལ་དུ ཧྲལ་ཧྲལ་དུ་ཟད

ཡ་རྩེ ཡ་རྩེ ཡ་རྩེ
ས་འདི་རྨ་ཁ་ཟབ་མོ་མིན་ན
མཐའ་མཚམས་ཀྱི་རྡོ་རིང་ཞིག
སྙན་པའི་གཏམ་རྒྱུད་དུ་བཞེངས་ཀྱང
ལེབ་མོ་རུ ལེབ་མོ་རུ་གྱུར

ངོ་ཚས་བཏུམས་པའི་ངོ་གདོང་དེ
ལོ་མང་པོར་མ་མཐོང་ནའང
དལ་བུའི་ངང་ཚུར་མ་འཁོར
ཡང་བསྐྱར་མཇལ་པའི་སྐལ་བ་ཐོབ་ན
དྲན་རྟེན་མཚོན་པའི་ཟུག་གཟེར
མིག་ཆུ་འམ་འཛུམ་མདངས་སུ་འགྱུར་སྲིད

དལ་བུའི་ངང་རྒྱང་ལ་མ་འགྲོ
ཚངས་མགུར་ལ་དྲངས་ཆོག་པའི་ཁྲུང་ཁྲུང
སྟོན་ཁ་ཞིག་ལ་བོར་སོང་པས
ང་ལམ་བར་ནས་གང་ལ་འགྲོ
གྲིབ་ནག་ཁོ་ན་དྲན་བཞིན
མིག་ཟུང་དམ་དུ་བཙུམ
གནའ་བོའི་འཇིག་རྟེན་གྱི་སྣང་བརྙན
རབ་རིབ་ངང་ལྷགས་སོང

བོར་ཟིན་པ་ནི་གསང་གཏམ་དུ་གྲགས
བོར་མ་ཐུབ་པ་ནི་རྨ་ཁ་རུ་སྨིན
རུས་གསེང་ན་བཞུར་པའི་ཟུངས་ཁྲག་དྲོན་མོ
ཞེ་འཁོན་ནམ་སྐྱོ་སྣང་ལ་སིམ་བཞིན
ནམ་ཡང་མཐའ་མཚམས་སུ་འགྲེང་སྟེ
བཙན་པོ་ཞིག་ལ་རེ་སྒུག་བསྲིངས་ལ
སྐྱ་དམག་ཅིག་ལ་སྨོན་ལམ་སྤུར
              ༡༧/༦/༢༠༡༤ མོན་ཉུང་ཏི་ནས།

             དུར་ཁྲོད་འདི་ནས།

                    _______ཧང་གྷ་རིའི་ཚེ་འདས་སྙན་ངག་པ་ཕཱེ་ཁྲོ་ཧྥེ་ལ་བསྔོ་ཡིག་ཏུ།

ཕྱེ་ལེབ་ཁྲ་ཁྲ་དག གཡས་ལ་འཕུར
མེ་ཏོག་དམར་པོ་དག གཡོན་ལ་རྙིད
ད་དུང་ལོ་མ་ཁ་ཤས སེར་པོ དམར་པོ
གལ་ཏེ་རླུང་བུ་ཐེངས་གཅིག་ལྡང་ཚེ
ལྗོན་ཤིང་གི་མཆོར་སྒེག་ཉམས་སྲིད
གོ་ཐོས་སུ རླུང་བུ་དེའི་མིང་ལ་གྲང་རླུང་ཟེར
དུར་ཁྲོད་ན་ཉལ་པའི་བུ་མོ་དེ
མཛའ་མོ་རུ་རུམ
མགོ་དཀྲིས་སྔོན་པོ་ཞིག འཇུར་རྟ་ནག་པོ་ཞིག
ཚེ་འདི་ཟུག་གཟེར་འབར་པའི་མཆོད་པ་རུ་འཕངས
བུ་ལོན་རེ་རེ ལྟེབ་རྩེག་རེ་རེ
མཐའ་མར་ཡོད་དང་མེད་པའི་བར་ན་འཁོར

ཕོ་བྲང་ན་བཟི་པའི་བུ་མོ་དེ
ཆུང་མ་རུ་བསུས
གཡུལ་འཁྲུག་རིང་མོ་ཞིག བསླུ་བྲིད་ཐུང་ངུ་ཞིག
ཚེ་སྲོག་བོར་པའི་སྟ་གོན་ལ་བསྣན
མང་པོ་ཞིག ཉུང་ངུ་ཞིག
བགེགས་དང་བར་ཆད་ཀྱི་དཀྱིལ་ནས
དབང་དང་མ་དབང་གི་ལེའུ་རུ་འཁྲབ

ལྷ་ཁང་གི་ཅོང་སྒྲ་མྱུར་བར་རྡུང་བཞིན
ང་ལྷ་ཁང་ནང་ལ་མི་འཛུལ
སྐར་མའི་འོད་ཐིག་དལ་བུར་འཐོར་བཞིན
ང་སྐར་མའི་རྒྱབ་ཏུ་མི་སྡོད
དྲན་གདུང་ལྟ་བུ་ང་ལ་འཁྱུད
མྱ་ངན་ལྟ་བུ་ང་ལ་གཡོགས
དྲན་གདུང་གི་ཚབ་ཟེར་ན་མིང་ཚིག་མེད
མྱ་ངན་གྱི་གྲལ་ཟེར་ན་བྱ་ཚིག་མེད
སེམས་ནས་གཞན་ཞིག་ལ་གཡོར་བསམ
ངོ་གནོངས ཡིད་མུག
ནང་དོན་གྱི་ཟབ་ཚད་ལ་དངངས་ཤིང་སྐྲག

དུར་ཁྲོད་ན་ཉལ་པའི་བུ་མོ་དེ
ཐག་ཉེ་ནས་ཐག་རིང
ཕོ་བྲང་ན་བཟི་པའི་བུ་མོ་དེ
ཐག་རིང་ནས་ཐག་ཉེ
འཛོམས་མ་འཛོམས ཚེ་ཚེ་སྔོན་གྱི་ལས་འཕྲོ
བྲལ་མ་བྲལ གཡས་བསྐོར་གཡོན་བསྐོར
སྟེས་དབང་ལ་སྤར་འབྲད་བྱེད་ཐུབ་ན
མི་ཚེ་ནི་བྱིས་སྒྲུང་ལ་བཅོལ་ཆོག

མི་ཡུལ དཔྱིད་ཀ
ལྡེམ་སེ་ལྡེམ ཤིག་སེ་ཤིག
རྒུན་ཆང་འཐུང་མཁན་དག
དུར་ཁྲོད་འདིར་ལོག་ན
དཔྱིད་ཀ མི་ཡུལ
བྲིས་མ་ཚར་པའི་སྙན་ངག
རླུང་གིས་ཁྱེར་སོང

ཟུར་མཆན།
ཕཱེ་ཁྲོ་ཧྥེ་ ( Sándor Petofi 1823-1849) ནི་ཧང་གྷ་རི་བའི་ (Hungarian) རླབས་ཆེ་བའི་སྙན་ངག་པ་དང་གསར་བརྗེ་བ་བཅས་ཡིན། དགུང་ལོ་ཉེར་དྲུག་སྟེང་གཡུལ་སར་སྐུ་གཤེགས། ཁོང་གི་གྲགས་ཆེ་བའི་ལྗགས་རྩོམ་གཙོ་བོར་ 《ཨེ་ཊལ་ཁེའི་ (Etelke) པུར་དུ་བསྒྲོན་པའི་ཤུག་ལོ་》 《Branches of Cypress for Etelke’s Tomb》 དང་ 《དགུ་བའི་ཟླ་མཇུག》 《The End of September》 《ཆེས་ཟབ་པའི་རྨ་ཁ》 《It deeply hurts》 《བརྩེ་དུང་གི་མུ་ཏིག》 《The Pearls of Love》 《བརྩེ་བ་དང་རང་དབང་》 《Freedom and Love》སོགས་ཡོད།
                    ༢༥-༢༩/༡༠/༢༠༡༤

                 གྲིབ་མ་ཞིག

                           _____རྒྱལ་ཡུམ་ཉི་ཟླ་དབང་མོའི་སྐྱོ་གླུ་རོལ་ཚུལ་ཞིག

བརྩེ་དུང་གི་ཤ་འཁོན
ཕར་གཡོ ཚུར་གཡོ
ཕོ་བྲང་གི་གཡུལ་འཁྲུག
འཇོང་འཇོང ནར་ནར
ལས་དབང་གི་ཆོ་འཕྲུལ
དཀར་ཐིག ནག་ཐིག
གཡུག་འདོད་ན་ཇི་ལྟར་གཡུག
ནུར་བཞིན གོག་བཞིན
མི་ཚེ་ལ་ཅི་ཙམ་སྤྲུག་སྤྲུག་གནང

ཉི་མ་དང་ཟླ་བ་ཁ་ཁ་རུ་འཚེར
ཉི་མ་འབོད་ཐེངས་རེར
ཉི་མ་ནི་ཁྲག་ལ་སྙིལ་ཚར
ཟླ་བ་སྒུག་ཐེངས་རེར
ཟླ་བ་ནི་རྣག་ལ་འཕྱང་ཚར
ཤར་ནུབ་ལ་ཕྱོགས་རིས་ཀྱིས་བཅུམ་ཟེར
ལེ་དབར་ཁྲི་ཕྲག་གི་བར་ཐག
ཀྱ་ཀྱུ་ནས་ཀྱ་ཀྱུ
ཁ་ཏཱའི་ཨག་འགྱུར་འཁྱུག

ཁྲག་འཇིབ་པའི་ས་དབང
རྣག་བཙིར་པའི་ལྷ་ལྕམ
སྐབས་རེར ལྷ་རུ་སྤྲུལ
མཚམས་རེར འདྲེ་རུ་བརྫུས
ལུང་བསྟན་མི་དགོས་མི་མཁོ་ཞེས་ཞུ་སྙམ
སུ་ཞིག་ཐག་ཉེ་རུ་གབ་ཡོད
རོགས་ཤིག་དང་གྲོགས་ཤིག་མེད་དུས
སེམས་པས་མིག་ཆུ་ནེམ་པ་ལས
མིག་ཟུང་སུ་ལ་སྟོན
གནས་ཡུལ་ལ་དྭགས་སུ་འདུག་ས་མེད
ཕ་ཡུལ་ཀློ་བོ་ལ་འགྲོ་ས་མེད

ཡིད་ཆེས་གཅིག་མེད་གཉིས་མེད
གོམ་ཁ་འཁྱར་འཁྱོར་གྱིས
ཡ་གའི་རི་ལ་འཇུས རི་ནི་རྡོ་རེད
ལག་པ་འཚབ་འཚུབ་ཀྱིས
མ་གའི་མཚོ་ལ་འཐམས མཚོ་ནི་ཆུ་རེད
ད་ནི་གང་ལ་ལོག ད་ནི་ཕ་ཡུལ་ལ་ལོག་རན
མདུན་ན་གཡབ་མོ་མེད་ལ རྒྱབ་ན་རྫོངས་པ་མེད
མིག་ཆུ་རྐྱང་རྐྱང་ཁུར་ནས་ལོག་རན

ཟུར་མཆན།
རྒྱལ་ཡུམ་ཉི་ཟླ་དབང་མོ་ནི་ཀློ་སྨོན་ཐང་གི་རྒྱལ་པོའི་སྲས་མོ་ཡིན་ཞིང་། དང་ཐོག་ལ་དྭགས་རྒྱལ་པོ་བདེ་སྐྱོང་རྣམ་རྒྱལ་དང་གཉེན་སྡེབ་ནས་སྲས་སྲིད་སྐྱོང་རྣམ་རྒྱལ་བལྟམས། བར་དུ་ཐུགས་མ་མཐུན་པར་རྒྱལ་པོས་བཅད་པས། མོ་རང་མི་གཅིག་རྟ་གཅིག་གིས་སྐྱོ་གླུ་ལེན་བཞིན་རང་ཡུལ་ལ་ལོག་ནས་མཐར་གཙང་རྣམ་གླིང་བཀྲ་ཤིས་རྩེ་ཞེས་པའི་སྐུ་དྲག་གི་སྲས་ཐང་ལྷ་དང་གཉེན་བཟུང་ནས་པཎ་ཆེན་དཔལ་ལྡན་ཡེ་ཤེས་འཁྲུངས་སོ།།
               ༢༣/༨/༢༠༡༤ མར་ཡུལ་ལ་དྭགས་ནས་དྲན།
               ༢༨/༡༠/༢༠༡༤ ལྷ་ས་ཆུང་བ་རུ་སྦྱར། 

(མཆོད་མེའི་པར་དབང་གཞན་གྱིས་དགོལ་མི་རུང)

རྩོམ་ཁུངས། ངེད་དྲ་བ།

གཟིམས་པ་མེད་པའི་མཆོད་མེ། དབྱངས་གསལ་སོ་བཞིའི་མཛེས་སྡུག  RSSསྔོན་མངག

དཔྱད་མཆན ཡོངས་སུ་གཟིགས།དཔྱད་མཆན།

མིང་མི་འགོད་པར་སྤེལ།