བོད་བདུད་རྒྱལ་གྱི་སྙན་ངག་བདམས་བཀོད།

3.jpg
  བོད་བདུད་རྒྱལ་ལམ་དཀར་ཡག་བཀྲ་ཤིས་ནི་ཁམས་ཡུལ་ཤུལ་ནང་ཆེན་ཟུར་མང་སྡེ་བ་རུ་སྐྱེས། སྙན་ངག་གི་ལམ་འདིར་ཞུགས་ནས་རང་ཉིད་ཀྱིས་རང་ཉིད་ལ་འཁང་ར་དང་ལེ་བདའ་བྱེད་མྱོང་མེད་ལ། སྔ་རྗེས་སུ་བོད་ཀྱི་སྙན་ངག་གི་དུས་དེབ་དང་དྲ་བ་སོགས་སུ་སྙན་ངག་གཙོས་པའི་རྩོམ་ལུས་མི་འདྲ་བ་བརྒྱ་ཕྲག་འགའ་ལ་ཉེ་བ་ཞིག་སྤེལ་དང་སྤེལ་མུས་སུ་མཆིས། ཉེ་བའི་ལོར་ཟུར་མང་གཙུག་ལག་སློབ་གླིང་དུ་སྙན་ངག་བྱུང་འཕེལ་གྱི་གཞུང་ལུགས་དང་སྙན་ངག་འབྲི་ཐབས་ཀྱི་གཞུང་ལུགས་སོགས་འཆད་ཞོར་རྩོམ་རིག་གི་ཕྱོགས་ལ་སྔར་བཞིན་སྐྱོད་ཀྱིན་ཡོད་དོ། །

               རྒྱང་རིང་གི་ལྷ་ས། རྒྱང་རིང་གི་པོ་ཏ་ལ།

རུས་པའི་གསེང་ན་འཐིམ་པའི
སྙིང་གི་དབུས་སུ་ཟགས་པའི
རྒྱང་རིང་གི་ལྷ་ས རྒྱང་རིང་གི་པོ་ཏ་ལ
མུན་པ་ཡི་ལྭ་བ་མནབ་དོན་ཅི་ཡིན
སྐྱིད་ཆུ་ལ་མིག་ཆུ་བཞུར་དོན་ཅི་ཡིན

ཤིན་ཏུ་ཐག་རིང་ན་ཡོད་པའི
རྒྱང་རིང་གི་ལྷ་ས རྒྱང་རིང་གི་པོ་ཏ་ལ
རྨི་ལམ་ནས་ཐེངས་མང་མཇལ
ད་དུང་རྒྱང་རིང་ན་བཞུགས་དོན་ཅི་ཡིན

ལྷགས་རླུང་ཤིན་ཏུ་རྒོད་པའི
ཉི་མ་དང་ཟླ་བ་མེད་པའི
རྒྱང་རིང་གི་ལྷ་ས རྒྱང་རིང་གི་པོ་ཏ་ལ
བཙན་པོ་ཚོའི་སྙིང་སྟོབས་དྲན་དུས
ལྷ་ས་ཡང་ཡང་བཤུམ པོ་ཏ་ལ་ཡང་ཡང་བཤུམ

མེ་ལྕེ་ལ་འོད་ཟེར་མེད་པའི
འོད་སྣང་ལ་དྲོད་ཁོལ་མེད་པའི
རྒྱང་རིང་གི་ལྷ་ས རྒྱང་རིང་གི་པོ་ཏ་ལ
མེ་ལྕེ་ལ་འོད་ཟེར་འཚོལ་དགོས
འོད་སྣང་ལ་དྲོད་ཁོལ་ལྡན་དགོས
མེ་ལྕེ་དང་འོད་སྣང་ལོ་རྒྱུས་ཀྱི་རྡོ་རིང་ཡིན
མེ་ལྕེ་དང་འོད་སྣང་སེམས་པ་ཡི་རོ་མ་ཡིན

ལྷ་ས་ནི་ལྡེབས་རིས་ངོས་ཀྱི་རི་མོ་ཞིག
མཛེས་སྡུག་རེ་རེ་རྒྱང་རིང་ན་དཔྱངས
སྡུག་བསྔལ་གྱི་སྒྲ་དབྱངས་ཚོར་མཁན་སུ་ཡོད
མུན་པ་ཡི་ཚག་སྒྲ་གོ་མཁན་སུ་ཡོད

ཁ་བ་ཡི་ཐོག་ཏུ་བཞེངས་པའི་པོ་ཏ་ལ
རྒྱ་ཕིབས་ཀྱི་འོད་ཟེར་རེ་རེ
མུ་མཐའ་མེད་པའི་རྩྭ་ཐང་ན་འཕྲོ་དགོས
རྟ་ནོར་ལུག་གསུམ་གྱི་འབའ་སྒྲ་ཚོར་ནས
ཡང་བསྐྱར་སྦྲ་ནག་ཅིག་འབྲི་བཞེངས་བྱ་དགོས
                     གནའ་མཁར་ཟི་ལིང་ནས་གྲུབ།

             མེ་འཁོར་ལ་བསྡད་དེ།

ཁ་སང་དང་དེ་རིང་ལ
བོད་ཡུལ་ཁ་བས་གཡོགས
སེམས་པ་ཡང་ཁ་བས་གཡོགས

རྟོགས་སད་ལྷ་མོའི་སྙན་ངག་ཅིག
མེ་འཁོར་ནང་ནས་ཡང་དུ་བཀླགས
སིལ་ཁུ་ཡི་བྲོ་བས་ལུས་སེམས་སྦྲིད་ནས
མེ་འཁོར་གང་ན་བསྐྱོད་པ་ཡང་མ་ཚོར
རང་ཉིད་གང་ན་འགྲོ་བ་ཡང་མ་ཚོར

ས་རུབ་པའི་སྔོན་དུ་ལྕགས་ལམ་ནས
རྒྱ་ཡི་སྙན་ངག་པ་ཧེ་ཙི་དྲན
སྙན་ངག་གིས་རྗེས་དྲན་ཞུས་རྗེས
ཧེ་ཙི་གང་ན་བུད་སོང་བ་ཡང་ཚོར
གཙང་པོ་གང་ན་བཞུར་སོང་བ་ཡང་ཚོར

ལྕགས་ལམ་ན་མིག་ཆུ་འཐོར
གློ་བུར་དུ་འགྲོ་མཚམས་བཞག་སྟེ
གྲིབ་གཟུགས་ལ་རྣམ་ཤེས་འཁོར
རྣམ་ཤེས་ལ་རྣམ་ཤེས་འཁོར

དེ་རིང་གི་བགྲོད་ལམ་ནི
སྣང་བ་སྐྱ་མོ་ཞིག་གི་གཟུགས་སུ་གྲུབ
ཆུ་ཕྲན་དང་ལ་ལུང་གིས་སྐྱོ་དབྱངས་གྱེར
མེ་འཁོར་གྱིས་ཀྱང་སྐྱོ་དབྱངས་གྱེར
            ས་སྲོས་སྐབས་མེ་འཁོར་ནང་ནས་གྲུབ།

2.JPG
              
             རླུང་གིས་གསེད།


གྲང་ངར་གྱིས་གཙེས་པའི་གཤོག་པ་ཞིག
ཡུན་རིང་དུ་ཁ་བས་གཡོགས་ཤིང
མུན་པ་ཡི་ལྭ་བ་མནབས་ནས
ཁེར་གཞས་གཉོམ་པོ་དང་ལྷན་དུ
བུ་ཡུག་འཚུབ་པའི་ཁོར་ཡུག་ནས
གྲིབ་གཟུགས་མེད་པའི་ལམ་དུ་ཆས

འཁྲུལ་བའི་ལོ་ཟླ་ཡི་ནང་ནས
ཁེར་གཞས་ངག་ཏུ་གྱེར་ནས
རླུང་བུ་ཟ་ཟི་དང་འགྲོགས་ནས
སྐྲ་ལོ་ཡོད་ཚད་རླུང་གིས་གསེད
སེམས་སྐྱོ་ཡོད་ཚད་ངག་ཏུ་གྱེར
ད་དུང
               ཟི་ལིང་ནས་གྲུབ།

              འཇའ་ཚོན་གྱི་རྣ་རྒྱན།

འཇའ་ཚོན་ཁྱོད་ཀྱི་རྣ་རྒྱན་དུ་གྲུབ་རྗེས
ན་བུན་གྱིས་མཐོང་སྣང་ཡོངས་སུ་སྒྲིབ
མགོ་ལྕོག་ལྡེམ་ལྡེམ་གྱི་འཇའ་ཡི་ལག་པ་ཞིག
ག་ལེར་ལྷོ་ཕྱོགས་སུ་བཞུད་མགོ་བརྩམས
ཁྱིམ་གཞིས་དེ་སྔར་བཞིན་བདེ་སྐྱིད་ལྡན
རྨི་ལམ་གྱི་ལྷན་འཛོམས་ཤིག
ཉིན་རེ་ནས་ཉིན་རེ་འགྱུར་ལྡོག་གི་ཁྲོད་ནས
བུང་བ་རྣམས་འཕུར་ལྡིང་གིས་རེག་བྱར་གཙེ
འཇའ་ཚོན་འདིའི་བདག་པོ་གང་ན་བཞུད་སོང
དྲི་བ་ལྷག་མ་ཞིག་རྒྱུན་དུ་དྲག་ཏུ་ལྡིང་ནས
མི་ཚེ་ལ་འགྲེལ་བཤད་མང་དུ་བརྒྱབ
                   ཟི་ལིང་ནས་གྲུབ།
4.JPG

               སེམས་པ་དཀར་པོ།

ཁ་བ་འབབ་ཡུན་ཧ་ཅང་རིང
སེམས་པ་ཡང་དཀར་པོར་གྱུར་ཅིང
དྭངས་གཙང་གི་ལྭ་བ་ལྷན་དུ་མནབས

འགྱུར་ལྡོག་དང་འགྱུར་ལྡོག་གི་ཁྲོད་ནས
མཚོ་འགྲམ་ནས་ལྷན་འཛོམས་བྱུང
ངང་པ་ཆ་གཅིག་གི་སྐྱིད་སྡུག་ཡང་དུ་གླེང

འཁྲེང་སེམས་དཀར་པོ་ཞིག
ལོ་ཟླ་འཐག་པའི་བར་གསེང་ནས་གྲུབ་ཅིང
ཕྱི་ནང་གསང་གསུམ་དཀར་པོ་རུ་བསྙད
                     ཟུར་མང་ནས་གྲུབ།

             ཉི་མ་མེད་པའི་གྲོང་སྡེ།

གྲང་ངར་གྱིས་སྐྲ་ལོ་ཟགས
ས་གཞི་འདར་སིག་སིག་ཏུའོ
ཉི་མ་མེད་པའི་གྲོང་སྡེ་བཤུམ
ཟླ་བ་རེ་སྒུག་ཁྲོད་ནས་ནུབ་ཏུ་བཞུད

ཉི་མ་མེད་པའི་གྲོང་སྡེ་ན་ལོག་ཐེངས་རེར
སུན་སྣང་གིས་སྐྲ་རྩེ་ཁྱབ
རྡོ་རྗེ་ཕ་ལམ་གྱི་ཐོ་ཡོར་ཞིག་བརྩེགས་ན་འདོད

ཉི་མ་གང་ན་ཕེབས་སོང
ཟླ་བ་ཡང་གང་ན་ཕེབས་སོང
གྲོང་སྡེ་ན་ཉི་མ་མེད་པར་བསྙད
ཟླ་བ་མེད་པ་ཡང་བསྙད
             ཉི་མ་མེད་པའི་གྲོང་ནས་གྲུབ།

1.JPG

            གནའ་ལམ།

གནའ་ལམ་གྱི་ལམ་སྣེ་གངས་ལ་ཟུག
ཁ་བ་ལ་སྤྲུལ་བའི་མི་རྣམས
ཤ་ཁྲག་གིས་ཁ་བ་ཡང་དུ་གླེང
ཚེ་སྲོག་གིས་ཁ་བ་ཡང་དུ་གླེང
རྐང་རྗེས་ཕབ་མཁན་དེ་སུ་རེད
ཀི་རིང་འདེབས་མཁན་དེ་སུ་རེད

གཟིམས་ཟིན་པའི་རྣམ་ཤེས་ཀྱི་ཚོགས
གནའ་ལམ་གྱི་གསེང་དུ་འཐིམ་ཞིང
རྣམ་ཤེས་ལ་ཁྲག་གིས་མིང་བྱང་བྲིས
གངས་ཀྱི་རི་ལ་གབ་ཏུ་སྦས
སེམས་ཀྱི་གཏིང་དུ་གབ་ཏུ་སྦས

རུས་རྐང་གངས་ཀྱིས་བརྒྱན་པའི
མེས་པོ་ཚོ་དྲན་པ་བྱ
ཡང་ནས་ཡང་དུ་དྲན་པར་བྱ
ཉི་མ་མེད་པའི་གྲོང་སྡེ་ནས་གྲུབ།

              སྐྱ་རིས།

གྲོང་སྡེ་ཞིག་བྲིས་ནས་གྲུབ་རྗེས
རི་མོ་ཁྲོད་ཀྱི་མི་རྣམས་འགུལ་ཙམ་བྱས

མུན་པ་བྲིས་ཤིང
སྐར་ཚོམ་ལ་མུན་པ་འཁོར
ཡུད་ཅིག་ལ་མུན་ཁང་བཞེངས
མི་རྣམས་ཉི་འོད་ཀྱི་ཕྱོགས་སུ་འཁྲེང

སེམས་ལ་རི་མོ་ཞིག་བྲིས
འོད་ཟེར་ལ་ལག་པ་བརྐྱངས་ཏེ
ཁ་བྲལ་གྱི་མུན་པ་གང་ན་ཡོད
ཕ་ཡུལ་ནས་གྲུབ།
ལོ་སར་ཚེས་པ་གཉིས།
དཔྱིད་གསར་དུས་ཆེན་གྱི་ཉིན་གཉིས་པར
ལུ་གུ་མེ་ཏོག་ཅིག་རེ་སྒུག་གི་ཁྲོད་ན་ལུས
ཁ་བའི་འདབ་མ་མེ་ཏོག་གི་ས་བོན་ཡིན
མེ་ཏོག་རེ་རེ་ལ་རེ་སྒུག་གི་མིང་བྱང་བྲིས
ད་དུང་ཐག་རིང་ན་མགོ་ལྕོག་ལྡེམ་བཞིན
ལོ་སར་ཚེས་པ་གཉིས་མིག་རྡེབ་ཀྱི་ཡུན་ཟད་ལ་ཉེ
                 ཁམས་སྐྱེ་རྒུ་མདོ་ནས་གྲུབ།

             མེ་ཏོག་ཚིག་རོ།

སེམས་ཀྱི་ཞིང་ཁ་ན་སྨིན་པའི
མཛེས་སྡུག་རྐང་གཅིག་དེ
སྟོན་ལོ་བཞིན་འཐོར་བར་གྱུར
མིག་ཆུ་ལ་མཛེས་པས་ཁྱབ
ངུ་ངག་ལ་མཛེས་པས་ཁྱབ
ཆུ་འགྲམ་དེས་ཁྱོད་ལ་ཡང་དུ་བོས
རྩི་ཤིང་རྣམས་ཡང་ཡང་འདར
ཆུ་བོ་རྣམས་ཡང་ཡང་བཤུམ
སྤྲིན་པ་ཡི་ཁ་དོག་ནག་པོར་ལོག
ཟླ་བ་ཡི་ཁ་དོག་ནག་པོར་ལོག
སྨྲ་བའི་སྒོ་མོ་ཡང་འགག་ནས
ལག་བརྡའི་ཁྲོད་ནས་ཤུལ་དུ་ལུས
ཐག་རིང་ཐག་རིང་ན་ཤུལ་དུ་ལུས
སེམས་ཀྱི་ལྷག་མ་དེའི་གསེང་ན
མེ་ཏོག་ཚིག་རོ་ཞིག་འབུས་ནས
ཁེར་རྐྱང་ཡང་གོ་ལྡོག་ཏུ་གྱུར
མི་ཚེ་འདིའི་བདག་པོ་སུ་ཡིན
ལང་ཚོ་འདིའི་བདག་པོ་སུ་ཡིན
མཛེས་པ་འདིའི་བདག་པོ་སུ་ཡིན
སྐྱེ་བ་འདི་འོད་ཟེར་གྱིས་ཁྱབ་དགོས
མི་ཚེ་འདི་ལྷན་འཛོམས་ཀྱིས་ཕྱུག་དགོས
ལྷན་འཛོམས་དེ་གོ་ལྡོག་ཏུ་འགྱུར་རྗེས
མིག་ཆུ་དང་ལྷན་དུ་རྗེས་དྲན་བྱ་འོས
མིག་ཆུས་ཁྱོད་ཡང་དུ་གླེང
གློ་བུར་དུ་ལག་པོ་ཞ་བོར་འགྱུར་ནས
ཕྱི་མིག་གི་ཁྲོད་ནས་བུད་སོང་
གཏན་ནས་གཏན་དུ་བུད་སོང
                 ཟུར་མང་ནས་གྲུབ།
 

(མཆོད་མེའི་པར་དབང་གཞན་གྱིས་དགོལ་མི་རུང)

རྩོམ་ཁུངས། ངེད་དྲ་བ།

གཟིམས་པ་མེད་པའི་མཆོད་མེ། དབྱངས་གསལ་སོ་བཞིའི་མཛེས་སྡུག  RSSསྔོན་མངག

བོད་བདུད་རྒྱལ་གྱི་སྙན་ངག་བདམས་བཀོད།

2015-06-26 བོད་བདུད་རྒྱལ། ཀློག་གྲངས། མཆན ཡོད།

3.jpg
  བོད་བདུད་རྒྱལ་ལམ་དཀར་ཡག་བཀྲ་ཤིས་ནི་ཁམས་ཡུལ་ཤུལ་ནང་ཆེན་ཟུར་མང་སྡེ་བ་རུ་སྐྱེས། སྙན་ངག་གི་ལམ་འདིར་ཞུགས་ནས་རང་ཉིད་ཀྱིས་རང་ཉིད་ལ་འཁང་ར་དང་ལེ་བདའ་བྱེད་མྱོང་མེད་ལ། སྔ་རྗེས་སུ་བོད་ཀྱི་སྙན་ངག་གི་དུས་དེབ་དང་དྲ་བ་སོགས་སུ་སྙན་ངག་གཙོས་པའི་རྩོམ་ལུས་མི་འདྲ་བ་བརྒྱ་ཕྲག་འགའ་ལ་ཉེ་བ་ཞིག་སྤེལ་དང་སྤེལ་མུས་སུ་མཆིས། ཉེ་བའི་ལོར་ཟུར་མང་གཙུག་ལག་སློབ་གླིང་དུ་སྙན་ངག་བྱུང་འཕེལ་གྱི་གཞུང་ལུགས་དང་སྙན་ངག་འབྲི་ཐབས་ཀྱི་གཞུང་ལུགས་སོགས་འཆད་ཞོར་རྩོམ་རིག་གི་ཕྱོགས་ལ་སྔར་བཞིན་སྐྱོད་ཀྱིན་ཡོད་དོ། །

               རྒྱང་རིང་གི་ལྷ་ས། རྒྱང་རིང་གི་པོ་ཏ་ལ།

རུས་པའི་གསེང་ན་འཐིམ་པའི
སྙིང་གི་དབུས་སུ་ཟགས་པའི
རྒྱང་རིང་གི་ལྷ་ས རྒྱང་རིང་གི་པོ་ཏ་ལ
མུན་པ་ཡི་ལྭ་བ་མནབ་དོན་ཅི་ཡིན
སྐྱིད་ཆུ་ལ་མིག་ཆུ་བཞུར་དོན་ཅི་ཡིན

ཤིན་ཏུ་ཐག་རིང་ན་ཡོད་པའི
རྒྱང་རིང་གི་ལྷ་ས རྒྱང་རིང་གི་པོ་ཏ་ལ
རྨི་ལམ་ནས་ཐེངས་མང་མཇལ
ད་དུང་རྒྱང་རིང་ན་བཞུགས་དོན་ཅི་ཡིན

ལྷགས་རླུང་ཤིན་ཏུ་རྒོད་པའི
ཉི་མ་དང་ཟླ་བ་མེད་པའི
རྒྱང་རིང་གི་ལྷ་ས རྒྱང་རིང་གི་པོ་ཏ་ལ
བཙན་པོ་ཚོའི་སྙིང་སྟོབས་དྲན་དུས
ལྷ་ས་ཡང་ཡང་བཤུམ པོ་ཏ་ལ་ཡང་ཡང་བཤུམ

མེ་ལྕེ་ལ་འོད་ཟེར་མེད་པའི
འོད་སྣང་ལ་དྲོད་ཁོལ་མེད་པའི
རྒྱང་རིང་གི་ལྷ་ས རྒྱང་རིང་གི་པོ་ཏ་ལ
མེ་ལྕེ་ལ་འོད་ཟེར་འཚོལ་དགོས
འོད་སྣང་ལ་དྲོད་ཁོལ་ལྡན་དགོས
མེ་ལྕེ་དང་འོད་སྣང་ལོ་རྒྱུས་ཀྱི་རྡོ་རིང་ཡིན
མེ་ལྕེ་དང་འོད་སྣང་སེམས་པ་ཡི་རོ་མ་ཡིན

ལྷ་ས་ནི་ལྡེབས་རིས་ངོས་ཀྱི་རི་མོ་ཞིག
མཛེས་སྡུག་རེ་རེ་རྒྱང་རིང་ན་དཔྱངས
སྡུག་བསྔལ་གྱི་སྒྲ་དབྱངས་ཚོར་མཁན་སུ་ཡོད
མུན་པ་ཡི་ཚག་སྒྲ་གོ་མཁན་སུ་ཡོད

ཁ་བ་ཡི་ཐོག་ཏུ་བཞེངས་པའི་པོ་ཏ་ལ
རྒྱ་ཕིབས་ཀྱི་འོད་ཟེར་རེ་རེ
མུ་མཐའ་མེད་པའི་རྩྭ་ཐང་ན་འཕྲོ་དགོས
རྟ་ནོར་ལུག་གསུམ་གྱི་འབའ་སྒྲ་ཚོར་ནས
ཡང་བསྐྱར་སྦྲ་ནག་ཅིག་འབྲི་བཞེངས་བྱ་དགོས
                     གནའ་མཁར་ཟི་ལིང་ནས་གྲུབ།

             མེ་འཁོར་ལ་བསྡད་དེ།

ཁ་སང་དང་དེ་རིང་ལ
བོད་ཡུལ་ཁ་བས་གཡོགས
སེམས་པ་ཡང་ཁ་བས་གཡོགས

རྟོགས་སད་ལྷ་མོའི་སྙན་ངག་ཅིག
མེ་འཁོར་ནང་ནས་ཡང་དུ་བཀླགས
སིལ་ཁུ་ཡི་བྲོ་བས་ལུས་སེམས་སྦྲིད་ནས
མེ་འཁོར་གང་ན་བསྐྱོད་པ་ཡང་མ་ཚོར
རང་ཉིད་གང་ན་འགྲོ་བ་ཡང་མ་ཚོར

ས་རུབ་པའི་སྔོན་དུ་ལྕགས་ལམ་ནས
རྒྱ་ཡི་སྙན་ངག་པ་ཧེ་ཙི་དྲན
སྙན་ངག་གིས་རྗེས་དྲན་ཞུས་རྗེས
ཧེ་ཙི་གང་ན་བུད་སོང་བ་ཡང་ཚོར
གཙང་པོ་གང་ན་བཞུར་སོང་བ་ཡང་ཚོར

ལྕགས་ལམ་ན་མིག་ཆུ་འཐོར
གློ་བུར་དུ་འགྲོ་མཚམས་བཞག་སྟེ
གྲིབ་གཟུགས་ལ་རྣམ་ཤེས་འཁོར
རྣམ་ཤེས་ལ་རྣམ་ཤེས་འཁོར

དེ་རིང་གི་བགྲོད་ལམ་ནི
སྣང་བ་སྐྱ་མོ་ཞིག་གི་གཟུགས་སུ་གྲུབ
ཆུ་ཕྲན་དང་ལ་ལུང་གིས་སྐྱོ་དབྱངས་གྱེར
མེ་འཁོར་གྱིས་ཀྱང་སྐྱོ་དབྱངས་གྱེར
            ས་སྲོས་སྐབས་མེ་འཁོར་ནང་ནས་གྲུབ།

2.JPG
              
             རླུང་གིས་གསེད།


གྲང་ངར་གྱིས་གཙེས་པའི་གཤོག་པ་ཞིག
ཡུན་རིང་དུ་ཁ་བས་གཡོགས་ཤིང
མུན་པ་ཡི་ལྭ་བ་མནབས་ནས
ཁེར་གཞས་གཉོམ་པོ་དང་ལྷན་དུ
བུ་ཡུག་འཚུབ་པའི་ཁོར་ཡུག་ནས
གྲིབ་གཟུགས་མེད་པའི་ལམ་དུ་ཆས

འཁྲུལ་བའི་ལོ་ཟླ་ཡི་ནང་ནས
ཁེར་གཞས་ངག་ཏུ་གྱེར་ནས
རླུང་བུ་ཟ་ཟི་དང་འགྲོགས་ནས
སྐྲ་ལོ་ཡོད་ཚད་རླུང་གིས་གསེད
སེམས་སྐྱོ་ཡོད་ཚད་ངག་ཏུ་གྱེར
ད་དུང
               ཟི་ལིང་ནས་གྲུབ།

              འཇའ་ཚོན་གྱི་རྣ་རྒྱན།

འཇའ་ཚོན་ཁྱོད་ཀྱི་རྣ་རྒྱན་དུ་གྲུབ་རྗེས
ན་བུན་གྱིས་མཐོང་སྣང་ཡོངས་སུ་སྒྲིབ
མགོ་ལྕོག་ལྡེམ་ལྡེམ་གྱི་འཇའ་ཡི་ལག་པ་ཞིག
ག་ལེར་ལྷོ་ཕྱོགས་སུ་བཞུད་མགོ་བརྩམས
ཁྱིམ་གཞིས་དེ་སྔར་བཞིན་བདེ་སྐྱིད་ལྡན
རྨི་ལམ་གྱི་ལྷན་འཛོམས་ཤིག
ཉིན་རེ་ནས་ཉིན་རེ་འགྱུར་ལྡོག་གི་ཁྲོད་ནས
བུང་བ་རྣམས་འཕུར་ལྡིང་གིས་རེག་བྱར་གཙེ
འཇའ་ཚོན་འདིའི་བདག་པོ་གང་ན་བཞུད་སོང
དྲི་བ་ལྷག་མ་ཞིག་རྒྱུན་དུ་དྲག་ཏུ་ལྡིང་ནས
མི་ཚེ་ལ་འགྲེལ་བཤད་མང་དུ་བརྒྱབ
                   ཟི་ལིང་ནས་གྲུབ།
4.JPG

               སེམས་པ་དཀར་པོ།

ཁ་བ་འབབ་ཡུན་ཧ་ཅང་རིང
སེམས་པ་ཡང་དཀར་པོར་གྱུར་ཅིང
དྭངས་གཙང་གི་ལྭ་བ་ལྷན་དུ་མནབས

འགྱུར་ལྡོག་དང་འགྱུར་ལྡོག་གི་ཁྲོད་ནས
མཚོ་འགྲམ་ནས་ལྷན་འཛོམས་བྱུང
ངང་པ་ཆ་གཅིག་གི་སྐྱིད་སྡུག་ཡང་དུ་གླེང

འཁྲེང་སེམས་དཀར་པོ་ཞིག
ལོ་ཟླ་འཐག་པའི་བར་གསེང་ནས་གྲུབ་ཅིང
ཕྱི་ནང་གསང་གསུམ་དཀར་པོ་རུ་བསྙད
                     ཟུར་མང་ནས་གྲུབ།

             ཉི་མ་མེད་པའི་གྲོང་སྡེ།

གྲང་ངར་གྱིས་སྐྲ་ལོ་ཟགས
ས་གཞི་འདར་སིག་སིག་ཏུའོ
ཉི་མ་མེད་པའི་གྲོང་སྡེ་བཤུམ
ཟླ་བ་རེ་སྒུག་ཁྲོད་ནས་ནུབ་ཏུ་བཞུད

ཉི་མ་མེད་པའི་གྲོང་སྡེ་ན་ལོག་ཐེངས་རེར
སུན་སྣང་གིས་སྐྲ་རྩེ་ཁྱབ
རྡོ་རྗེ་ཕ་ལམ་གྱི་ཐོ་ཡོར་ཞིག་བརྩེགས་ན་འདོད

ཉི་མ་གང་ན་ཕེབས་སོང
ཟླ་བ་ཡང་གང་ན་ཕེབས་སོང
གྲོང་སྡེ་ན་ཉི་མ་མེད་པར་བསྙད
ཟླ་བ་མེད་པ་ཡང་བསྙད
             ཉི་མ་མེད་པའི་གྲོང་ནས་གྲུབ།

1.JPG

            གནའ་ལམ།

གནའ་ལམ་གྱི་ལམ་སྣེ་གངས་ལ་ཟུག
ཁ་བ་ལ་སྤྲུལ་བའི་མི་རྣམས
ཤ་ཁྲག་གིས་ཁ་བ་ཡང་དུ་གླེང
ཚེ་སྲོག་གིས་ཁ་བ་ཡང་དུ་གླེང
རྐང་རྗེས་ཕབ་མཁན་དེ་སུ་རེད
ཀི་རིང་འདེབས་མཁན་དེ་སུ་རེད

གཟིམས་ཟིན་པའི་རྣམ་ཤེས་ཀྱི་ཚོགས
གནའ་ལམ་གྱི་གསེང་དུ་འཐིམ་ཞིང
རྣམ་ཤེས་ལ་ཁྲག་གིས་མིང་བྱང་བྲིས
གངས་ཀྱི་རི་ལ་གབ་ཏུ་སྦས
སེམས་ཀྱི་གཏིང་དུ་གབ་ཏུ་སྦས

རུས་རྐང་གངས་ཀྱིས་བརྒྱན་པའི
མེས་པོ་ཚོ་དྲན་པ་བྱ
ཡང་ནས་ཡང་དུ་དྲན་པར་བྱ
ཉི་མ་མེད་པའི་གྲོང་སྡེ་ནས་གྲུབ།

              སྐྱ་རིས།

གྲོང་སྡེ་ཞིག་བྲིས་ནས་གྲུབ་རྗེས
རི་མོ་ཁྲོད་ཀྱི་མི་རྣམས་འགུལ་ཙམ་བྱས

མུན་པ་བྲིས་ཤིང
སྐར་ཚོམ་ལ་མུན་པ་འཁོར
ཡུད་ཅིག་ལ་མུན་ཁང་བཞེངས
མི་རྣམས་ཉི་འོད་ཀྱི་ཕྱོགས་སུ་འཁྲེང

སེམས་ལ་རི་མོ་ཞིག་བྲིས
འོད་ཟེར་ལ་ལག་པ་བརྐྱངས་ཏེ
ཁ་བྲལ་གྱི་མུན་པ་གང་ན་ཡོད
ཕ་ཡུལ་ནས་གྲུབ།
ལོ་སར་ཚེས་པ་གཉིས།
དཔྱིད་གསར་དུས་ཆེན་གྱི་ཉིན་གཉིས་པར
ལུ་གུ་མེ་ཏོག་ཅིག་རེ་སྒུག་གི་ཁྲོད་ན་ལུས
ཁ་བའི་འདབ་མ་མེ་ཏོག་གི་ས་བོན་ཡིན
མེ་ཏོག་རེ་རེ་ལ་རེ་སྒུག་གི་མིང་བྱང་བྲིས
ད་དུང་ཐག་རིང་ན་མགོ་ལྕོག་ལྡེམ་བཞིན
ལོ་སར་ཚེས་པ་གཉིས་མིག་རྡེབ་ཀྱི་ཡུན་ཟད་ལ་ཉེ
                 ཁམས་སྐྱེ་རྒུ་མདོ་ནས་གྲུབ།

             མེ་ཏོག་ཚིག་རོ།

སེམས་ཀྱི་ཞིང་ཁ་ན་སྨིན་པའི
མཛེས་སྡུག་རྐང་གཅིག་དེ
སྟོན་ལོ་བཞིན་འཐོར་བར་གྱུར
མིག་ཆུ་ལ་མཛེས་པས་ཁྱབ
ངུ་ངག་ལ་མཛེས་པས་ཁྱབ
ཆུ་འགྲམ་དེས་ཁྱོད་ལ་ཡང་དུ་བོས
རྩི་ཤིང་རྣམས་ཡང་ཡང་འདར
ཆུ་བོ་རྣམས་ཡང་ཡང་བཤུམ
སྤྲིན་པ་ཡི་ཁ་དོག་ནག་པོར་ལོག
ཟླ་བ་ཡི་ཁ་དོག་ནག་པོར་ལོག
སྨྲ་བའི་སྒོ་མོ་ཡང་འགག་ནས
ལག་བརྡའི་ཁྲོད་ནས་ཤུལ་དུ་ལུས
ཐག་རིང་ཐག་རིང་ན་ཤུལ་དུ་ལུས
སེམས་ཀྱི་ལྷག་མ་དེའི་གསེང་ན
མེ་ཏོག་ཚིག་རོ་ཞིག་འབུས་ནས
ཁེར་རྐྱང་ཡང་གོ་ལྡོག་ཏུ་གྱུར
མི་ཚེ་འདིའི་བདག་པོ་སུ་ཡིན
ལང་ཚོ་འདིའི་བདག་པོ་སུ་ཡིན
མཛེས་པ་འདིའི་བདག་པོ་སུ་ཡིན
སྐྱེ་བ་འདི་འོད་ཟེར་གྱིས་ཁྱབ་དགོས
མི་ཚེ་འདི་ལྷན་འཛོམས་ཀྱིས་ཕྱུག་དགོས
ལྷན་འཛོམས་དེ་གོ་ལྡོག་ཏུ་འགྱུར་རྗེས
མིག་ཆུ་དང་ལྷན་དུ་རྗེས་དྲན་བྱ་འོས
མིག་ཆུས་ཁྱོད་ཡང་དུ་གླེང
གློ་བུར་དུ་ལག་པོ་ཞ་བོར་འགྱུར་ནས
ཕྱི་མིག་གི་ཁྲོད་ནས་བུད་སོང་
གཏན་ནས་གཏན་དུ་བུད་སོང
                 ཟུར་མང་ནས་གྲུབ།
 

(མཆོད་མེའི་པར་དབང་གཞན་གྱིས་དགོལ་མི་རུང)

རྩོམ་ཁུངས། ངེད་དྲ་བ།

དཔྱད་མཆན ཡོངས་སུ་གཟིགས།དཔྱད་མཆན།

མིང་མི་འགོད་པར་སྤེལ།