ཕུན་ཁང་རྣམ་རྒྱལ་ཚེ་རིང་གི་བཅད་རྩོམ་ཕྱོགས་བསྒྲིགས།

ཕུན་ཁང་རྣམ་རྒྱལ་ཚེ་རིང་། མཆོད་མེ་བོད་ཀྱི་རྩོམ་རིག་དྲ་བ། 2015-07-09

image001.jpg

              རང་ཉིད་ངོ་སྤྲོད་མདོར་བསྡུས།

  ཕུན་ཁང་རྣམ་རྒྱལ་ཚེ་རིང་ངམ་དྲྭ་མིང་ལ་དགྲ་དགའ་དང་གཡང་དཀར་ལུ་གུ་ཡང་འབོད། ཕ་ཡུལ་གཞིས་རྩེ་ས་གནས་རྣམ་གླིང་རྫོང་། དགེ་བའི་བཤེས་གཉེན་སྙན་ངག་པ་བྱ་གཞུང་དབྱངས་བྷ་ལཊ་ཀྱིས་ལྷག་བསམ་བཟང་པོའི་བཀའ་དྲིན་འོག་དཔེ་ཀློག་རྩོམ་འབྲིའི་རིན་ཐང་དང་དེའི་སྤྲོ་སྣང་ཡང་རྟོགས་བྱུང་། ན་ནིང་ལྷ་ས་དགེ་འོས་ཚང་ནས་སློབ་ཐོན་བྱས་རྗེས་ད་བར་རྩོམ་རིག་གི་ལམ་ནས་འཚོ་བའི་དགའ་སྐྱོ་ཆགས་སྡང་རྣལ་མར་འབོད་པར་སྤྲོ་བ་ཞིག་ཡིན་ཞིང་རྩོམ་རིག་ལམ་བུའི་སྟེང་གྲུབ་འབྲས་རེ་གཉིས་ཐོན་ཡོད་པ་འདིར་མི་སྨོས་པར་སེམས། རྣམ་ཀུན་རྩོམ་ཐར་ཐོར་འགའ་མཚོ་སྔོན་པོའི་བོད་ཡིག་ཟིན་བྲིས་དང་མཆོད་མེ་བོད་ཀྱི་རྩོམ་རིག་དྲ་བའི་ཐོག་དང་ད་དུང་སྐད་འཕྲིན་ཐོག་གི་མི་སྒེར་དང་ཚན་པ་ཁག་གི་སྐད་འཕྲིན་གླེང་སྟེགས་ཐོག་རྩོམ་ཡིག་རྣམ་པ་མི་འདྲ་བ་སྣ་ཚོགས་སྤེལ་མུས་ཡིན། ད་ལྟ་ལྷ་ལྡན་གྲོང་ཁྱེར་སྙེ་མོ་རྫོང་དུ་སློབ་ཆུང་བོད་ཡིག་དགེ་རྒན་གྱི་མིང་ཙམ་འཛིན་བཞིན་ལས་ཞོར་སྐབས་ལ་དཔེ་ཀློག་དང་རྩོམ་འབྲིའི་ལམ་ལ་འབད་བཞིན་ཡོད། ཉེ་ལམ་ད་དུང་ལུག་ཚང་དཔལ་ཡོན་གྱི་རྩོམ་སྒྲིག་པའི་འགན་ཁུར་ཁུལ་ཡིན།

               མཚན་གུང་གི་ཁེར་ལབ།

ཟླ་འོད་རབ་རིབ་སེམས་ཀྱི་སྒྲོན་མེའི་འོག །
རྣམ་ཤེས་རླུང་བུས་འཁྱེར་བའི་མི་བུ་ང་།།
ཁྲོམ་སྲང་མྱུལ་བའི་ཁྱི་ཡི་དཔེ་བཞིན་དུ།།
གང་འགྲོ་འདི་འགྲོའི་ལམ་ཁ་ངས་མི་རྟོགས།།

གུ་དོག་ལམ་བུའི་གྲུ་ཟུར་འདི་རུ་ནས།།
ཆགས་གྲུམ་ཤོར་བའི་གནའ་ཉམས་ཕོ་བྲང་ཞིག །
སུ་ཡི་དོན་དུ་ཁེར་རྐྱང་ལོ་ཟླའི་ཁྲོད།།
ཉིན་མཚན་ཀུན་ཏུ་སྨྲེ་གླུ་དབྱངས་སུ་གྱེར།།

ཨ་ཕའི་བརྩེ་བ་རི་རྒྱལ་ལྷུན་པོ་བཞིན།།
ཨ་མའི་དུང་བ་མཐའ་ཡས་རྒྱ་མཚོ་ལྟར།།
རྒྱང་རིང་མི་ཡུལ་ལས་ཀྱི་འགྲོགས་པའི་ང་།།
ཕ་ཡུལ་ཕ་མ་དྲན་པའི་གདུང་བ་ལྕི།།

སྐྱུར་རྩིར་འདྲེས་པའི་རྣམ་ཤེས་ཕྲ་མོ་ལ།།
རིག་པས་དབུལ་བའི་གཟུང་ཤུགས་ཁབ་མིག་ཙམ།།
དེང་དུས་འགྲོ་ལ་ཕྱི་ཡི་མཛེས་པ་ལས།།
གསེར་ལས་ལྷག་པའི་རྣམ་དཔྱོད་རི་བོང་རྭ༎

དོ་ནུབ་མཚན་གང་ཁོར་ར་ཁོར་ཡུག་ཀུན།།
དབེན་པའི་རི་ཁྲོད་འདྲ་བའི་སྣང་བ་ལགས།།
འཆར་སྒོའི་རྒྱ་རུ་ཚུད་པའི་མི་བུ་ང་།།
སེམས་པའི་ཀློང་ངུ་འདས་དོན་རྦ་རླབས་འཕྱུར།།

གྲོང་ཁྱེར་འཚོ་བ་སྐྱ་ཟད་སྔོ་ཐུག་ལ།།
ང་ཙམ་མིན་པ་གཞན་ཡང་སྡུག་སྐད་ཤོར།།
དཔོན་ཉམས་ཁེ་ཕན་སྒོར་མོའི་དུས་རབས་འདིར།།
སྡང་བའི་གླེང་བརྗོད་སྨྱུག་རྩེར་ཕབ་པ་དཀོན།།

འཁོར་བ་མི་རྟག་གནས་ལུགས་རྟོགས་སླ་ཡང་།།
ང་ཡི་མདུན་ནས་ཟད་པ་ངས་མི་ཚོར།།
གོ་རྟོགས་དམན་པས་འདྲི་རྟགས་མང་པོ་ཞིག །
སེམས་ལ་ཉར་ཡང་སྡུག་བསྔལ་ཁུར་པོ་རང་།།

མཚན་མོའི་ནམ་མཁའ་ཇི་འདྲའི་ཁུ་ཡངས་ཀྱང་།།
ང་ལ་དབང་བའི་གནས་ཞིག་ཅི་ནས་འོང་།།
མིག་གི་རིག་པ་སེམས་ལ་འཆར་བ་དག །
སྨྱུག་རྩེའི་ཁ་ནས་བརྡོལ་བར་བདག་མི་ངལ།།
           ༢༠༡༣.༡༡.༠༥ཉིན་གྱི་མཚན་མོར་ལྷ་ལྡན་གྲོང་དུ་སྦྱར།

              སེམས་ཀྱི་མཆོད་པ།

གངས་རི་དཀར་པོ་བོད་མིའི་སེམས་རྒྱུད་ཡིན།།
འགྱུར་མེད་རྡོ་རྗེ་བོད་མིའི་བློ་རྩ་ཡིན།།
བྱམས་དང་སྙིང་རྗེ་དར་བའི་ཞིང་ཁམས་འདིར།།
འགྲོ་དྲུག་སེམས་ཅན་སེམས་ཀྱི་ཞི་བདེར་སྨོན།།

མིག་རྒྱང་ཅན་གྱི་མེས་པོ་སྲོང་བཙན་རྗེས།།
མཛངས་བློན་ཐོན་མི་གཙོས་པར་བཀའ་ཕབ་ཀྱིས།།
བོད་འབངས་སྤྱི་ལ་མཁོ་བའི་ཡི་གེ་གཏོད།།
ཀ་མད་སུམ་ཅུའི་བསྟན་པ་ཡུན་དར་ཤོག །

དབེན་གནས་ཞི་གྲོང་ཆོས་ཀྱི་དོ་ར་རུ།།
དམ་པའི་བཀའ་སོགས་དཔེ་ཆ་བརྒྱ་རྩ་བརྒྱད།།
དཔེ་སྒྲོམ་མཛེས་པར་བྱེད་པའི་རྒྱན་ཆ་མིན།།
གཞུང་ལུགས་ཟབ་མོར་རིག་པས་འཇུག་པར་བརྩལ།།

གཙང་མཁས་གཞན་ལ་ཕན་པའི་དགེ་རྒན་ཚོ།།
སློབ་འཁྲིད་སྟེགས་བུར་ཆེན་པོའི་ཉམས་དེ་དོར།།
ཀ་ངོ་མི་ཆོད་བྱིས་པའི་ཚོགས་ཀུན་ལ།།
ཉེ་རིང་མེད་པར་ཡོན་ཏན་སློབ་པར་དགེ །

ལྷོ་ཕྱོགས་འཛམ་བུ་གླིང་གི་ཡུལ་གྲུ་ནས།།
ཆོལ་གསུམ་ཁ་བ་ཅན་གྱི་གནས་མཆོག་འདིར།།
ཕ་བུ་དགྲ་རུ་ལངས་བའི་ནང་དམེ་སོགས།།
ཐམས་ཅད་ཞི་བར་འཁོད་པ་སྙིང་ནས་གསོལ།།

ཕ་མའི་དཀའ་སྡུག་ཁྲོད་ཀྱི་སློབ་ཆེན་པ།།
བརྩེ་དུང་བྱ་བར་འཁོར་བའི་སློབ་ཆེན་པ།།
ཕུགས་རེ་མངོན་འགྱུར་ཆེད་དུ་ཤེས་བྱར་བརྩོན།།
མ་འོངས་གངས་ཅན་བདག་པོའི་སླད་དུ་འབད།།

ཁ་བའི་ལྗོངས་ཀྱི་གླུ་ལེན་ཕོ་མོའི་ཚོགས།།
ཡ་རབས་བོད་ལ་དུང་བའི་འགྱུར་ཁུག་སྒྲོག །
སྨྱོ་གར་འུར་གཏམ་ཆ་ལུགས་ཡ་མ་ཟུང་།།
མེས་པོའི་སྲོལ་རྒྱུན་སྒྱུ་རྩལ་བརླག་པའི་རྟགས།།

བོད་མིའི་དབར་ལ་ཕ་སྐད་གཙང་མ་ཞིག །
བོད་མིའི་དབར་ལ་མཐུན་སྒྲིལ་དུངས་ཞེན་དགོས།།
བོད་མི་ང་ཡིས་བྲིས་པའི་མཆོད་པ་འདི།།
བོད་མི་ཀུན་ལ་ཕན་པར་འདུན་པ་ཆེ།།
               ༢༠༡༤.༠༡.༢༩ཉིན་ཕ་ཡུལ་དུ་སྦྱར།

              སེམས་འགྱུ་དམར་པོ།

འཇིག་རྟེན་འཁོར་བའི་སྒེའུ་ཁུང་ངོས་སུ་ནས།།
འཚོ་བའི་ལམ་བུ་འཛོལ་བའི་མི་བུ་ཁྱུ།།
ཐག་རིང་ཐག་རིང་ཞིག་ལ་མིག་འཕེན་དུས།།
སེམས་ཆུང་རིས་སུ་འོད་སྣང་ཕྲ་མོ་སྒོམ།།

གཤོག་པ་རྨས་པའི་ཉམ་དག་བྱིའུ་ཆུང་ཅིག །
རྐང་ལག་གཙེས་པའི་ཤ་བ་ཡུ་མོ་ཅིག །
ལྕགས་གཟེབ་ཀློང་དུ་ཚུད་པའི་ཁེར་བུའི་གཟུགས།།
དམིགས་དབེན་འོད་ལ་འཁྱུད་དུས་ཡ་ཆུང་བདེ།།

ཡིད་འོང་ཁོར་ཡུག་མུན་པའི་ཡོལ་བས་སྒྲིབ།།
སྔོ་ལྗང་སྤང་ཤོངས་ལྷན་སྐྱེས་རང་དབང་བཅོམ།།
བརྩེ་བ་འོད་ལ་བཅོལ་བའི་མི་བུའི་ཚོགས།།
ཁ་ཕྱོགས་འོད་ལ་སྙེགས་དང་ཕུགས་རེ་བརྟན།།

ཁ་ས་ཨ་ཕའི་གཏམ་རྒྱུད་ཕྲ་མོ་ལས།།
རིགས་གཅིག་འདི་ཡི་རྔམ་བརྗིད་མེ་ལོང་གཟུཊ།།
དེ་རིང་ང་འདྲའི་རྗེས་རབས་དུ་མ་ཡིས།།
བཅུ་ཕྲག་རིག་གནས་བཤམས་སྟོན་ཁང་ལ་བཅོལ།།

རི་བོ་གྲུ་འཛིན་ལྷ་ཡི་གྲོང་ལ་འཕོས།།
དད་ཞེན་ཡོད་སྙམ་ངོ་སོའི་སླད་དུ་བརྩོན།།
ལྷ་ཁང་བཀོད་ལེགས་གློག་འོད་ཁྲོད་དུ་མཚར།།
ཁེར་རྐྱང་མི་བུ་མིག་ཆུའི་ལམ་བུ་སྒྲིམ།།

བྲག་ལ་བཅོལ་བའི་དམ་བཅའ་མེ་ཡིས་འཚིག །
རླུང་ལ་བསྐུར་བའི་རེ་འབོད་དམ་ལ་བཏགས།།
འཇོན་འཇོན་ངར་ངར་སེམས་པ་ཆུ་ལ་བསྐྱུར།།
རྒྱ་ཡན་རྣམ་ཤེས་སྟོན་ལོའི་འཁྱེར་ཕྱོཊ་རང་།།

གངས་རིའི་འདབས་ནས་བཙས་པའི་རྣམ་ཤེས་ལ།།
གངས་ལྷ་མེ་ཏོག་བཞིན་དུ་གསོན་ཤུགས་མངའ།།
གངས་དཀར་སེམས་ཀྱིས་བསླས་པའི་མཆོད་པ་འདི།།
གངས་ལྗོངས་སྐྱེ་བོ་ཀུན་གྱི་ཡིད་དུ་གསོལ།།

གངས་རི་ར་བས་སྐོར་བའི་ཞིང་ཁམས་འདིར།།
གངས་ཅན་འགྲོ་ལ་ཕན་པའི་སྐྱེས་ཆེན་འཁྲུངས།།
གངས་དཀར་ཏི་སིའི་བསོད་ནམས་དབང་ཐང་འདི།།
གངས་ཆུས་ཆུང་ནས་བསྐྱངས་བའི་བོད་མིའི་སྲོག །

གངས་ཁྲོད་ཞིང་ནས་ཆགས་པའི་སྒང་པ་བོད།།
གངས་རྒྱལ་གཡུ་རལ་ངོམས་སའི་ཕ་གཞིས་རེད།།
གངས་ཐིགས་བདུད་རྩིའི་རྒྱུན་གྱིས་ལས་སྒྲིབ་དག །
གངས་པ་ཤེའུ་ཡིས་སྐལ་པ་ཡུན་དར་ཤོག །

གངས་སྟོད་མཐོན་པོ་ཡངས་པའི་ཡུལ་གྲུ་འདི།།
གངས་ཕྲུག་ང་ཚོ་འཚར་སའི་ཕ་ཁྱིམ་རེད།།
གངས་ལ་བརྩེ་བའི་ཆོལ་གསུམ་བོད་པ་ཚོ།།
གངས་ཀློང་འདི་ནས་རིགས་ཞེན་དབྱངས་རྟ་སྒྲོག །
                ༢༠༡༤.༠༢.༢༧ཉིན་རང་ཁྱིམ་དུ་སྦྱར།

             མེ་ལོང་ནང་གི་རང་གཟུགས།

དུས་ཀྱི་འཁོར་ལོས་རིན་བྲལ་བྱ་བ་འཛོལ།།
དུས་ཀྱི་དགྲ་བོས་ལང་ཚོའི་བྱད་བཞིན་བཅོམ།།
དུས་ཀྱི་བུ་མོའི་སྟངས་སྟབས་མྱུར་བའི་མཐུས།།
དུས་ཀྱི་བུ་ཆུང་ས་མཐའི་ཁྲོད་ནས་ངལ།།

མི་ཚེའི་རིན་ཐང་མི་ཡིས་རྟོགས་སླ་ཡང་།།
མི་ཚེའི་ཚེ་ཐག་མི་ཡིས་ཐུང་ལ་བརྩོན།།
མི་ཚེའི་གནས་ལུགས་མི་རེའི་སེམས་ནས་དྲངས།།
མི་ཚེའི་ཁ་ཕྱོགས་མི་ཡིས་འཁྲུལ་བར་ལྟོས།།

དེང་གི་མི་བུ་ཕྱི་ཡི་འདྲ་གཟུགས་ཅན།།
དེང་གི་བྱ་བ་མིག་ལ་མཛེས་པའི་རྒྱུ།།
དེང་གི་ཁོར་ཡུག་མེ་ཏོག་ནག་ན་བཞད།།
དེང་གི་བྱ་བ་ཀུན་ཤེས་གསང་བའི་ཐབས།།

ཁ་ནས་ལབ་ཅིང་ལག་གིས་ཕྱག་རྒྱ་འགས།།
ཁ་བཤད་ལྦུ་བའི་གཏམ་རྒྱུད་སྣ་རེ་བརྒྱུད།།
ཁ་ཕོ་འབྲུག་སྒྲ་དོན་རྩ་སྦྲུལ་རིས་འདིས།།
ཁ་འདོན་ཚར་ཅིག་འོདན་པའི་ཐབས་ལས་སྡུག །

ས་སྟེང་སྐྱེ་ཁམས་ཆོས་ཉིད་མཐུན་པས་འཚོ།།
ས་སྟེང་བྱ་བ་བལྟས་པའི་ལས་སླ་བྲལ།།
ས་གཞིའི་ཁྱོན་ཀུན་མུན་པས་རུབ་པའི་སྐབས།།
ས་ཐོག་འདི་ནས་ཐར་བའི་ལམ་ཞིག་འཚོལ།།

ཆུ་མོ་རིག་དུས་འཚོ་བའི་རེ་བ་གང་།།
ཆུ་མོ་བྲལ་དུས་འཚོ་བར་ཡིད་ཆེས་ལོས།།
ཆུ་མཐར་འབྱོར་ཡང་ཟམ་པའི་དྲིན་ལན་དྲན།།
ཆུ་སྒོ་གངས་ལ་སེམས་པ་གངས་འདྲ་ལགས།།

ལས་ཀྱི་སྐོར་བསྐྱོད་མི་རེའི་ལག་གིས་བསྐྲུན།།
ལས་ཀྱི་བཀོད་ཐང་ཚེ་སྔོན་སྐལ་བའི་རྟེན།།
ལས་ལ་གང་དགོས་རང་གི་ཚོགས་ལས་སྒྲུབ།།
ལས་ཀྱི་ལམ་སྣེ་བདེ་བར་ལུས་སེམས་འགུལ།།

རང་གི་བདེ་བར་གཞན་དག་སྡུག་མི་སྦྱོར།།
རང་ལ་བརྩེ་བར་དག་པའི་བདག་རྐྱེན་དགོས།།
རང་གཞན་ཀུན་ཕན་སེམས་ཀྱི་བདེ་བ་བསྐྲུན།།
རང་གཞན་མཉམ་སྐྱིད་དེ་ནི་དཀར་པོའི་ཆོས།།
                  ༢༠༡༤.༠༤.༢༨མཚན་མོར་སྦྱར།

              སྤྲིན་པར་བྲིས་པའི་གཏམ།

གུ་ཡངས་ནམ་མཁའི་རུམ་ལ་འཁོར་བ་ཡིས།།
ནམ་མཁའི་ཀློང་ན་བདེ་བའི་སྐལ་བ་འཐོབ།།
སྐལ་བའི་སྐོར་བསྐྱོད་དུ་མས་ལོ་ཟླ་ཟད།།
ལོ་ཟླའི་གསེབ་ནས་སྤྲིན་པའི་རང་གཤིས་དྲན།།

སྤྲིན་བཟང་དཀར་པོ་དགུང་སྔོན་ཁྲོད་ན་འཚོ།།
དགུང་སྔོན་དབྱིངས་ནས་སྤྲིན་གྱི་འཇིག་རྟེན་ཡོད།།
འཇིག་རྟེན་ཆེ་ཆུང་གང་ལ་ཁྱད་པར་ཅི།།
གང་བྱས་འཛོམས་ན་བདེ་བ་ལོས་ཡོད་ལགས།།

སྤྲིན་པར་དད་པ་སྤྲིན་པར་བརྩེ་བས་ཡིན།།
སྤྲིན་པར་འཁོར་བ་སྤྲིན་པའི་གཤིས་ལ་དགའ།།
སྤྲིན་པ་སྲབ་མོ་ཆུང་ཆུང་དུ་མའི་ཚོགས།།
ང་ཡི་སེམས་ནས་རྒྱུ་ན་ཅི་ནས་སྐྱིད།།

སྤྲིན་དཀར་མཁའ་ལ་འཕྱོ་བའི་རྣམ་ཤེས་འདི།།
རྣམ་ཤེས་ས་ནས་ལུས་པའི་མི་བུའི་རྟེན།།
མི་བུའི་ལུས་སེམས་སྤྲིན་ལ་འཁོར་བ་ཡིས།།
འཁོར་བའི་ཕྱོགས་ནས་སྤྲིན་པའི་རང་སྣང་དྲན།།

དྲན་པའི་ངོས་ལ་བརྐོས་པའི་གཏམ་རྒྱུད་ཚོས།།
ང་རང་སྤྲིན་པར་བརྩེ་བའི་རྒྱུ་མཚན་ཡོད།།
ཁུ་སིམ་ལོ་ཟླ་མུན་པའི་འཁོར་ལོས་བཅོམ།།
སྤྲིན་པའི་རྒྱུ་ཕྱོགས་ང་ཡི་ཞེན་ཆགས་རང་།།

ལྷོ་ཕྱོགས་འཛམ་བུ་གླིང་གི་གྲུ་ཟུར་ནས།།
སྤྲིན་ལ་ཕྱོགས་པའི་རྣམ་ཤེས་ཁྲི་མ་འབུམ།།
རང་གཞན་འགྲོ་བའི་ལམ་བུ་མི་འདྲ་ཡང་།།
ཁ་ཕྱོགས་གཅིག་ལ་འཁོར་དུས་བདག་སེམས་སྤྲོ།།

སྤྲིན་པ་ལེབ་མོ་ཕར་རྒྱུ་ཚུར་རྒྱུ་འདིས།།
ང་རང་གང་ལ་སྦྱར་བའི་དགོས་པ་མེད།།
ཚར་གཅིག་སྤྲིན་དང་འགྲུལ་བའི་རེ་གསོན་ཞིག །
སྔར་ནས་འཆར་ཡོང་ཕྱིས་ཀྱང་ལོས་སྒྲུབ་ངེས།།

དེ་རིང་གནམ་དང་སེམས་པ་མཐུན་དྲགས་ནས།།
མིག་ཆུ་དམར་པོས་བསླས་པའི་སེམས་སྒྲ་གང་།།
དྲན་པ་གྲུ་བཞི་བརྩེ་བ་རྡོག་རྡོག་དག།
སྤྲིན་པ་ལྷག་པར་དྲན་པས་སྤྲིན་པར་འཕུལ།།
                   ༢༠༡༤.༠༤.༣༠ཉིན་ཕུ་གསུམ་ཡུལ་གྱི་སྤང་ཐང་ཞིག་ཏུ་ཤར་མར་བྲིས་པས་དགེའོ།

              དྲན་པའི་ཕྱི་ནང་།

སྔོན་རབས་ལོ་རྒྱུས་ཞིག་གི་མེ་ལོང་ངོས།།
སྔོན་འབྱུང་སྐྱེ་མཆོག་རྣམས་ཀྱི་མིག་ཆུ་རིག །
སྔོན་མེད་བསྒྱུར་བཅོས་དག་གི་མུན་པའི་འོག །
སྔོན་དར་རྒྱལ་ཆེན་ཞིག་གི་ཁྲག་རྩ་བཀུམ།།

མི་ཚེའི་ལམ་བུ་སོག་ལེའི་ཁ་བཞིན་འཁྱོག །
མི་འགབ་བྱ་བ་དགུང་གི་སྐར་མའི་ཚོགས།།
མི་ཆོས་མ་ཕེར་མདོ་མེད་འཁྱམས་པོ་ང་།།
མི་ཉིད་བརྗོད་པའི་ཚད་ལྡན་ཐ་སྙད་དབེན།།

ཡབ་མེས་དག་གིས་ཕ་སའི་བདེ་སྡུག་སླད།།
ཡབ་གཞིས་བདེན་པས་སྐྱོང་བའི་ལོ་རྒྱུས་མང་།།
ཡབ་ཆེན་རུས་པའི་གསེང་གི་དམ་བཅའ་ཞིག །
ཡབ་འབངས་དུ་མའི་ཡིད་ཀྱི་རུམ་ལ་བརྐོས།།

ལྷ་མོ་དབྱངས་ཅན་བདེན་པའི་ངག་ལ་བཞུགས།།
ལྷ་ལུང་དཔལ་རྡོར་དཀར་ནག་བར་ན་གནས།།
ལྷ་གདོང་ཤར་ཁར་ཐང་སྟོང་རྒྱལ་པོ་དྲན།།
ལྷ་ས་དག་པའི་ཞིང་ཁམས་སྔར་སོང་གཏམ།།

བཙན་བརྫིད་བཀའ་ཡིས་གོ་ལའི་ཁྱོན་ཀུན་ཏུ།།
བཙན་རྒོལ་སྟོབས་ལས་བདེན་པའི་ངར་རོ་སྒྲོག །
བཙན་པོའི་རྒྱུད་པ་ཕ་སའི་བདེ་སྡུག་སྐྱོང་།།
བཙན་ཐབས་ཅི་ནུས་རང་གི་བདེན་ཁ་སྲུང་།།

ཆུ་གང་བཀའ་དྲིན་ཕྲ་མོས་བསྐྱངས་པའི་དྲིན།།
ཆུ་ངན་ལམ་ཤོར་བྱས་ན་གང་ནས་འགྲིག །
ཆུ་མོ་ལང་ལོང་བཞུར་འདྲའི་རང་གཤིས་འདི།།
ཆུ་ཡིས་འཚོ་བའི་མི་བུས་གདུང་འབོད་སྒྲོག །
               ༢༠༡༤.༠༥.༠༤མཚན་མོར་རང་ཁྱིམ་དུ་སྦྱར།

              སེམས་ཀྱི་རང་སྒྲ།

ཚེ་འདིར་མི་ལུས་བླངས་པའི་འཕྲིན་ལས་འདིས།།
ང་རང་མི་དང་མཉམ་པ་ལས་དགོས་ཀྱང་།།
སྔོན་གོམས་བག་ཆགས་ཅིག་གི་རྒྱུ་འབྲས་ལས།།
ང་རང་ཀུན་ལས་དམན་པར་ཡིད་རེ་འགྱོད།།

ཡ་གེའི་དཔོན་གྱིས་དམངས་ཀྱི་བདེ་སྡུག་གླེང་།།
མ་གེའི་སྤྲང་པོས་སོ་སོའི་དགའ་ཉེ་སྐྱོང་།།
ཉིན་ལྟར་ལངས་མ་བསྡད་ཀྱི་ལས་ཀྱི་ཁྲོད།།
རང་ཚོད་རང་འཇོན་ཕྲན་བུས་དུས་རེ་འདས།།

གཞན་གྱི་བྱ་བར་ང་རང་མོས་གྱུར་ཀྱང་།།
སོ་སོས་སྒྲུབ་པར་དཀའ་དུས་བྱ་ཐབས་ཅི།།
དེ་ལྟར་དགོས་མེད་ཙག་ཙིག་བྱ་བའི་ཀློང་།།
ང་རང་མདོ་མེད་འཁྱམས་པོ་གཅིག་ལས་སྡུག །

ཡ་ཆུང་སྙིང་ནས་ཟོལ་མེད་ལས་ཀྱིས་བསུས།།
མགྲིན་པའི་ལམ་ནས་ཤ་ཚའི་གཏམ་གྱིས་དྲིན།།
ལུས་ངལ་འབྲེལ་གྱིས་ཡར་མར་གང་དུ་བརྩོན།།
དཀའ་སྤྱད་བྱ་བའི་འབྲས་བུ་རིག་དུས་སྐྱོ།།

ཡོད་པ་དག་ནི་ནམ་ཡང་རིག་དཀའ་ལ།།
མེད་པ་ཚོ་ནི་རྟག་ཏུ་མཐོང་གྱུར་དུས།།
ཡོད་ཚད་ཕྱི་ཚུལ་དག་གིས་དབང་བསྒྱུར་སྐབས།།
ང་རང་ངུ་མ་དགོད་ཀྱི་རྣམ་ཐར་སྐྱོང་།།

དབྱངས་གསལ་ངག་ལ་གྱེར་བའི་དུས་དེ་ནས།།
ང་རང་འགྱུར་མེད་འགན་འཁྲིས་སྐོར་གྱུར་ཡང་།།
འོག་ནས་རེ་ཆད་མིག་ཟུང་མཐོང་མ་ཐག །
ང་རང་མིག་ཆུས་སེམས་གསོ་གཏོང་ལས་ཅི།།

ཡིད་ཀྱི་ཀློང་ངོར་བདེན་པའི་གཏམ་འཁོར་ཡང་།།
བཤད་སའི་གནས་དག་མུན་པས་བཅོམ་ཟིན་དུས།།
དེ་དང་དེ་འདྲ་རང་ཉིད་ཁོ་ནར་བརྗོད།།
དེ་དང་དེ་འདྲ་རང་ཉིད་གཅིག་པུས་མྱང་།།

ཟླ་འོད་མོག་མོག་ཁྱི་ཡི་ཟུག་སྒྲའི་ཁྲོད།།
མི་ཀུན་བདེ་བར་འདོད་པའི་རྨི་ལམ་སྒྲིམ།།
ང་རང་འདས་མ་ད་གསུམ་གླེང་གཞིའི་ཀློང་།།
གཏམ་རྒྱུད་དམར་པོ་ཅིག་གི་རྒྱབ་ལྗོངས་དྲན།།

རིག་པའི་དཔའ་བོ་མུན་པའི་གཟེབ་ནས་བཀུམ།།
བདེན་པའི་བུ་ཆུང་ཐག་རིང་མི་འདོད་བསྐྱོད།།
ཕན་པར་བསམ་པ་ཡོད་ཚད་ངན་པར་བརྩི།།
འཁོར་བ་ཟེར་བ་ངོ་མ་དམྱལ་ལས་ནག །

སྐབས་རེ་བསམ་ན་ཡག་པར་མངོན་ན་འང་།།
སྐབས་རེ་བསམ་ཡང་སྡུག་བསྔལ་རང་རེད་ལགས།།
བསམ་དྲན་མེད་པ་བཤད་འདོད་མེད་བྱས་ན།།
མིག་ཡོད་ལོང་བ་སྨྲ་ཡོད་ལྐུགས་ལས་གང་།།
                       ༢༠༡༤.༠༥.༢༢རང་ཁྱིམ་དུ་སྦྱར།

              བསམ་གཞིགས་ཀྱི་ཁ་དོག

རང་རང་སེམས་ཀྱི་ཡོལ་བ་ཕྱེ་བའི་སྐབས།།
རང་ཉིད་ཁོ་ནའི་གདོང་རིས་མངོན་པའི་ཚེ།།
རང་གཞན་དབྱེ་མེད་འདང་ཞིག་རྒྱབ་པའི་དུས།།
རང་གིས་རང་ལ་གཏམ་ཞིག་འདྲི་བར་ཐལ།།

ཁ་སང་ཕ་མ་བཟང་པོའི་བཀའ་དྲིན་གྱིས།།
ཁ་སང་གཞན་གྱི་ཁྲོད་དུ་སྤོབས་པས་འགྲོགས།།
ཁ་སང་བཤེས་གཉེན་དམ་པའི་གདམས་ངག་གིས།།
ཁ་སང་དབྱངས་གསལ་ལམ་ནས་ཤེས་བྱར་འབད།།

དེ་རིང་ང་རང་རང་སྒོ་ཐོན་རུང་ཡང་།།
དྲིན་བྱས་དྲིན་ལ་ལྡོག་པའི་བྱེད་ལུགས་འདིས།།
དེ་རིང་སྔར་གྱི་ཡོད་ཡོད་བརླགས་འགྲོ་དུས།།
རང་གི་རང་ལ་འཁང་ར་བྱེད་དགོས་རང་།།

ཤེས་རིག་སྦྱོང་བས་བློ་འབྱེད་ལྡན་དགོས་དང་།།
གནས་ལུགས་བདེན་པས་སྐྱོང་བ་ཡིན་ལོས་ཀྱང་།།
རིག་གནས་ཅུང་ཙམ་ཡོད་པའི་ང་རྒྱལ་གྱིས།།
ཐ་ན་རིགས་མཐུན་གཏམ་ཅིག་བཤད་ས་དཀའ།།

གཞན་ལ་བཤད་ལུགས་རྣམ་པ་བཅོ་བརྒྱད་དང་།།
གཞན་ལ་འཕྱ་ལུགས་འདྲ་མིན་སྣ་ཚོགས་ཡོད།།
ཡོད་ཚད་རང་གི་མགོ་ཐོག་བབ་པའི་དུས།།
ལྕེ་རྩེ་རྨོངས་ནས་གང་བཤད་འདི་བཤད་བྲལ།།

དོན་མེད་གཏམ་ལ་ང་བཤད་ཁོ་བཤད་རེད།།
རྔོ་ཐོགས་ཚིག་གསུམ་བརྗོད་པ་རི་བོང་རྭ།།
དེས་ན་གང་དུ་གང་བཤད་བྱེད་པའི་ཚེ།།
མཛུབ་མོ་རང་ལ་བལྟས་ནས་འདང་རྒྱག་ལོས།།

དུས་ཀྱི་སྐལ་བ་དུ་མ་འཁོར་བའི་ཁྲོད།།
རིགས་་ཞེན་གཏམ་ལ་སྣང་འཇོག་དཀོན་གྱུར་དུས།།
མི་ཟེར་བྱེད་དཀའ་མི་བཟང་དེས་དཀའ་སྐབས།།
འཁོར་བའི་ཀློང་ནས་བདེན་པའི་ལམ་བུ་དོག །
                      ༢༠༡༤.༠༥.༣༡ཉིན་རང་ཁྱིམ་དུ་སྦྱར།

               ཁ།

རང་རིགས་མེས་པོའི་ངག་ལམ་བཟང་པོ་ལས།།
གཅིག་པོ་བསྡད་དུས་སེམས་ལ་བལྟ་དགོས་དང་།།
མང་པོ་འཚོགས་དུས་ཁ་ལ་བལྟ་བའི་གཏམ།།
དེ་རིང་དུས་ལ་ཀུན་གྱི་མཐོང་ཆོས་རང་།།

དེ་རིང་ཁོར་ཡུག་དེ་རིང་འཚོ་བ་འདིར།།
མིག་གིས་བལྟས་པའི་ལས་སླ་གང་ནས་ཡོད།།
དེ་བས་ཁྱོད་ཀྱི་ཉིན་རེའི་འཚོ་ཐབས་ཁྲོད།།
སྣ་ཡི་འོག་ནས་སྐྱེས་པའི་སྨྲ་སྒོར་བརྟེན།།

སྨྲ་ལྕེ་ཡངས་པས་རང་དོན་དེ་མུར་སྒྲུབ།།
སྨྲ་ལྕེ་བཙན་པས་ཀུན་གྱིས་ཁྱོད་མི་རིག །
ཁྱོད་དང་ཁོ་ཡི་བར་ཐག་རི་རབ་འདི།།
སྐད་ཆ་འདྲ་འདྲ་བཤད་སྟངས་མི་འདྲས་ཡིན།།

གཞན་དང་འགྲོགས་པར་ཁ་ཞེ་མཐུན་ཐབས་དང་།།
ཀུན་གྱིས་བརྩེ་བར་རང་གིས་འབད་དགོས་དུས།།
རང་སེམས་རྣམ་དག་ཁ་ལ་ཆ་འཇོག་དགོས།།
རང་གཞན་འཁྲུག་པའི་གཞི་མ་ཁ་ལ་དོགས།།

རང་གི་མི་འཇོན་ཁ་ཕོ་འབྲུག་སྒྲ་འདི།།
རང་སྡུག་རང་གིས་སྦྱར་བའི་སྔ་ལྟས་ཡིན།།
དོན་དམ་གང་བྱས་གང་ཀུན་བྱ་བའི་ཁྲོད།།
སྔར་སོང་དམ་བཅའ་ཁ་སྡིགས་མེད་པར་སྒྲུབ།།

རང་གི་འཚོ་ཐབས་རང་གིས་བརྩོན་པ་ལས།།
ཁ་མཁས་ཚིག་གིས་གཞན་ལ་སྐྱབས་མི་བཅོལ།།
མཁས་བརྒྱ་འགྲན་གླེང་མེ་ཏོག་མཉམ་བཞད་དུས།།
ཨ་མའི་བུ་ཆུང་བདེན་པའི་རྩོལ་བས་འཚོ།།

ཡ་གེའི་དཔོན་པོ་ཕྱི་བཟོ་རྫིག་པོ་འདི།།
མ་གེའི་དམངས་ཀྱི་རྔུལ་ཁྲག་བཏུང་བས་བྱུང་།།
རྒྱུ་འབྲས་བསླུ་མེད་ཐམས་ཅད་མཁྱེན་པའི་ཆོས།།
འགྱོད་མེད་ལམ་དཀར་བརྒྱུད་ན་བརྒྱུད་རན་ཡིན།།

ཁ་སྟོང་བརྒྱ་ཡིས་དོན་བརྒྱ་གླེང་བ་ལས།།
ཁ་བཤད་དོན་ལྡན་གཏམ་གཅིག་སྨྲ་བ་དགའ།།
ཁ་ནས་ལབ་ཚད་དོན་སྙིང་ལྡན་དཀའ་བས།།
ཁ་བཤད་གཏམ་དག་རིག་པས་དཔྱད་དགོས་རང་།།
              ༢༠༡༤•༠༦•༡༥ཉིན་མཚན་མོར་རང་ཁྱིམ་དུ་སྦྱར།

            ཉིན་གཅིག་གི་འཚོ་བ།

ཉིན་གཅིག་དུས་ཀྱི་ཚོར་བ་ཐན་ཐུན་དག །
མི་རེའི་སེམས་ལ་མེ་ལོང་གཟུགས་སུ་སྒྲུབ།།
དེས་ནས་བདག་གི་ཉིན་གཅིག་འཚོ་བའི་ཚོཊ།།
རང་གི་དཔྱད་མྱོང་ཅི་རིགས་ཐོག་ནས་བཀྲམས།།

ཉིན་གཅིག་ལས་ཀ་རྫོགས་པའི་མི་བུ་འགའ།།
རང་ཁྱིམ་དྲོན་མོར་སྔོ་ཚོད་ཐུག་པར་རོལ།།
ཁྱི་ཡི་ཟུག་སྒྲ་འཇགས་ཅིང་སྒེའུ་ཁུང་ལས།།
གློག་འོད་ཕྲ་མོས་ནམ་མཁའི་ཟླ་ལ་འགྲན།།

ཉིན་གཅིག་ལས་ཀ་ཚུགས་པའི་མི་བུ་འགའ།།
འཆར་ཡན་དག་ལ་ཡང་ཡང་འདང་བཞིན་དུ།།
ཁྲོམ་དང་སྲང་ལམ་གང་ནས་འུར་ཡོང་བའི།།
སྐུ་མགྲོན་རྒྱུན་གཏན་དག་ལ་བསུ་བར་བྲེལ།།

ཉིན་གཅིག་སོང་བར་འགྱོད་པའི་མི་བུ་འགའ།།
སང་ཉིན་ཁོ་ནར་སྒུག་བཞིན་གཉིད་ཡང་བྲལ།།
དོན་དམ་རང་ཉིད་འདི་འདྲའི་འཚོ་ཐབས་འདི།།
རང་སྡུག་རང་གིས་ཉོས་པའི་དན་རྟགས་རང་།།

ཉིན་གཅིག་འདས་ཀྱང་སང་ཉིན་ཡོད་སྙམ་དག །
མི་རྟག་ཆོས་ཉིད་བྲལ་བའི་ངན་འབྲས་ལ།།
ཡོད་ཚད་སང་ཉིན་དེ་ལ་བཅོལ་གྱུར་དུས།།
ནམ་ཞིག་ཁྱོད་ལ་སང་ཉིན་མེད་པའང་ཡོད།།

ཉིན་གཅིག་བྱ་བར་བརྩོན་པའི་མི་བུ་འགའ།།
རླབས་ཆེན་བྱ་བའི་ཁྲོད་ནས་ཁྱོད་ལས་སྐྱིད།།
ལྷག་བསམ་དག་ཅིང་རྣམ་དཀར་དགེ་བའི་ལས།།
སྐྱེ་བ་སྔ་ཕྱི་བསམ་ནས་རྒྱུ་འབྲས་འཛིན།།

ཉིན་གཅིག་འཚོ་བའི་ཐོག་མཐའ་བར་གསུམ་དུ།།
ཁྱོད་ལ་ཚོར་བ་འདྲ་མིན་ཡོང་བ་འདི།།
ཀྱག་ཀྱོག་མི་ཚེའི་ཤུལ་ལམ་ཐུང་ངུ་ཅིག །
མངར་སྐྱུར་འཚོ་བར་གདོང་ཐུག་དག་པར་དགོས།།

ཉིན་གཅིག་དུས་ཚོད་བལྟས་བལྟས་རིག་རིག་ལ།།
ང་ཡི་མིག་མདུན་འདི་ནས་བརླགས་སོང་ལ།།
ཁ་སྤུ་མང་མང་གཉེར་མ་གཅིག་གཉིས་འདིས།།
རྒས་པའི་སྡུག་བསྔལ་གཞན་ཙམ་མིན་པ་རྟོགས།།
           ༢༠༡༤.༠༧.༠༤ཉིན་ཕུ་གསུམ་ཡུལ་གྱི་སྤང་ཐང་ཞིག་ཏུ་ཁ་སང་གི་ཚོར་བ་དག་ཤར་མར་ཡི་གེར་ཕབ་པས་དགེའོ།།

              དྲན་པའི་ངོགས་ཀྱི་ཚོར་བ།

རང་གི་རང་དབང་གཞན་གྱིས་བཅོམ་པའི་དུས།།
རང་གི་བདེ་བ་གཞན་གྱིས་འཕྲོག་པའི་ཚེ།།
རང་གི་ཡུལ་ལུང་གཞན་གྱིས་གཏོར་བའི་སྐབས།།
རང་གི་འཚོ་ཐབས་རང་གི་འདང་མྱོང་ངམ།།

དམ་པའི་གསུང་རབ་བརྒྱ་རྩ་བརྒྱ་ཡི་ཁྲོད།།
ཚན་རིག་རྣམ་དཔྱོད་ལས་ལྷག་ལུང་རིགས་གསུང་།།
ད་ལྟའི་དུས་ལ་བསམ་གཞིགས་བར་མཐོང་ནང་།།
ཉིན་མཚན་རྟག་ཏུ་དཔྱད་པའི་རིན་ཐང་ལྡན།།

ཡབ་མེས་བཙན་པོའི་སྐབས་ཀྱི་དུས་རབས་ཁྲོད།།
དཔའ་སྟོབས་གནམ་ལ་འགྱིང་བའི་མི་རིཊ་འདི།།
ས་ཕྱོགས་གང་དུ་བདེན་པའི་གཡུལ་ལས་རྒྱལ།།
ཕར་རྒོལ་སྟོབས་ལས་རང་གི་ཕ་ས་སྲུང་།།

བསྒྱུར་བཅོས་དུ་མའི་ཀློང་གི་ཡོ་ལང་ཁྲོད།།
ཧམ་བཟུང་དྲག་པོ་མེ་ལྕེ་འཁྱུད་པ་ཡིས།།
ཉམ་ཆུང་རིགས་འདིར་མངོན་ལྐོག་ཅི་རིགས་ནས།།
མགོན་མེད་ཐང་ལ་ལུས་པར་རྩོལ་བས་སྐྱོ།།

ཕ་སྐད་རིན་ཆེན་ར་མ་ལུག་ལ་གྱུར།།
ཕ་ཡིག་བཟང་པོ་གང་དུ་འབྲི་ནོར་ཤོར།།
ཕ་ཡི་ལྭ་བ་འཁྲབ་སྟོན་འཁྲབ་ཆས་ཆགས།།
ཕ་ཡི་རུས་པ་སྐྱ་མོའི་ས་ལ་འཐིམ།།

རྩྭ་ས་རྩོད་ལེན་ནང་དམེའི་འཐབ་རྩོད་སྟེང་།།
གང་ནས་འུར་བའི་རླུང་ནག་དེ་དང་ལྷན།།
ཞི་འཇམ་རྨི་ལམ་ཉིན་དཀྲུཊ་མཚན་དཀྲུཊ་འདིས་།།
ཨ་མ་གངས་རིའི་གནས་ནས་འོད་སྣང་དཀོན།།

ནམ་ནམ་ཞར་ཞར་མིག་གི་མཐོང་ལམ་དུ།།
བཟོད་དཀའི་སྣང་ཡན་སྐྱུར་མོ་དག་གིས་འོག །
ང་ཡི་མེས་པོ་གང་གི་ཕྱོགས་ནས་བཞུགས།།
ད་ལྟའི་དུས་ལ་ལུས་ངལ་སེམས་ངལ་རང་།།

ཡིན་མདོག་འཇོན་མདོག་ངང་གིས་མི་བུ་ཚོ།།
དགོས་ངེས་རང་གི་རིགས་ལ་ཕན་པ་སྒྲུབ།།
རྟག་ཏུ་གཞན་རིགས་འོག་ལ་གཡོག་རྒྱུགས་འདི།།
ཁྱོད་ཀྱི་མཐར་ཐུག་བདེ་བ་ཡིན་ནམ་ཅི།།
         ༢༠༡༤.༠༧.༡༠ཉིན་སློབ་གྲྭའི་སྡོད་བྱ་ཁང་དུ་སྦྱར།

(མཆོད་མེའི་པར་དབང་གཞན་གྱིས་དགོལ་མི་རུང)

རྩོམ་ཁུངས། ངེད་དྲ་བ།

གཟིམས་པ་མེད་པའི་མཆོད་མེ། དབྱངས་གསལ་སོ་བཞིའི་མཛེས་སྡུག  RSSསྔོན་མངག

ཕུན་ཁང་རྣམ་རྒྱལ་ཚེ་རིང་གི་བཅད་རྩོམ་ཕྱོགས་བསྒྲིགས།

2015-07-09 ཕུན་ཁང་རྣམ་རྒྱལ་ཚེ་རིང་། ཀློག་གྲངས། མཆན ཡོད།

image001.jpg

              རང་ཉིད་ངོ་སྤྲོད་མདོར་བསྡུས།

  ཕུན་ཁང་རྣམ་རྒྱལ་ཚེ་རིང་ངམ་དྲྭ་མིང་ལ་དགྲ་དགའ་དང་གཡང་དཀར་ལུ་གུ་ཡང་འབོད། ཕ་ཡུལ་གཞིས་རྩེ་ས་གནས་རྣམ་གླིང་རྫོང་། དགེ་བའི་བཤེས་གཉེན་སྙན་ངག་པ་བྱ་གཞུང་དབྱངས་བྷ་ལཊ་ཀྱིས་ལྷག་བསམ་བཟང་པོའི་བཀའ་དྲིན་འོག་དཔེ་ཀློག་རྩོམ་འབྲིའི་རིན་ཐང་དང་དེའི་སྤྲོ་སྣང་ཡང་རྟོགས་བྱུང་། ན་ནིང་ལྷ་ས་དགེ་འོས་ཚང་ནས་སློབ་ཐོན་བྱས་རྗེས་ད་བར་རྩོམ་རིག་གི་ལམ་ནས་འཚོ་བའི་དགའ་སྐྱོ་ཆགས་སྡང་རྣལ་མར་འབོད་པར་སྤྲོ་བ་ཞིག་ཡིན་ཞིང་རྩོམ་རིག་ལམ་བུའི་སྟེང་གྲུབ་འབྲས་རེ་གཉིས་ཐོན་ཡོད་པ་འདིར་མི་སྨོས་པར་སེམས། རྣམ་ཀུན་རྩོམ་ཐར་ཐོར་འགའ་མཚོ་སྔོན་པོའི་བོད་ཡིག་ཟིན་བྲིས་དང་མཆོད་མེ་བོད་ཀྱི་རྩོམ་རིག་དྲ་བའི་ཐོག་དང་ད་དུང་སྐད་འཕྲིན་ཐོག་གི་མི་སྒེར་དང་ཚན་པ་ཁག་གི་སྐད་འཕྲིན་གླེང་སྟེགས་ཐོག་རྩོམ་ཡིག་རྣམ་པ་མི་འདྲ་བ་སྣ་ཚོགས་སྤེལ་མུས་ཡིན། ད་ལྟ་ལྷ་ལྡན་གྲོང་ཁྱེར་སྙེ་མོ་རྫོང་དུ་སློབ་ཆུང་བོད་ཡིག་དགེ་རྒན་གྱི་མིང་ཙམ་འཛིན་བཞིན་ལས་ཞོར་སྐབས་ལ་དཔེ་ཀློག་དང་རྩོམ་འབྲིའི་ལམ་ལ་འབད་བཞིན་ཡོད། ཉེ་ལམ་ད་དུང་ལུག་ཚང་དཔལ་ཡོན་གྱི་རྩོམ་སྒྲིག་པའི་འགན་ཁུར་ཁུལ་ཡིན།

               མཚན་གུང་གི་ཁེར་ལབ།

ཟླ་འོད་རབ་རིབ་སེམས་ཀྱི་སྒྲོན་མེའི་འོག །
རྣམ་ཤེས་རླུང་བུས་འཁྱེར་བའི་མི་བུ་ང་།།
ཁྲོམ་སྲང་མྱུལ་བའི་ཁྱི་ཡི་དཔེ་བཞིན་དུ།།
གང་འགྲོ་འདི་འགྲོའི་ལམ་ཁ་ངས་མི་རྟོགས།།

གུ་དོག་ལམ་བུའི་གྲུ་ཟུར་འདི་རུ་ནས།།
ཆགས་གྲུམ་ཤོར་བའི་གནའ་ཉམས་ཕོ་བྲང་ཞིག །
སུ་ཡི་དོན་དུ་ཁེར་རྐྱང་ལོ་ཟླའི་ཁྲོད།།
ཉིན་མཚན་ཀུན་ཏུ་སྨྲེ་གླུ་དབྱངས་སུ་གྱེར།།

ཨ་ཕའི་བརྩེ་བ་རི་རྒྱལ་ལྷུན་པོ་བཞིན།།
ཨ་མའི་དུང་བ་མཐའ་ཡས་རྒྱ་མཚོ་ལྟར།།
རྒྱང་རིང་མི་ཡུལ་ལས་ཀྱི་འགྲོགས་པའི་ང་།།
ཕ་ཡུལ་ཕ་མ་དྲན་པའི་གདུང་བ་ལྕི།།

སྐྱུར་རྩིར་འདྲེས་པའི་རྣམ་ཤེས་ཕྲ་མོ་ལ།།
རིག་པས་དབུལ་བའི་གཟུང་ཤུགས་ཁབ་མིག་ཙམ།།
དེང་དུས་འགྲོ་ལ་ཕྱི་ཡི་མཛེས་པ་ལས།།
གསེར་ལས་ལྷག་པའི་རྣམ་དཔྱོད་རི་བོང་རྭ༎

དོ་ནུབ་མཚན་གང་ཁོར་ར་ཁོར་ཡུག་ཀུན།།
དབེན་པའི་རི་ཁྲོད་འདྲ་བའི་སྣང་བ་ལགས།།
འཆར་སྒོའི་རྒྱ་རུ་ཚུད་པའི་མི་བུ་ང་།།
སེམས་པའི་ཀློང་ངུ་འདས་དོན་རྦ་རླབས་འཕྱུར།།

གྲོང་ཁྱེར་འཚོ་བ་སྐྱ་ཟད་སྔོ་ཐུག་ལ།།
ང་ཙམ་མིན་པ་གཞན་ཡང་སྡུག་སྐད་ཤོར།།
དཔོན་ཉམས་ཁེ་ཕན་སྒོར་མོའི་དུས་རབས་འདིར།།
སྡང་བའི་གླེང་བརྗོད་སྨྱུག་རྩེར་ཕབ་པ་དཀོན།།

འཁོར་བ་མི་རྟག་གནས་ལུགས་རྟོགས་སླ་ཡང་།།
ང་ཡི་མདུན་ནས་ཟད་པ་ངས་མི་ཚོར།།
གོ་རྟོགས་དམན་པས་འདྲི་རྟགས་མང་པོ་ཞིག །
སེམས་ལ་ཉར་ཡང་སྡུག་བསྔལ་ཁུར་པོ་རང་།།

མཚན་མོའི་ནམ་མཁའ་ཇི་འདྲའི་ཁུ་ཡངས་ཀྱང་།།
ང་ལ་དབང་བའི་གནས་ཞིག་ཅི་ནས་འོང་།།
མིག་གི་རིག་པ་སེམས་ལ་འཆར་བ་དག །
སྨྱུག་རྩེའི་ཁ་ནས་བརྡོལ་བར་བདག་མི་ངལ།།
           ༢༠༡༣.༡༡.༠༥ཉིན་གྱི་མཚན་མོར་ལྷ་ལྡན་གྲོང་དུ་སྦྱར།

              སེམས་ཀྱི་མཆོད་པ།

གངས་རི་དཀར་པོ་བོད་མིའི་སེམས་རྒྱུད་ཡིན།།
འགྱུར་མེད་རྡོ་རྗེ་བོད་མིའི་བློ་རྩ་ཡིན།།
བྱམས་དང་སྙིང་རྗེ་དར་བའི་ཞིང་ཁམས་འདིར།།
འགྲོ་དྲུག་སེམས་ཅན་སེམས་ཀྱི་ཞི་བདེར་སྨོན།།

མིག་རྒྱང་ཅན་གྱི་མེས་པོ་སྲོང་བཙན་རྗེས།།
མཛངས་བློན་ཐོན་མི་གཙོས་པར་བཀའ་ཕབ་ཀྱིས།།
བོད་འབངས་སྤྱི་ལ་མཁོ་བའི་ཡི་གེ་གཏོད།།
ཀ་མད་སུམ་ཅུའི་བསྟན་པ་ཡུན་དར་ཤོག །

དབེན་གནས་ཞི་གྲོང་ཆོས་ཀྱི་དོ་ར་རུ།།
དམ་པའི་བཀའ་སོགས་དཔེ་ཆ་བརྒྱ་རྩ་བརྒྱད།།
དཔེ་སྒྲོམ་མཛེས་པར་བྱེད་པའི་རྒྱན་ཆ་མིན།།
གཞུང་ལུགས་ཟབ་མོར་རིག་པས་འཇུག་པར་བརྩལ།།

གཙང་མཁས་གཞན་ལ་ཕན་པའི་དགེ་རྒན་ཚོ།།
སློབ་འཁྲིད་སྟེགས་བུར་ཆེན་པོའི་ཉམས་དེ་དོར།།
ཀ་ངོ་མི་ཆོད་བྱིས་པའི་ཚོགས་ཀུན་ལ།།
ཉེ་རིང་མེད་པར་ཡོན་ཏན་སློབ་པར་དགེ །

ལྷོ་ཕྱོགས་འཛམ་བུ་གླིང་གི་ཡུལ་གྲུ་ནས།།
ཆོལ་གསུམ་ཁ་བ་ཅན་གྱི་གནས་མཆོག་འདིར།།
ཕ་བུ་དགྲ་རུ་ལངས་བའི་ནང་དམེ་སོགས།།
ཐམས་ཅད་ཞི་བར་འཁོད་པ་སྙིང་ནས་གསོལ།།

ཕ་མའི་དཀའ་སྡུག་ཁྲོད་ཀྱི་སློབ་ཆེན་པ།།
བརྩེ་དུང་བྱ་བར་འཁོར་བའི་སློབ་ཆེན་པ།།
ཕུགས་རེ་མངོན་འགྱུར་ཆེད་དུ་ཤེས་བྱར་བརྩོན།།
མ་འོངས་གངས་ཅན་བདག་པོའི་སླད་དུ་འབད།།

ཁ་བའི་ལྗོངས་ཀྱི་གླུ་ལེན་ཕོ་མོའི་ཚོགས།།
ཡ་རབས་བོད་ལ་དུང་བའི་འགྱུར་ཁུག་སྒྲོག །
སྨྱོ་གར་འུར་གཏམ་ཆ་ལུགས་ཡ་མ་ཟུང་།།
མེས་པོའི་སྲོལ་རྒྱུན་སྒྱུ་རྩལ་བརླག་པའི་རྟགས།།

བོད་མིའི་དབར་ལ་ཕ་སྐད་གཙང་མ་ཞིག །
བོད་མིའི་དབར་ལ་མཐུན་སྒྲིལ་དུངས་ཞེན་དགོས།།
བོད་མི་ང་ཡིས་བྲིས་པའི་མཆོད་པ་འདི།།
བོད་མི་ཀུན་ལ་ཕན་པར་འདུན་པ་ཆེ།།
               ༢༠༡༤.༠༡.༢༩ཉིན་ཕ་ཡུལ་དུ་སྦྱར།

              སེམས་འགྱུ་དམར་པོ།

འཇིག་རྟེན་འཁོར་བའི་སྒེའུ་ཁུང་ངོས་སུ་ནས།།
འཚོ་བའི་ལམ་བུ་འཛོལ་བའི་མི་བུ་ཁྱུ།།
ཐག་རིང་ཐག་རིང་ཞིག་ལ་མིག་འཕེན་དུས།།
སེམས་ཆུང་རིས་སུ་འོད་སྣང་ཕྲ་མོ་སྒོམ།།

གཤོག་པ་རྨས་པའི་ཉམ་དག་བྱིའུ་ཆུང་ཅིག །
རྐང་ལག་གཙེས་པའི་ཤ་བ་ཡུ་མོ་ཅིག །
ལྕགས་གཟེབ་ཀློང་དུ་ཚུད་པའི་ཁེར་བུའི་གཟུགས།།
དམིགས་དབེན་འོད་ལ་འཁྱུད་དུས་ཡ་ཆུང་བདེ།།

ཡིད་འོང་ཁོར་ཡུག་མུན་པའི་ཡོལ་བས་སྒྲིབ།།
སྔོ་ལྗང་སྤང་ཤོངས་ལྷན་སྐྱེས་རང་དབང་བཅོམ།།
བརྩེ་བ་འོད་ལ་བཅོལ་བའི་མི་བུའི་ཚོགས།།
ཁ་ཕྱོགས་འོད་ལ་སྙེགས་དང་ཕུགས་རེ་བརྟན།།

ཁ་ས་ཨ་ཕའི་གཏམ་རྒྱུད་ཕྲ་མོ་ལས།།
རིགས་གཅིག་འདི་ཡི་རྔམ་བརྗིད་མེ་ལོང་གཟུཊ།།
དེ་རིང་ང་འདྲའི་རྗེས་རབས་དུ་མ་ཡིས།།
བཅུ་ཕྲག་རིག་གནས་བཤམས་སྟོན་ཁང་ལ་བཅོལ།།

རི་བོ་གྲུ་འཛིན་ལྷ་ཡི་གྲོང་ལ་འཕོས།།
དད་ཞེན་ཡོད་སྙམ་ངོ་སོའི་སླད་དུ་བརྩོན།།
ལྷ་ཁང་བཀོད་ལེགས་གློག་འོད་ཁྲོད་དུ་མཚར།།
ཁེར་རྐྱང་མི་བུ་མིག་ཆུའི་ལམ་བུ་སྒྲིམ།།

བྲག་ལ་བཅོལ་བའི་དམ་བཅའ་མེ་ཡིས་འཚིག །
རླུང་ལ་བསྐུར་བའི་རེ་འབོད་དམ་ལ་བཏགས།།
འཇོན་འཇོན་ངར་ངར་སེམས་པ་ཆུ་ལ་བསྐྱུར།།
རྒྱ་ཡན་རྣམ་ཤེས་སྟོན་ལོའི་འཁྱེར་ཕྱོཊ་རང་།།

གངས་རིའི་འདབས་ནས་བཙས་པའི་རྣམ་ཤེས་ལ།།
གངས་ལྷ་མེ་ཏོག་བཞིན་དུ་གསོན་ཤུགས་མངའ།།
གངས་དཀར་སེམས་ཀྱིས་བསླས་པའི་མཆོད་པ་འདི།།
གངས་ལྗོངས་སྐྱེ་བོ་ཀུན་གྱི་ཡིད་དུ་གསོལ།།

གངས་རི་ར་བས་སྐོར་བའི་ཞིང་ཁམས་འདིར།།
གངས་ཅན་འགྲོ་ལ་ཕན་པའི་སྐྱེས་ཆེན་འཁྲུངས།།
གངས་དཀར་ཏི་སིའི་བསོད་ནམས་དབང་ཐང་འདི།།
གངས་ཆུས་ཆུང་ནས་བསྐྱངས་བའི་བོད་མིའི་སྲོག །

གངས་ཁྲོད་ཞིང་ནས་ཆགས་པའི་སྒང་པ་བོད།།
གངས་རྒྱལ་གཡུ་རལ་ངོམས་སའི་ཕ་གཞིས་རེད།།
གངས་ཐིགས་བདུད་རྩིའི་རྒྱུན་གྱིས་ལས་སྒྲིབ་དག །
གངས་པ་ཤེའུ་ཡིས་སྐལ་པ་ཡུན་དར་ཤོག །

གངས་སྟོད་མཐོན་པོ་ཡངས་པའི་ཡུལ་གྲུ་འདི།།
གངས་ཕྲུག་ང་ཚོ་འཚར་སའི་ཕ་ཁྱིམ་རེད།།
གངས་ལ་བརྩེ་བའི་ཆོལ་གསུམ་བོད་པ་ཚོ།།
གངས་ཀློང་འདི་ནས་རིགས་ཞེན་དབྱངས་རྟ་སྒྲོག །
                ༢༠༡༤.༠༢.༢༧ཉིན་རང་ཁྱིམ་དུ་སྦྱར།

             མེ་ལོང་ནང་གི་རང་གཟུགས།

དུས་ཀྱི་འཁོར་ལོས་རིན་བྲལ་བྱ་བ་འཛོལ།།
དུས་ཀྱི་དགྲ་བོས་ལང་ཚོའི་བྱད་བཞིན་བཅོམ།།
དུས་ཀྱི་བུ་མོའི་སྟངས་སྟབས་མྱུར་བའི་མཐུས།།
དུས་ཀྱི་བུ་ཆུང་ས་མཐའི་ཁྲོད་ནས་ངལ།།

མི་ཚེའི་རིན་ཐང་མི་ཡིས་རྟོགས་སླ་ཡང་།།
མི་ཚེའི་ཚེ་ཐག་མི་ཡིས་ཐུང་ལ་བརྩོན།།
མི་ཚེའི་གནས་ལུགས་མི་རེའི་སེམས་ནས་དྲངས།།
མི་ཚེའི་ཁ་ཕྱོགས་མི་ཡིས་འཁྲུལ་བར་ལྟོས།།

དེང་གི་མི་བུ་ཕྱི་ཡི་འདྲ་གཟུགས་ཅན།།
དེང་གི་བྱ་བ་མིག་ལ་མཛེས་པའི་རྒྱུ།།
དེང་གི་ཁོར་ཡུག་མེ་ཏོག་ནག་ན་བཞད།།
དེང་གི་བྱ་བ་ཀུན་ཤེས་གསང་བའི་ཐབས།།

ཁ་ནས་ལབ་ཅིང་ལག་གིས་ཕྱག་རྒྱ་འགས།།
ཁ་བཤད་ལྦུ་བའི་གཏམ་རྒྱུད་སྣ་རེ་བརྒྱུད།།
ཁ་ཕོ་འབྲུག་སྒྲ་དོན་རྩ་སྦྲུལ་རིས་འདིས།།
ཁ་འདོན་ཚར་ཅིག་འོདན་པའི་ཐབས་ལས་སྡུག །

ས་སྟེང་སྐྱེ་ཁམས་ཆོས་ཉིད་མཐུན་པས་འཚོ།།
ས་སྟེང་བྱ་བ་བལྟས་པའི་ལས་སླ་བྲལ།།
ས་གཞིའི་ཁྱོན་ཀུན་མུན་པས་རུབ་པའི་སྐབས།།
ས་ཐོག་འདི་ནས་ཐར་བའི་ལམ་ཞིག་འཚོལ།།

ཆུ་མོ་རིག་དུས་འཚོ་བའི་རེ་བ་གང་།།
ཆུ་མོ་བྲལ་དུས་འཚོ་བར་ཡིད་ཆེས་ལོས།།
ཆུ་མཐར་འབྱོར་ཡང་ཟམ་པའི་དྲིན་ལན་དྲན།།
ཆུ་སྒོ་གངས་ལ་སེམས་པ་གངས་འདྲ་ལགས།།

ལས་ཀྱི་སྐོར་བསྐྱོད་མི་རེའི་ལག་གིས་བསྐྲུན།།
ལས་ཀྱི་བཀོད་ཐང་ཚེ་སྔོན་སྐལ་བའི་རྟེན།།
ལས་ལ་གང་དགོས་རང་གི་ཚོགས་ལས་སྒྲུབ།།
ལས་ཀྱི་ལམ་སྣེ་བདེ་བར་ལུས་སེམས་འགུལ།།

རང་གི་བདེ་བར་གཞན་དག་སྡུག་མི་སྦྱོར།།
རང་ལ་བརྩེ་བར་དག་པའི་བདག་རྐྱེན་དགོས།།
རང་གཞན་ཀུན་ཕན་སེམས་ཀྱི་བདེ་བ་བསྐྲུན།།
རང་གཞན་མཉམ་སྐྱིད་དེ་ནི་དཀར་པོའི་ཆོས།།
                  ༢༠༡༤.༠༤.༢༨མཚན་མོར་སྦྱར།

              སྤྲིན་པར་བྲིས་པའི་གཏམ།

གུ་ཡངས་ནམ་མཁའི་རུམ་ལ་འཁོར་བ་ཡིས།།
ནམ་མཁའི་ཀློང་ན་བདེ་བའི་སྐལ་བ་འཐོབ།།
སྐལ་བའི་སྐོར་བསྐྱོད་དུ་མས་ལོ་ཟླ་ཟད།།
ལོ་ཟླའི་གསེབ་ནས་སྤྲིན་པའི་རང་གཤིས་དྲན།།

སྤྲིན་བཟང་དཀར་པོ་དགུང་སྔོན་ཁྲོད་ན་འཚོ།།
དགུང་སྔོན་དབྱིངས་ནས་སྤྲིན་གྱི་འཇིག་རྟེན་ཡོད།།
འཇིག་རྟེན་ཆེ་ཆུང་གང་ལ་ཁྱད་པར་ཅི།།
གང་བྱས་འཛོམས་ན་བདེ་བ་ལོས་ཡོད་ལགས།།

སྤྲིན་པར་དད་པ་སྤྲིན་པར་བརྩེ་བས་ཡིན།།
སྤྲིན་པར་འཁོར་བ་སྤྲིན་པའི་གཤིས་ལ་དགའ།།
སྤྲིན་པ་སྲབ་མོ་ཆུང་ཆུང་དུ་མའི་ཚོགས།།
ང་ཡི་སེམས་ནས་རྒྱུ་ན་ཅི་ནས་སྐྱིད།།

སྤྲིན་དཀར་མཁའ་ལ་འཕྱོ་བའི་རྣམ་ཤེས་འདི།།
རྣམ་ཤེས་ས་ནས་ལུས་པའི་མི་བུའི་རྟེན།།
མི་བུའི་ལུས་སེམས་སྤྲིན་ལ་འཁོར་བ་ཡིས།།
འཁོར་བའི་ཕྱོགས་ནས་སྤྲིན་པའི་རང་སྣང་དྲན།།

དྲན་པའི་ངོས་ལ་བརྐོས་པའི་གཏམ་རྒྱུད་ཚོས།།
ང་རང་སྤྲིན་པར་བརྩེ་བའི་རྒྱུ་མཚན་ཡོད།།
ཁུ་སིམ་ལོ་ཟླ་མུན་པའི་འཁོར་ལོས་བཅོམ།།
སྤྲིན་པའི་རྒྱུ་ཕྱོགས་ང་ཡི་ཞེན་ཆགས་རང་།།

ལྷོ་ཕྱོགས་འཛམ་བུ་གླིང་གི་གྲུ་ཟུར་ནས།།
སྤྲིན་ལ་ཕྱོགས་པའི་རྣམ་ཤེས་ཁྲི་མ་འབུམ།།
རང་གཞན་འགྲོ་བའི་ལམ་བུ་མི་འདྲ་ཡང་།།
ཁ་ཕྱོགས་གཅིག་ལ་འཁོར་དུས་བདག་སེམས་སྤྲོ།།

སྤྲིན་པ་ལེབ་མོ་ཕར་རྒྱུ་ཚུར་རྒྱུ་འདིས།།
ང་རང་གང་ལ་སྦྱར་བའི་དགོས་པ་མེད།།
ཚར་གཅིག་སྤྲིན་དང་འགྲུལ་བའི་རེ་གསོན་ཞིག །
སྔར་ནས་འཆར་ཡོང་ཕྱིས་ཀྱང་ལོས་སྒྲུབ་ངེས།།

དེ་རིང་གནམ་དང་སེམས་པ་མཐུན་དྲགས་ནས།།
མིག་ཆུ་དམར་པོས་བསླས་པའི་སེམས་སྒྲ་གང་།།
དྲན་པ་གྲུ་བཞི་བརྩེ་བ་རྡོག་རྡོག་དག།
སྤྲིན་པ་ལྷག་པར་དྲན་པས་སྤྲིན་པར་འཕུལ།།
                   ༢༠༡༤.༠༤.༣༠ཉིན་ཕུ་གསུམ་ཡུལ་གྱི་སྤང་ཐང་ཞིག་ཏུ་ཤར་མར་བྲིས་པས་དགེའོ།

              དྲན་པའི་ཕྱི་ནང་།

སྔོན་རབས་ལོ་རྒྱུས་ཞིག་གི་མེ་ལོང་ངོས།།
སྔོན་འབྱུང་སྐྱེ་མཆོག་རྣམས་ཀྱི་མིག་ཆུ་རིག །
སྔོན་མེད་བསྒྱུར་བཅོས་དག་གི་མུན་པའི་འོག །
སྔོན་དར་རྒྱལ་ཆེན་ཞིག་གི་ཁྲག་རྩ་བཀུམ།།

མི་ཚེའི་ལམ་བུ་སོག་ལེའི་ཁ་བཞིན་འཁྱོག །
མི་འགབ་བྱ་བ་དགུང་གི་སྐར་མའི་ཚོགས།།
མི་ཆོས་མ་ཕེར་མདོ་མེད་འཁྱམས་པོ་ང་།།
མི་ཉིད་བརྗོད་པའི་ཚད་ལྡན་ཐ་སྙད་དབེན།།

ཡབ་མེས་དག་གིས་ཕ་སའི་བདེ་སྡུག་སླད།།
ཡབ་གཞིས་བདེན་པས་སྐྱོང་བའི་ལོ་རྒྱུས་མང་།།
ཡབ་ཆེན་རུས་པའི་གསེང་གི་དམ་བཅའ་ཞིག །
ཡབ་འབངས་དུ་མའི་ཡིད་ཀྱི་རུམ་ལ་བརྐོས།།

ལྷ་མོ་དབྱངས་ཅན་བདེན་པའི་ངག་ལ་བཞུགས།།
ལྷ་ལུང་དཔལ་རྡོར་དཀར་ནག་བར་ན་གནས།།
ལྷ་གདོང་ཤར་ཁར་ཐང་སྟོང་རྒྱལ་པོ་དྲན།།
ལྷ་ས་དག་པའི་ཞིང་ཁམས་སྔར་སོང་གཏམ།།

བཙན་བརྫིད་བཀའ་ཡིས་གོ་ལའི་ཁྱོན་ཀུན་ཏུ།།
བཙན་རྒོལ་སྟོབས་ལས་བདེན་པའི་ངར་རོ་སྒྲོག །
བཙན་པོའི་རྒྱུད་པ་ཕ་སའི་བདེ་སྡུག་སྐྱོང་།།
བཙན་ཐབས་ཅི་ནུས་རང་གི་བདེན་ཁ་སྲུང་།།

ཆུ་གང་བཀའ་དྲིན་ཕྲ་མོས་བསྐྱངས་པའི་དྲིན།།
ཆུ་ངན་ལམ་ཤོར་བྱས་ན་གང་ནས་འགྲིག །
ཆུ་མོ་ལང་ལོང་བཞུར་འདྲའི་རང་གཤིས་འདི།།
ཆུ་ཡིས་འཚོ་བའི་མི་བུས་གདུང་འབོད་སྒྲོག །
               ༢༠༡༤.༠༥.༠༤མཚན་མོར་རང་ཁྱིམ་དུ་སྦྱར།

              སེམས་ཀྱི་རང་སྒྲ།

ཚེ་འདིར་མི་ལུས་བླངས་པའི་འཕྲིན་ལས་འདིས།།
ང་རང་མི་དང་མཉམ་པ་ལས་དགོས་ཀྱང་།།
སྔོན་གོམས་བག་ཆགས་ཅིག་གི་རྒྱུ་འབྲས་ལས།།
ང་རང་ཀུན་ལས་དམན་པར་ཡིད་རེ་འགྱོད།།

ཡ་གེའི་དཔོན་གྱིས་དམངས་ཀྱི་བདེ་སྡུག་གླེང་།།
མ་གེའི་སྤྲང་པོས་སོ་སོའི་དགའ་ཉེ་སྐྱོང་།།
ཉིན་ལྟར་ལངས་མ་བསྡད་ཀྱི་ལས་ཀྱི་ཁྲོད།།
རང་ཚོད་རང་འཇོན་ཕྲན་བུས་དུས་རེ་འདས།།

གཞན་གྱི་བྱ་བར་ང་རང་མོས་གྱུར་ཀྱང་།།
སོ་སོས་སྒྲུབ་པར་དཀའ་དུས་བྱ་ཐབས་ཅི།།
དེ་ལྟར་དགོས་མེད་ཙག་ཙིག་བྱ་བའི་ཀློང་།།
ང་རང་མདོ་མེད་འཁྱམས་པོ་གཅིག་ལས་སྡུག །

ཡ་ཆུང་སྙིང་ནས་ཟོལ་མེད་ལས་ཀྱིས་བསུས།།
མགྲིན་པའི་ལམ་ནས་ཤ་ཚའི་གཏམ་གྱིས་དྲིན།།
ལུས་ངལ་འབྲེལ་གྱིས་ཡར་མར་གང་དུ་བརྩོན།།
དཀའ་སྤྱད་བྱ་བའི་འབྲས་བུ་རིག་དུས་སྐྱོ།།

ཡོད་པ་དག་ནི་ནམ་ཡང་རིག་དཀའ་ལ།།
མེད་པ་ཚོ་ནི་རྟག་ཏུ་མཐོང་གྱུར་དུས།།
ཡོད་ཚད་ཕྱི་ཚུལ་དག་གིས་དབང་བསྒྱུར་སྐབས།།
ང་རང་ངུ་མ་དགོད་ཀྱི་རྣམ་ཐར་སྐྱོང་།།

དབྱངས་གསལ་ངག་ལ་གྱེར་བའི་དུས་དེ་ནས།།
ང་རང་འགྱུར་མེད་འགན་འཁྲིས་སྐོར་གྱུར་ཡང་།།
འོག་ནས་རེ་ཆད་མིག་ཟུང་མཐོང་མ་ཐག །
ང་རང་མིག་ཆུས་སེམས་གསོ་གཏོང་ལས་ཅི།།

ཡིད་ཀྱི་ཀློང་ངོར་བདེན་པའི་གཏམ་འཁོར་ཡང་།།
བཤད་སའི་གནས་དག་མུན་པས་བཅོམ་ཟིན་དུས།།
དེ་དང་དེ་འདྲ་རང་ཉིད་ཁོ་ནར་བརྗོད།།
དེ་དང་དེ་འདྲ་རང་ཉིད་གཅིག་པུས་མྱང་།།

ཟླ་འོད་མོག་མོག་ཁྱི་ཡི་ཟུག་སྒྲའི་ཁྲོད།།
མི་ཀུན་བདེ་བར་འདོད་པའི་རྨི་ལམ་སྒྲིམ།།
ང་རང་འདས་མ་ད་གསུམ་གླེང་གཞིའི་ཀློང་།།
གཏམ་རྒྱུད་དམར་པོ་ཅིག་གི་རྒྱབ་ལྗོངས་དྲན།།

རིག་པའི་དཔའ་བོ་མུན་པའི་གཟེབ་ནས་བཀུམ།།
བདེན་པའི་བུ་ཆུང་ཐག་རིང་མི་འདོད་བསྐྱོད།།
ཕན་པར་བསམ་པ་ཡོད་ཚད་ངན་པར་བརྩི།།
འཁོར་བ་ཟེར་བ་ངོ་མ་དམྱལ་ལས་ནག །

སྐབས་རེ་བསམ་ན་ཡག་པར་མངོན་ན་འང་།།
སྐབས་རེ་བསམ་ཡང་སྡུག་བསྔལ་རང་རེད་ལགས།།
བསམ་དྲན་མེད་པ་བཤད་འདོད་མེད་བྱས་ན།།
མིག་ཡོད་ལོང་བ་སྨྲ་ཡོད་ལྐུགས་ལས་གང་།།
                       ༢༠༡༤.༠༥.༢༢རང་ཁྱིམ་དུ་སྦྱར།

              བསམ་གཞིགས་ཀྱི་ཁ་དོག

རང་རང་སེམས་ཀྱི་ཡོལ་བ་ཕྱེ་བའི་སྐབས།།
རང་ཉིད་ཁོ་ནའི་གདོང་རིས་མངོན་པའི་ཚེ།།
རང་གཞན་དབྱེ་མེད་འདང་ཞིག་རྒྱབ་པའི་དུས།།
རང་གིས་རང་ལ་གཏམ་ཞིག་འདྲི་བར་ཐལ།།

ཁ་སང་ཕ་མ་བཟང་པོའི་བཀའ་དྲིན་གྱིས།།
ཁ་སང་གཞན་གྱི་ཁྲོད་དུ་སྤོབས་པས་འགྲོགས།།
ཁ་སང་བཤེས་གཉེན་དམ་པའི་གདམས་ངག་གིས།།
ཁ་སང་དབྱངས་གསལ་ལམ་ནས་ཤེས་བྱར་འབད།།

དེ་རིང་ང་རང་རང་སྒོ་ཐོན་རུང་ཡང་།།
དྲིན་བྱས་དྲིན་ལ་ལྡོག་པའི་བྱེད་ལུགས་འདིས།།
དེ་རིང་སྔར་གྱི་ཡོད་ཡོད་བརླགས་འགྲོ་དུས།།
རང་གི་རང་ལ་འཁང་ར་བྱེད་དགོས་རང་།།

ཤེས་རིག་སྦྱོང་བས་བློ་འབྱེད་ལྡན་དགོས་དང་།།
གནས་ལུགས་བདེན་པས་སྐྱོང་བ་ཡིན་ལོས་ཀྱང་།།
རིག་གནས་ཅུང་ཙམ་ཡོད་པའི་ང་རྒྱལ་གྱིས།།
ཐ་ན་རིགས་མཐུན་གཏམ་ཅིག་བཤད་ས་དཀའ།།

གཞན་ལ་བཤད་ལུགས་རྣམ་པ་བཅོ་བརྒྱད་དང་།།
གཞན་ལ་འཕྱ་ལུགས་འདྲ་མིན་སྣ་ཚོགས་ཡོད།།
ཡོད་ཚད་རང་གི་མགོ་ཐོག་བབ་པའི་དུས།།
ལྕེ་རྩེ་རྨོངས་ནས་གང་བཤད་འདི་བཤད་བྲལ།།

དོན་མེད་གཏམ་ལ་ང་བཤད་ཁོ་བཤད་རེད།།
རྔོ་ཐོགས་ཚིག་གསུམ་བརྗོད་པ་རི་བོང་རྭ།།
དེས་ན་གང་དུ་གང་བཤད་བྱེད་པའི་ཚེ།།
མཛུབ་མོ་རང་ལ་བལྟས་ནས་འདང་རྒྱག་ལོས།།

དུས་ཀྱི་སྐལ་བ་དུ་མ་འཁོར་བའི་ཁྲོད།།
རིགས་་ཞེན་གཏམ་ལ་སྣང་འཇོག་དཀོན་གྱུར་དུས།།
མི་ཟེར་བྱེད་དཀའ་མི་བཟང་དེས་དཀའ་སྐབས།།
འཁོར་བའི་ཀློང་ནས་བདེན་པའི་ལམ་བུ་དོག །
                      ༢༠༡༤.༠༥.༣༡ཉིན་རང་ཁྱིམ་དུ་སྦྱར།

               ཁ།

རང་རིགས་མེས་པོའི་ངག་ལམ་བཟང་པོ་ལས།།
གཅིག་པོ་བསྡད་དུས་སེམས་ལ་བལྟ་དགོས་དང་།།
མང་པོ་འཚོགས་དུས་ཁ་ལ་བལྟ་བའི་གཏམ།།
དེ་རིང་དུས་ལ་ཀུན་གྱི་མཐོང་ཆོས་རང་།།

དེ་རིང་ཁོར་ཡུག་དེ་རིང་འཚོ་བ་འདིར།།
མིག་གིས་བལྟས་པའི་ལས་སླ་གང་ནས་ཡོད།།
དེ་བས་ཁྱོད་ཀྱི་ཉིན་རེའི་འཚོ་ཐབས་ཁྲོད།།
སྣ་ཡི་འོག་ནས་སྐྱེས་པའི་སྨྲ་སྒོར་བརྟེན།།

སྨྲ་ལྕེ་ཡངས་པས་རང་དོན་དེ་མུར་སྒྲུབ།།
སྨྲ་ལྕེ་བཙན་པས་ཀུན་གྱིས་ཁྱོད་མི་རིག །
ཁྱོད་དང་ཁོ་ཡི་བར་ཐག་རི་རབ་འདི།།
སྐད་ཆ་འདྲ་འདྲ་བཤད་སྟངས་མི་འདྲས་ཡིན།།

གཞན་དང་འགྲོགས་པར་ཁ་ཞེ་མཐུན་ཐབས་དང་།།
ཀུན་གྱིས་བརྩེ་བར་རང་གིས་འབད་དགོས་དུས།།
རང་སེམས་རྣམ་དག་ཁ་ལ་ཆ་འཇོག་དགོས།།
རང་གཞན་འཁྲུག་པའི་གཞི་མ་ཁ་ལ་དོགས།།

རང་གི་མི་འཇོན་ཁ་ཕོ་འབྲུག་སྒྲ་འདི།།
རང་སྡུག་རང་གིས་སྦྱར་བའི་སྔ་ལྟས་ཡིན།།
དོན་དམ་གང་བྱས་གང་ཀུན་བྱ་བའི་ཁྲོད།།
སྔར་སོང་དམ་བཅའ་ཁ་སྡིགས་མེད་པར་སྒྲུབ།།

རང་གི་འཚོ་ཐབས་རང་གིས་བརྩོན་པ་ལས།།
ཁ་མཁས་ཚིག་གིས་གཞན་ལ་སྐྱབས་མི་བཅོལ།།
མཁས་བརྒྱ་འགྲན་གླེང་མེ་ཏོག་མཉམ་བཞད་དུས།།
ཨ་མའི་བུ་ཆུང་བདེན་པའི་རྩོལ་བས་འཚོ།།

ཡ་གེའི་དཔོན་པོ་ཕྱི་བཟོ་རྫིག་པོ་འདི།།
མ་གེའི་དམངས་ཀྱི་རྔུལ་ཁྲག་བཏུང་བས་བྱུང་།།
རྒྱུ་འབྲས་བསླུ་མེད་ཐམས་ཅད་མཁྱེན་པའི་ཆོས།།
འགྱོད་མེད་ལམ་དཀར་བརྒྱུད་ན་བརྒྱུད་རན་ཡིན།།

ཁ་སྟོང་བརྒྱ་ཡིས་དོན་བརྒྱ་གླེང་བ་ལས།།
ཁ་བཤད་དོན་ལྡན་གཏམ་གཅིག་སྨྲ་བ་དགའ།།
ཁ་ནས་ལབ་ཚད་དོན་སྙིང་ལྡན་དཀའ་བས།།
ཁ་བཤད་གཏམ་དག་རིག་པས་དཔྱད་དགོས་རང་།།
              ༢༠༡༤•༠༦•༡༥ཉིན་མཚན་མོར་རང་ཁྱིམ་དུ་སྦྱར།

            ཉིན་གཅིག་གི་འཚོ་བ།

ཉིན་གཅིག་དུས་ཀྱི་ཚོར་བ་ཐན་ཐུན་དག །
མི་རེའི་སེམས་ལ་མེ་ལོང་གཟུགས་སུ་སྒྲུབ།།
དེས་ནས་བདག་གི་ཉིན་གཅིག་འཚོ་བའི་ཚོཊ།།
རང་གི་དཔྱད་མྱོང་ཅི་རིགས་ཐོག་ནས་བཀྲམས།།

ཉིན་གཅིག་ལས་ཀ་རྫོགས་པའི་མི་བུ་འགའ།།
རང་ཁྱིམ་དྲོན་མོར་སྔོ་ཚོད་ཐུག་པར་རོལ།།
ཁྱི་ཡི་ཟུག་སྒྲ་འཇགས་ཅིང་སྒེའུ་ཁུང་ལས།།
གློག་འོད་ཕྲ་མོས་ནམ་མཁའི་ཟླ་ལ་འགྲན།།

ཉིན་གཅིག་ལས་ཀ་ཚུགས་པའི་མི་བུ་འགའ།།
འཆར་ཡན་དག་ལ་ཡང་ཡང་འདང་བཞིན་དུ།།
ཁྲོམ་དང་སྲང་ལམ་གང་ནས་འུར་ཡོང་བའི།།
སྐུ་མགྲོན་རྒྱུན་གཏན་དག་ལ་བསུ་བར་བྲེལ།།

ཉིན་གཅིག་སོང་བར་འགྱོད་པའི་མི་བུ་འགའ།།
སང་ཉིན་ཁོ་ནར་སྒུག་བཞིན་གཉིད་ཡང་བྲལ།།
དོན་དམ་རང་ཉིད་འདི་འདྲའི་འཚོ་ཐབས་འདི།།
རང་སྡུག་རང་གིས་ཉོས་པའི་དན་རྟགས་རང་།།

ཉིན་གཅིག་འདས་ཀྱང་སང་ཉིན་ཡོད་སྙམ་དག །
མི་རྟག་ཆོས་ཉིད་བྲལ་བའི་ངན་འབྲས་ལ།།
ཡོད་ཚད་སང་ཉིན་དེ་ལ་བཅོལ་གྱུར་དུས།།
ནམ་ཞིག་ཁྱོད་ལ་སང་ཉིན་མེད་པའང་ཡོད།།

ཉིན་གཅིག་བྱ་བར་བརྩོན་པའི་མི་བུ་འགའ།།
རླབས་ཆེན་བྱ་བའི་ཁྲོད་ནས་ཁྱོད་ལས་སྐྱིད།།
ལྷག་བསམ་དག་ཅིང་རྣམ་དཀར་དགེ་བའི་ལས།།
སྐྱེ་བ་སྔ་ཕྱི་བསམ་ནས་རྒྱུ་འབྲས་འཛིན།།

ཉིན་གཅིག་འཚོ་བའི་ཐོག་མཐའ་བར་གསུམ་དུ།།
ཁྱོད་ལ་ཚོར་བ་འདྲ་མིན་ཡོང་བ་འདི།།
ཀྱག་ཀྱོག་མི་ཚེའི་ཤུལ་ལམ་ཐུང་ངུ་ཅིག །
མངར་སྐྱུར་འཚོ་བར་གདོང་ཐུག་དག་པར་དགོས།།

ཉིན་གཅིག་དུས་ཚོད་བལྟས་བལྟས་རིག་རིག་ལ།།
ང་ཡི་མིག་མདུན་འདི་ནས་བརླགས་སོང་ལ།།
ཁ་སྤུ་མང་མང་གཉེར་མ་གཅིག་གཉིས་འདིས།།
རྒས་པའི་སྡུག་བསྔལ་གཞན་ཙམ་མིན་པ་རྟོགས།།
           ༢༠༡༤.༠༧.༠༤ཉིན་ཕུ་གསུམ་ཡུལ་གྱི་སྤང་ཐང་ཞིག་ཏུ་ཁ་སང་གི་ཚོར་བ་དག་ཤར་མར་ཡི་གེར་ཕབ་པས་དགེའོ།།

              དྲན་པའི་ངོགས་ཀྱི་ཚོར་བ།

རང་གི་རང་དབང་གཞན་གྱིས་བཅོམ་པའི་དུས།།
རང་གི་བདེ་བ་གཞན་གྱིས་འཕྲོག་པའི་ཚེ།།
རང་གི་ཡུལ་ལུང་གཞན་གྱིས་གཏོར་བའི་སྐབས།།
རང་གི་འཚོ་ཐབས་རང་གི་འདང་མྱོང་ངམ།།

དམ་པའི་གསུང་རབ་བརྒྱ་རྩ་བརྒྱ་ཡི་ཁྲོད།།
ཚན་རིག་རྣམ་དཔྱོད་ལས་ལྷག་ལུང་རིགས་གསུང་།།
ད་ལྟའི་དུས་ལ་བསམ་གཞིགས་བར་མཐོང་ནང་།།
ཉིན་མཚན་རྟག་ཏུ་དཔྱད་པའི་རིན་ཐང་ལྡན།།

ཡབ་མེས་བཙན་པོའི་སྐབས་ཀྱི་དུས་རབས་ཁྲོད།།
དཔའ་སྟོབས་གནམ་ལ་འགྱིང་བའི་མི་རིཊ་འདི།།
ས་ཕྱོགས་གང་དུ་བདེན་པའི་གཡུལ་ལས་རྒྱལ།།
ཕར་རྒོལ་སྟོབས་ལས་རང་གི་ཕ་ས་སྲུང་།།

བསྒྱུར་བཅོས་དུ་མའི་ཀློང་གི་ཡོ་ལང་ཁྲོད།།
ཧམ་བཟུང་དྲག་པོ་མེ་ལྕེ་འཁྱུད་པ་ཡིས།།
ཉམ་ཆུང་རིགས་འདིར་མངོན་ལྐོག་ཅི་རིགས་ནས།།
མགོན་མེད་ཐང་ལ་ལུས་པར་རྩོལ་བས་སྐྱོ།།

ཕ་སྐད་རིན་ཆེན་ར་མ་ལུག་ལ་གྱུར།།
ཕ་ཡིག་བཟང་པོ་གང་དུ་འབྲི་ནོར་ཤོར།།
ཕ་ཡི་ལྭ་བ་འཁྲབ་སྟོན་འཁྲབ་ཆས་ཆགས།།
ཕ་ཡི་རུས་པ་སྐྱ་མོའི་ས་ལ་འཐིམ།།

རྩྭ་ས་རྩོད་ལེན་ནང་དམེའི་འཐབ་རྩོད་སྟེང་།།
གང་ནས་འུར་བའི་རླུང་ནག་དེ་དང་ལྷན།།
ཞི་འཇམ་རྨི་ལམ་ཉིན་དཀྲུཊ་མཚན་དཀྲུཊ་འདིས་།།
ཨ་མ་གངས་རིའི་གནས་ནས་འོད་སྣང་དཀོན།།

ནམ་ནམ་ཞར་ཞར་མིག་གི་མཐོང་ལམ་དུ།།
བཟོད་དཀའི་སྣང་ཡན་སྐྱུར་མོ་དག་གིས་འོག །
ང་ཡི་མེས་པོ་གང་གི་ཕྱོགས་ནས་བཞུགས།།
ད་ལྟའི་དུས་ལ་ལུས་ངལ་སེམས་ངལ་རང་།།

ཡིན་མདོག་འཇོན་མདོག་ངང་གིས་མི་བུ་ཚོ།།
དགོས་ངེས་རང་གི་རིགས་ལ་ཕན་པ་སྒྲུབ།།
རྟག་ཏུ་གཞན་རིགས་འོག་ལ་གཡོག་རྒྱུགས་འདི།།
ཁྱོད་ཀྱི་མཐར་ཐུག་བདེ་བ་ཡིན་ནམ་ཅི།།
         ༢༠༡༤.༠༧.༡༠ཉིན་སློབ་གྲྭའི་སྡོད་བྱ་ཁང་དུ་སྦྱར།

(མཆོད་མེའི་པར་དབང་གཞན་གྱིས་དགོལ་མི་རུང)

རྩོམ་ཁུངས། ངེད་དྲ་བ།

དཔྱད་མཆན ཡོངས་སུ་གཟིགས།དཔྱད་མཆན།

མིང་མི་འགོད་པར་སྤེལ།