མྱི་གསར་བའི་སྙན་ངག་ཚན་པ་བདུན།

image1.JPG
             
             རོལ་དབྱངས་ཁང་།

གྱང་ཁའི་རྩྭ་ཕྲན་ལྡེམ་ལྡེམ་ཆར་ཆུ་འཐུང་ཞིང་།།
སྨུག་པའི་རྒྱབ་ཡོལ་འཐེན་པ་རླུང་བུས་སྒུལ་བ།།
དབྱངས་ཀྱི་ང་རོ་དག་གིས་ལང་ཚོ་བཀུག་འདྲ།།
རྩིག་པའི་གསེབ་ནས་འཇའ་ཚོན་མག་པོ་མཐོང་བྱུང་།།
ཕྱེ་མ་ལེབ་གྱིས་ལྕང་མའི་ཟེའུ་འབྲུ་འཐུང་བས།།
སོ་ཕག་བརྩིགས་འདྲའི་ཁང་པར་རྡུལ་སྐྱ་གཙུབས་ཤིང་།།
དུར་སའི་ཤི་བརླ་སྒུལ་བའི་དབྱངས་དང་རོལ་མོ།།
འཁྱོར་བའི་སྟངས་སྟབས་འདི་གས་ཕར་ལ་བསྐྱལ་ཚུལ།།
ཐང་གའི་རི་མོ་ཅི་བཞིན་གསལ་ཞིང་དྭངས་པ།།
མུན་པའི་གཏིང་ལ་ཤེར་ཏོག་ག་ཚོད་བསྒྲོན་ཨང་།།

                    2015/5/5

               ཚིག་དང་ཐ་སྙད་ཀྱི་ཚོགས་ཞིང་།

ཆུ་ལ་གཅིན་པ་བཏང་ཞིང་ཆར་ཟུམ་ལྕེ་ཡིས་བལྡཊ་ཏེ།།
སྟག་གི་ཐིག་ལེ་ཞིག་ལ་རྨ་བྱའི་སྒྲོ་ཐུལ་བཙུགས་པ།།
བཟི་བོའི་རྨི་ལམ་རབ་རིབ་སྙེམ་པའི་ཚིག་གི་ཟློ་འདྲ།།
བླ་རྡོལ་ཐག་པའི་བཅིང་སྟེ་མུན་པའི་གྲོང་ལ་སྤྱུག་འདྲ།།
དཀར་ཡོལ་འབྲུག་རིས་ལྟེམས་ན་ཆང་དང་ཆུ་བོ་འཁྱིལ་འདུག།
སྤྲིན་དཀར་ཚོམ་གྱི་ཕག་ཏུ་ཚེས་རིས་གུག་པོ་ཡིབ་འདུག།
རི་བོང་བློ་ལྡན་ཞིག་ཀྱང་དེ་ཡི་ངོས་སུ་བཞུགས་པ།།
ང་ཡི་སྒྲོ་བཏགས་བྱས་པའི་མིག་ཟུང་ཀེམ་ཀེམ་གཡོ་བྱུང་།།
སྐྱ་མདའ་ཆཊ་པའི་སྒེའུ་ཁུང་རས་ཀྱིས་ཕར་ལ་བཏུམ་ཚེ།།
མུན་པའི་གུར་ཁང་སྨུག་ནག་འོད་ཀྱིས་དཀར་བར་བྱས་སོ།།
ཚིག་དང་ཐ་སྙད་ཚོགས་ཀྱང་གྲེ་བའི་གདངས་ལ་འཁོར་བས།།
ཚོར་བའི་ཡིག་ཆུང་ལྡེམ་པ་སུ་ཡི་མགུལ་ལ་སྒྲོན་ཨང་།།

                        2015/5/15

             རྨི་ལམ་དུ་ཁངས་བབས་པ།

སྒྱུ་མའི་རོལ་རྩེད་ཆུ་ལ་བྲིས་ཤིང་།།
སྣང་བའི་གཤོག་པ་མཁའ་ལ་འཕགས་ཚེ།།
གྱང་ཁའི་རྩྭ་ཕྲན་སྨུག་པས་གཡོག་འདྲ།།
རི་བོ་དག་ལ་ན་བུན་ལྡང་བྱུང་།།
གྲོག་མའི་མཁར་ལ་ཁངས་སྐྱ་ལྷུང་ཞིང་།།
རྡོ་བའི་ལོ་མར་འོད་ཟེར་གཙེས་ཀྱང་།།
ཆུ་ཡི་རྡུལ་ལ་རློན་ཐིགས་ཆགས་ནས།།
རྨི་ལམ་འཇིགས་པོ་གྲིབ་མར་འཐིམས་ཤིང་།།
ཆང་ཕོར་སྟེམ་ནས་བྱ་བྱེའུ་འཕུར་སོང་།།

             2015/5/6

             འཕྲུལ་གྱི་ལྷ་ཆེན།

སྤྲིན་པ་ཁུར་ཞིང་རླུང་བུ་ཁྲིད།།
བྱང་ཐང་སྙེག་ཅིང་རི་བོ་བརྒལ།།
ཆུ་ཕྲན་བཞིན་དུ་གང་ལ་གཤར།།
ཏི་སེ་གངས་ཀྱི་འདབས་ལ་བཞུར།།
ཕོ་བྲང་དཀར་དམར་སེམས་སུ་བྲིས།།
འཁོར་བའི་གཤིས་ལ་མིག་ཟུང་བཙུམ།།
སྐྱེ་རྒ་ན་འཆི་ཁངས་བཞིན་འབབ།།
རི་བོའི་ཕུག་ནས་ཏིང་འཛིན་སྒོམ།།
ཞི་བའི་བ་དན་སེར་པོ་བཙུགས།།

             2015/5/9

             ཉོབ་ཅིང་འཐིབ་པའི་ཉིན་ཞག་གསུམ།

སྲིད་པའི་ལྷ་ཡིས་ང་ལ་རྨུ་ཐག་བསྐྱངས་པས།།
རྫི་མའི་མཚམས་ཀྱི་རི་མོ་ནང་ལ་གུག་ཅིང་།།
སྒྱུ་མའི་རྟ་གླང་བརྐུས་པའི་མི་ཚེའི་ཁུག་པ།།
ཁ་རླངས་འཁྱག་པ་ཞིག་ལ་མགོ་བོ་ཁེན་འདྲའི།།
ནུབ་ཁའི་མར་མེར་ཕྱེ་ལེབ་ངང་གིས་འཁོར་བྱུང་།།
སེམས་ཀྱི་རི་མོ་ཟླ་བའི་ཟེར་མར་འདྲེས་ཚེ།།
སྐྱེ་འཆིའི་འཇིགས་སྐྲག་བོར་བའི་ལང་ཚོའི་སྣེ་མོ།།
སྣང་བ་གློ་ཁ་དག་ནི་མུན་པར་འདྲེས་འདུག།

                             2015/5/7

              རྡུལ་གྱི་སྙན་ངག

འབྱུང་བཞི་དག་ནི་ཕར་ལ་མི་གཡོ་ཞིང་།།
ལྗོན་པའི་ལོ་མ་གཙང་པོའི་སྟེམ་ལ་ལྷུང་།།
ཉི་མའི་ཟེར་ལ་ཟེར་གྱི་ཕུང་པོ་སྤུང་།།
སྒེའུ་ཁུང་བར་ནས་རྡུལ་དང་རྡུལ་ཕྲན་འཐོར།།
རྩིག་པའི་གསེབ་དུ་མུན་པའི་གྲོང་ཚོ་འཆར།།
གཉུག་མའི་གཤིས་ལ་སྣང་བའི་རི་མོ་བྲིས།།
སྲིད་པའི་སོ་སྐྱེས་དག་གིས་ཁྱོད་ཉིད་ཟ།།
བཟི་བའི་སྣང་བ་སྨུག་པོ་སྙན་ངག་བྱས།།
རླུང་པོ་འགམ་པའི་ལ་ཁའི་དར་ལྕོག་ཀྱང་།།
སྤྲིན་པའི་ལག་པ་དག་གིས་དབྱིངས་སུ་ཁྱེར།།
རྡུལ་ནི་རྡུལ་སྟེ་ཁངས་སྐྱ་བཞིན་དུ་འབབ།།
སྤེན་མའི་ཚོགས་ལ་མེ་སྟག་ཁྲོམ་ཁྲོམ་འཕྲོ།།
ཞག་སྨད་འདི་གའི་རྨི་ལམ་འཐབ་མོ་བཀྱེ།།
གྱང་ངོར་འོད་ཟེར་ལྗང་ཁུ་འཕྲོ་བར་འདུག།
ངག་ཐུན་གསར་རྙིང་དག་ལ་ཡི་གེ་བརྩེགས།།
སྨུག་པ་རྡུལ་གྱི་བཞེངས་འདྲའི་སྙན་ངག་བཞེངས།།

                        2015/5/2

              འཁོར་བར་སྒྲོ་བཏགས་པ།

ལམ་དུ་རྡོ་བའི་ཚོགས་ཞིང་འཕྱུར།།
ཆར་ཆུའི་རྡུལ་ནི་གསང་དུ་ཐིམ།།
སྤང་ལ་སྤེན་མ་ཐར་ཐོར་འབུས།།
རྣར་ལོ་དག་ནི་ཟངས་མདོག་སྟེ།།
རི་དྭགས་ཤིག་ཀྱང་ཁྱོད་ལ་བཞའ།།
པིར་གྱིས་བྲིས་པའི་ལྗོངས་སུ་ནི།།
མེ་ཏོག་དཀར་སེར་དམར་ལྗང་འཁྲུངས།།
ཕྱེ་ལེབ་དཀར་སེར་དམར་ལྗང་འཁོར།།
རི་བོང་བློ་ལྡན་གར་ལ་རྩེན།།
བེའུ་རྫི་བྱིས་པའི་གླིང་སྒྲུང་འགུག།
ཐ་སྙད་རྩིག་ཅིང་ཡི་གེ་ཀློག།
མཐོང་བའི་མིག་ལ་སྐྱིད་སྣང་ཤར།།
འབྲོག་མོ་སྙིང་ལ་རྗེ་བོ་འགས།།
སྦྲ་ནག་འདབས་ནས་ང་ལ་སྒུག།།
ང་ནི་རླུང་སྟེ་གང་སར་གཡུག།
འཁོར་བ་འཛིན་པར་ཧ་ཅང་སྐྲག།

               2015/5/8ལའོ།།

 

(མཆོད་མེའི་པར་དབང་གཞན་གྱིས་དགོལ་མི་རུང)

རྩོམ་ཁུངས། ངེད་དྲ་བ།

གཟིམས་པ་མེད་པའི་མཆོད་མེ། དབྱངས་གསལ་སོ་བཞིའི་མཛེས་སྡུག  RSSསྔོན་མངག

མྱི་གསར་བའི་སྙན་ངག་ཚན་པ་བདུན།

2015-09-23 མྱི་གསར་བ། ཀློག་གྲངས། མཆན ཡོད།

image1.JPG
             
             རོལ་དབྱངས་ཁང་།

གྱང་ཁའི་རྩྭ་ཕྲན་ལྡེམ་ལྡེམ་ཆར་ཆུ་འཐུང་ཞིང་།།
སྨུག་པའི་རྒྱབ་ཡོལ་འཐེན་པ་རླུང་བུས་སྒུལ་བ།།
དབྱངས་ཀྱི་ང་རོ་དག་གིས་ལང་ཚོ་བཀུག་འདྲ།།
རྩིག་པའི་གསེབ་ནས་འཇའ་ཚོན་མག་པོ་མཐོང་བྱུང་།།
ཕྱེ་མ་ལེབ་གྱིས་ལྕང་མའི་ཟེའུ་འབྲུ་འཐུང་བས།།
སོ་ཕག་བརྩིགས་འདྲའི་ཁང་པར་རྡུལ་སྐྱ་གཙུབས་ཤིང་།།
དུར་སའི་ཤི་བརླ་སྒུལ་བའི་དབྱངས་དང་རོལ་མོ།།
འཁྱོར་བའི་སྟངས་སྟབས་འདི་གས་ཕར་ལ་བསྐྱལ་ཚུལ།།
ཐང་གའི་རི་མོ་ཅི་བཞིན་གསལ་ཞིང་དྭངས་པ།།
མུན་པའི་གཏིང་ལ་ཤེར་ཏོག་ག་ཚོད་བསྒྲོན་ཨང་།།

                    2015/5/5

               ཚིག་དང་ཐ་སྙད་ཀྱི་ཚོགས་ཞིང་།

ཆུ་ལ་གཅིན་པ་བཏང་ཞིང་ཆར་ཟུམ་ལྕེ་ཡིས་བལྡཊ་ཏེ།།
སྟག་གི་ཐིག་ལེ་ཞིག་ལ་རྨ་བྱའི་སྒྲོ་ཐུལ་བཙུགས་པ།།
བཟི་བོའི་རྨི་ལམ་རབ་རིབ་སྙེམ་པའི་ཚིག་གི་ཟློ་འདྲ།།
བླ་རྡོལ་ཐག་པའི་བཅིང་སྟེ་མུན་པའི་གྲོང་ལ་སྤྱུག་འདྲ།།
དཀར་ཡོལ་འབྲུག་རིས་ལྟེམས་ན་ཆང་དང་ཆུ་བོ་འཁྱིལ་འདུག།
སྤྲིན་དཀར་ཚོམ་གྱི་ཕག་ཏུ་ཚེས་རིས་གུག་པོ་ཡིབ་འདུག།
རི་བོང་བློ་ལྡན་ཞིག་ཀྱང་དེ་ཡི་ངོས་སུ་བཞུགས་པ།།
ང་ཡི་སྒྲོ་བཏགས་བྱས་པའི་མིག་ཟུང་ཀེམ་ཀེམ་གཡོ་བྱུང་།།
སྐྱ་མདའ་ཆཊ་པའི་སྒེའུ་ཁུང་རས་ཀྱིས་ཕར་ལ་བཏུམ་ཚེ།།
མུན་པའི་གུར་ཁང་སྨུག་ནག་འོད་ཀྱིས་དཀར་བར་བྱས་སོ།།
ཚིག་དང་ཐ་སྙད་ཚོགས་ཀྱང་གྲེ་བའི་གདངས་ལ་འཁོར་བས།།
ཚོར་བའི་ཡིག་ཆུང་ལྡེམ་པ་སུ་ཡི་མགུལ་ལ་སྒྲོན་ཨང་།།

                        2015/5/15

             རྨི་ལམ་དུ་ཁངས་བབས་པ།

སྒྱུ་མའི་རོལ་རྩེད་ཆུ་ལ་བྲིས་ཤིང་།།
སྣང་བའི་གཤོག་པ་མཁའ་ལ་འཕགས་ཚེ།།
གྱང་ཁའི་རྩྭ་ཕྲན་སྨུག་པས་གཡོག་འདྲ།།
རི་བོ་དག་ལ་ན་བུན་ལྡང་བྱུང་།།
གྲོག་མའི་མཁར་ལ་ཁངས་སྐྱ་ལྷུང་ཞིང་།།
རྡོ་བའི་ལོ་མར་འོད་ཟེར་གཙེས་ཀྱང་།།
ཆུ་ཡི་རྡུལ་ལ་རློན་ཐིགས་ཆགས་ནས།།
རྨི་ལམ་འཇིགས་པོ་གྲིབ་མར་འཐིམས་ཤིང་།།
ཆང་ཕོར་སྟེམ་ནས་བྱ་བྱེའུ་འཕུར་སོང་།།

             2015/5/6

             འཕྲུལ་གྱི་ལྷ་ཆེན།

སྤྲིན་པ་ཁུར་ཞིང་རླུང་བུ་ཁྲིད།།
བྱང་ཐང་སྙེག་ཅིང་རི་བོ་བརྒལ།།
ཆུ་ཕྲན་བཞིན་དུ་གང་ལ་གཤར།།
ཏི་སེ་གངས་ཀྱི་འདབས་ལ་བཞུར།།
ཕོ་བྲང་དཀར་དམར་སེམས་སུ་བྲིས།།
འཁོར་བའི་གཤིས་ལ་མིག་ཟུང་བཙུམ།།
སྐྱེ་རྒ་ན་འཆི་ཁངས་བཞིན་འབབ།།
རི་བོའི་ཕུག་ནས་ཏིང་འཛིན་སྒོམ།།
ཞི་བའི་བ་དན་སེར་པོ་བཙུགས།།

             2015/5/9

             ཉོབ་ཅིང་འཐིབ་པའི་ཉིན་ཞག་གསུམ།

སྲིད་པའི་ལྷ་ཡིས་ང་ལ་རྨུ་ཐག་བསྐྱངས་པས།།
རྫི་མའི་མཚམས་ཀྱི་རི་མོ་ནང་ལ་གུག་ཅིང་།།
སྒྱུ་མའི་རྟ་གླང་བརྐུས་པའི་མི་ཚེའི་ཁུག་པ།།
ཁ་རླངས་འཁྱག་པ་ཞིག་ལ་མགོ་བོ་ཁེན་འདྲའི།།
ནུབ་ཁའི་མར་མེར་ཕྱེ་ལེབ་ངང་གིས་འཁོར་བྱུང་།།
སེམས་ཀྱི་རི་མོ་ཟླ་བའི་ཟེར་མར་འདྲེས་ཚེ།།
སྐྱེ་འཆིའི་འཇིགས་སྐྲག་བོར་བའི་ལང་ཚོའི་སྣེ་མོ།།
སྣང་བ་གློ་ཁ་དག་ནི་མུན་པར་འདྲེས་འདུག།

                             2015/5/7

              རྡུལ་གྱི་སྙན་ངག

འབྱུང་བཞི་དག་ནི་ཕར་ལ་མི་གཡོ་ཞིང་།།
ལྗོན་པའི་ལོ་མ་གཙང་པོའི་སྟེམ་ལ་ལྷུང་།།
ཉི་མའི་ཟེར་ལ་ཟེར་གྱི་ཕུང་པོ་སྤུང་།།
སྒེའུ་ཁུང་བར་ནས་རྡུལ་དང་རྡུལ་ཕྲན་འཐོར།།
རྩིག་པའི་གསེབ་དུ་མུན་པའི་གྲོང་ཚོ་འཆར།།
གཉུག་མའི་གཤིས་ལ་སྣང་བའི་རི་མོ་བྲིས།།
སྲིད་པའི་སོ་སྐྱེས་དག་གིས་ཁྱོད་ཉིད་ཟ།།
བཟི་བའི་སྣང་བ་སྨུག་པོ་སྙན་ངག་བྱས།།
རླུང་པོ་འགམ་པའི་ལ་ཁའི་དར་ལྕོག་ཀྱང་།།
སྤྲིན་པའི་ལག་པ་དག་གིས་དབྱིངས་སུ་ཁྱེར།།
རྡུལ་ནི་རྡུལ་སྟེ་ཁངས་སྐྱ་བཞིན་དུ་འབབ།།
སྤེན་མའི་ཚོགས་ལ་མེ་སྟག་ཁྲོམ་ཁྲོམ་འཕྲོ།།
ཞག་སྨད་འདི་གའི་རྨི་ལམ་འཐབ་མོ་བཀྱེ།།
གྱང་ངོར་འོད་ཟེར་ལྗང་ཁུ་འཕྲོ་བར་འདུག།
ངག་ཐུན་གསར་རྙིང་དག་ལ་ཡི་གེ་བརྩེགས།།
སྨུག་པ་རྡུལ་གྱི་བཞེངས་འདྲའི་སྙན་ངག་བཞེངས།།

                        2015/5/2

              འཁོར་བར་སྒྲོ་བཏགས་པ།

ལམ་དུ་རྡོ་བའི་ཚོགས་ཞིང་འཕྱུར།།
ཆར་ཆུའི་རྡུལ་ནི་གསང་དུ་ཐིམ།།
སྤང་ལ་སྤེན་མ་ཐར་ཐོར་འབུས།།
རྣར་ལོ་དག་ནི་ཟངས་མདོག་སྟེ།།
རི་དྭགས་ཤིག་ཀྱང་ཁྱོད་ལ་བཞའ།།
པིར་གྱིས་བྲིས་པའི་ལྗོངས་སུ་ནི།།
མེ་ཏོག་དཀར་སེར་དམར་ལྗང་འཁྲུངས།།
ཕྱེ་ལེབ་དཀར་སེར་དམར་ལྗང་འཁོར།།
རི་བོང་བློ་ལྡན་གར་ལ་རྩེན།།
བེའུ་རྫི་བྱིས་པའི་གླིང་སྒྲུང་འགུག།
ཐ་སྙད་རྩིག་ཅིང་ཡི་གེ་ཀློག།
མཐོང་བའི་མིག་ལ་སྐྱིད་སྣང་ཤར།།
འབྲོག་མོ་སྙིང་ལ་རྗེ་བོ་འགས།།
སྦྲ་ནག་འདབས་ནས་ང་ལ་སྒུག།།
ང་ནི་རླུང་སྟེ་གང་སར་གཡུག།
འཁོར་བ་འཛིན་པར་ཧ་ཅང་སྐྲག།

               2015/5/8ལའོ།།

 

(མཆོད་མེའི་པར་དབང་གཞན་གྱིས་དགོལ་མི་རུང)

རྩོམ་ཁུངས། ངེད་དྲ་བ།

དཔྱད་མཆན ཡོངས་སུ་གཟིགས།དཔྱད་མཆན།

མིང་མི་འགོད་པར་སྤེལ།