རྫ་སྐྱེས་ཕུར་བའི་སྙན་ངག་བདམས་བཀོད།


 
psuCAC9CRL0.jpg
  རྫ་སྐྱེས་ཕུར་བ། མིང་གཞན་མེ་རི་དང་། ཐང་ནག་སོགས་བཀོལ་མྱོང་། ལོ་རབས་བརྒྱད་བཅུ་པའི་ནང་རྫ་ཆུ་ཁར་སྐྱེས། 《རྫ་ཆུའི་རླབས་སྒྲ》དུས་དེབ་ཀྱི་རྩོམ་སྒྲིག་པ་བྱས་མྱོང་། བར་ལམ་རེབ་གོང་རོང་བོ་དགོན་ཆེན་དང་། ལྷ་སའི་སེ་ར་དགོན་པ། བྱེས་ཀྱི་སེ་ར་དགོན་བཅས་ནས་རིམ་བཞིན་སློབ་གཉེར་བྱས། ཞོར་ཏུ་《གངས་རྒྱན་མེ་ཏོག》དང་། 《སྦྲང་ཆར》  《ཟླ་ཟེར》སོགས་གཞུང་སྒེར་དུས་དེབ་མང་པོར་སྙན་ངག་བྲིས། ༢༠༡༤ལོར་སྙན་ངག་གི་དེབ་ཐོག་མ《ཟིལ་བ》ཞེས་པ་ཀན་སུའུ་མི་རིགས་དཔེ་སྐྲུན་ཁང་ནས་དཔར་བསྐྲུན་བྱས། ད་སྐབས་སྔར་ལྟར་སྙན་ངག་འབྲི་བའི་ལས་སུ་འབད་ཀྱིན་ཡོད།

              ཁམ་སྡོང་སྟེང་གི་ཉི་འོད།

                          —ཨ་མ་ལགས་ལ་དྲན་རྟེན་དུ་བྱས་པ།

སྐྲ་ཡི་ཉག་མ་ཙམ་ཞིག་གི།
བུ་ལ་དྲན་པའི་རྟེན་བསྐུར་བའི།།
ཙོང་ཁ་སྲས་ཀྱི་མ་ལགས་ནི།།
སྐྱིད་ཡུམ་དཔེ་མེད་ལོས་ཡིན་ཏེ།།
རང་ལུས་བསྐྱེད་པའི་དྲིན་ཆེན་མ།།
སུ་ཡི་བགྲན་དུ་མི་མངའ་བ་འི།།
ང་ལ་མཚོན་ལ་སངས་རྒྱས་དང་།།
བྱམས་བརྩེ་སྟོན་པའི་སློབ་དཔོན་ཉིད།།
དངོས་གཟུགས་ཁྲོད་དུ་བཙལ་བ་ན།།
ཁམ་སྡོང་རྩེ་ཡི་ཉི་འོད་ཀྱིས།།
ཁྱོད་ཀྱི་དཔེ་དབྱིབས་མིག་ལ་བསྩལ།།
འདི་ཀོ་སྲིད་ཁམས་གང་དུ་ན།།
རྙེད་མེད་དཔེ་རུ་མཐོང་སོང་ལགས།།
ནམ་མཁས་གང་ཁྱབ་མར་གྱུར་ཞེས།།
སེམས་བསྐྱེད་དེ་འདྲ་བདག་ལ་མེད།།
བས་མཐའི་དབྱིངས་ནས་ངང་སེར་ཁྱུ།།
ལྡང་ཞིང་རྒྱུ་བའི་ཟོལ་མཐོང་ཚེ།།
ངས་ནི་བས་མཐའི་རི་ཁུད་ན།།
སྨྲེང་བའི་རྒྱང་གླུ་བསྐུར་ཞིང་མཆིས།།
                 2015/5/10/

               སྐར་མ་ཁྲི་སྟོང་ལྡང་བ།

ཁྱོད་ཀྱི་ཁྲ་ཆུང་མིག་མཐའ་ནས།།
སྐར་མ་ཁྲི་སྟོང་ལྡང་བ་དེ།།
ཡིད་འགྱུ་སྐད་ཅིག་ཙམ་ཞིག་གིས།།
འཁྲུལ་བའི་གདོང་ལ་རེག་པའི་འོད།།
རྒྱུ་སྐར་དག་ནི་ཉམ་ང་བའི།།
དུས་མཐའི་དབྱིངས་ཀྱི་རླུང་བུར་གྱུར།།
ང་ཡིས་ཡིད་ཙམ་བསེར་བུའི་དཔུང་།།
གློག་དམར་འཁྱུག་པའི་མདངས་ལ་བྲིས།།
དེ་ཡང་ཆལ་ཆིལ་གཡོ་བ་ན།།
འདི་སྣང་སྤྲིན་ཕུང་དལ་འགྲོ་མ།།
ལག་པའི་མཐིལ་ན་རྒས་པ་མཐོང་།།
                  2015/8/28/

psbCAENDN0T.jpg

              འདས་མོ་རིག་གསལ་དབང་མོ་དྲན་པ།

རྩྭ་ཟིལ་སྟེང་གི་ནེམ་ཐིག་ཡོམ་པའི།།
གླུ་ངག་ཁྱེར་ནས་གང་ལ་བུད་སོང་།།
དམངས་གླུ་བསེར་མ་ལྡེམ་པའི་འགྲོས་དེ།།
ཞེ་མདངས་དཀར་པོས་ཅི་ཙམ་བངས་ཡོད།།
དབྱངས་ཀྱི་སྐར་མ་བྱེ་བ་སྟོང་ཕྲག།
མཚན་ནུབ་བསིལ་ཆར་འོག་གི་ཟླ་བ།།
དྲན་པའི་དགུ་ཚིགས་གཡོར་བའི་ཉི་མ།།
ཁྱོད་ཀྱི་ངག་ན་ལྡང་བའི་སྤྲིན་དཀར།།

རི་སྐེད་སྨུག་ལ་འདྲེས་ཏེ་ཡོང་བའི།།
ནུབ་ཁའི་རླུང་བུ་ཞོན་ཏེ་སོང་བའི།།
རི་མཚམས་གང་ནས་ཕྱིར་མིག་ལྟ་བའི།།
དབང་མོ་ཁྱོད་རང་བཞུད་ཚུལ་འདི་ཨང་།།
སྐྱེ་འཆིའི་ཁ་མཐའ་མིག་གིས་མི་ཟིན།།
ཤར་རླུང་ལྡང་བའི་ཚུལ་དེ་འདྲ་འོ།།

མུན་པའི་ཕྱར་བ་གྱོན་ནས་གར་ཡོད།།
སྙིང་གི་དྲིད་ཐིག་མཉེས་ས་གར་ཡོད།།
ད་ཆ་བརྩེ་བའི་བར་སྣང་ཅི་ཡོད།།
སྡུག་གི་ལག་ཆུང་བཟེད་ས་སུ་ཡོད།།
ཚེ་སྲོག་བདེན་པའི་ཁྱོད་རང་གར་ཡོད།།
དབྱངས་ཀྱི་ཨ་ཅག་ཁྱེད་རང་གར་ཡོད།།

རུས་པ་དཀར་པོ་འཐོར་བའི་ས་དེ།།
རྒྱ་ལྕང་ལན་བུ་འཁུར་བའི་རླུང་དེ།།
དུང་སོ་སུམ་ཅུ་བྲབ་པའི་སྤང་དེ།།
ད་ཆ་གར་ཡོད་འདྲི་སྙིང་འདོད་དོ།།
སྙིང་ནས་དབང་མོ་འདྲི་སྙིང་འདོད་དོ།།

སྤྲིན་ཐོག་ལ་མོ་བརྒྱབ་སྟེ་འོང་ན།།
འཇའ་ཚོན་ལྭ་བ་སྐེམ་གྱིན་བསྒུག་ན།།
ལུག་ཁྱུ་དཀར་བོང་འཚོ་བའི་གཞིས་ཀ།
འུར་ཆུང་ཁྲ་མོ་བསྐོར་བའི་ན་སྤང་།།
སྤྱན་ལམ་གང་ན་འཁོར་ཞིང་ཨེ་འདུག།
སྣང་བའི་ཟོམ་ན་གསལ་ཞིང་ཨེ་འདུག།
ང་ཡི་འབྲོག་མོ་དབྱངས་མཁན་དབང་མོ།།

དྲོད་ཀྱི་རང་ཁྱིམ་འདི་ན་འཛོམས་དེ།།
ལས་སྐལ་སྡོང་པོ་འདི་ན་ཡོད་དེ།།
རི་ཐང་ཀུན་ཏུ་ང་རས་བོས་ཏེ།།
རྒྱང་ཉེ་གང་ནས་གསན་བཞེས་མེད་པར།།
གཅིག་པུར་བཞུད་འདི་ཨ་ཁ་ཅི་ཨང་།།

སྣང་བའི་མེ་ལོང་ངག་ལ་འཁྱིལ་བའི།།
ཚེ་ཡི་དབྱངས་རྟ་རི་ནས་འགུག་པའི།།
༼དམངས་གླུ་ཡི་མུག་དྲུག་འགྱུར༽ལེན་པའི།།
ཁྱོད་རང་བརྗེད་པ་ཅི་བས་དཀའ་འོ།།

འཆི་གསོན་ཟེར་ཡ་དར་གྱི་ཡོལ་བ།།
ཡོལ་བའི་ཕར་ནང་དེ་ན་ཅི་ཞིག།
དགའ་སྡུག་སྤྲིན་ཕུང་གཡོ་བའི་འདབ་མ།།
རླུང་བུའི་ངག་ན་འཁོར་ཞིང་ཨེ་ཡོད།།
ཚེ་རབས་དགེ་སྨོན་གསེར་གྱི་ཡི་གེ།
བསགས་སྦྱང་ལས་ལ་ང་རང་འཇུག་ན།།
གེ་སར་བྱེ་བའི་མཛེས་སྡུག་དབུས་སུ།།
རྒྱང་མཇལ་བྱོན་པར་འཚལ་ལོ་དབང་མོ།།
                          2015/5/3/

             སྟོང་བའི་སྨུག་པ།

སྨུག་པ་མང་པོས་ང་རང་བྲིས།།
དེ་བྱད་གཟུགས་ཅི་ཡང་བསྙད།།
ངས་ནི་འདམ་གྱི་སྤྱིལ་བུའི་ནང་།།
འཁོར་བའི་འོད་ཀྱི་མིག་དག་བཙལ།།
ཕར་སྣང་དེ་ནས་ཅི་ཞིག་གིས།།
ང་ལ་སྟོང་བའི་དབང་པོ་སྤྲད།།
སྒེ་ཡོལ་རླུང་གིས་རལ་བའི་ཚུལ།།
སྐབས་རེེར་སྟོང་བའི་གླུ་དབྱངས་འདྲ།།
སྒྱུ་མའི་ཤན་བུ་གྱོན་པ་ཡི།།
དབྱངས་ཅན་མ་ནི་བཟི་ཉམས་ཀྱིས།།
མིག་གི་རླུང་བུ་ཚབ་ཚུབ་ངང་།།
སྟོང་བའི་སྔས་ལ་གཟིགས་པར་མཐོང་།།
རྩིག་ངོར་ཕོག་པའི་མིག་འོད་དག།
ཡིད་ངོར་བསྒྲུགས་པའི་སྐད་གཅིག་མར།།
སྟོང་བའི་ངང་ལ་སྨུག་པ་ལངས།།
            ༢༠༡༥/༣/༢༠/

psbCA0YDBLX.jpg

             མེ་ལོང་ཕྱིས་པ།

                         ____ཨ་མར་བྲིས་པའི་སྙན་ངག

དྲན་ཤེས་སྲུང་འཛིན་གྱི་ཐིག་ལེ་བརྩེ་བས་བངས་ན།།
སྤྱན་མིག་ཡེར་ཡེར་གྱི་མཐའ་ནས་སྨུག་པ་ལངས་ན།།
ཕྱག་གིས་གཡུག་གཡུག་རེ་མ་གནང་ཨ་མ་དྲིན་ཆེ།།
ལས་མཐའ་དྲན་སྣང་གིས་ཟད་པའི་བུ་དེ་སྐྱོ་འོ།།

མི་ཚེའི་ལམ་སྟེགས་ནས་མཆོད་པའི་ངག་རིག་སྙིམ་གང་།།
དབུས་ཀྱི་གྲྭ་ཤག་ནས་མ་ཤོང་གཙང་པོར་འདྲེས་ཉིན།།
མ་སྐྱེས་ཨ་མ་དེ་ཚེ་རབས་ཡིག་འབྲི་སྔོན་པོ།།
ཞེ་འདང་གསེར་ཡིག་གི་མདངས་ལ་འོད་ཀྱིས་བརྐོས་ཡོད།།

དབུ་ལྕང་སྔོ་དཀར་གྱི་ལན་བུ་བསེར་བུས་བལྡབས་ཤིང་།།
ཚེ་མཇུག་དགེ་སྨོན་གྱི་རྒྱང་སོ་རི་ནས་བཙུགས་ཏེ།
དྲན་པའི་བྱེའུ་ཆུང་གིས་རི་ཟོམ་བརྟོལ་ནས་འཕུར་ན།།
ནང་སེམས་སྐྱོ་དབྱངས་ལ་མ་བྲེལ་ཨ་མ་ཞལ་དྲོ།།

དམ་ཚིག་རས་གཟན་གྱིིས་འཁོར་བའི་སྒྲིབ་ཤིང་མ་ཁོགས།།
སྣང་བའི་ཕ་རོལ་ནས་དིང་གླིང་དཀྲོལ་བར་རྔམ་ཚེ།།
རྨི་ལམ་དཀར་ངོགས་ནས་ཁྱོད་ཀྱིས་ལན་གཅིག་བོས་པ།།
གཟུགས་འདས་མཁའ་དབྱིངས་ན་སྐར་ཆེན་བཞིན་དུ་འཚེར་ཡོད།།

ལས་སྨད་སྐྱོ་ཤས་ཀྱི་གླིང་བུ་ཐེངས་རེར་བུས་ཤིང་།།
གཟུང་འཛིན་དར་ཐག་གིས་མེ་ལོང་ལན་རེར་ཕྱིས་ཏེ།།
ཚེ་ཡི་རྒས་གཉེར་གྱིས་གཅུད་པའི་ཨ་མ་ལོ་བརྒྱ།།
དྲན་པའི་དབུ་ཁྱུད་ཀྱི་ཐོག་མ་ཁྱོད་རང་བྲིས་ཡོད།།
                        2014/3/8/

              འབྲོག་མོ་ཞིག་ལ་ལབ་པ།

སྤྲིན་ཐོག་ཁང་སོ་མཛེས་པ་ཅི་རེད།།
འཇའ་ཚོན་རླུང་བུ་གཡུག་པ་ཅི་རེད།།
ང་ཡི་མཐོང་སྣང་ཁྱོད་ནི་དབྱར་གྱི།།
འདབ་མ་བཞད་པའི་ལྗང་བུ་ཡིན་བཞག།
རི་ཁུད་འགྲོ་འདུག་བདེ་བོ་རང་མིན།།
རྨི་ལམ་ཁྲུས་རྫིང་གསལ་ཡང་མི་གསལ།།
ཕར་ནང་མི་མཐོང་ང་ཡི་མིག་ལ།།
འཇའ་ཚོན་བཞིན་དུ་སྡེབ་པ་ཁྱོད་ཡིན།།

ལམ་སྡོང་རྩེ་རུ་བྱི་འུ་བབས་ཤིང་།།
འཚུབ་མ་འཁོར་བའི་དཔྱིད་ཀར་ཉན་སྐབས།།
ཕྱིར་མིག་ཁ་བས་ཡང་ཡང་བརླན་པའི།།
ལམ་མདོ་དེ་ན་གྱེར་རེར་ལྟ་བའི།།
དྲན་ཤིང་ཡིན་ནོ་ཁྱོད་ཀྱི་འགྲམ་ཆང་།།
ལས་སྐལ་ཕར་ན་དཀོན་པའི་ནགས་དེ།།
ལག་པས་འཇུ་ས་མ་རྙེད་རླུང་དེ།།
འུ་གཉིས་མདུན་གྱི་ལམ་ཕྲན་འདྲའོ།།
ལམ་ཕྲན་དེ་ན་མཚར་གྱིས་བལྟས་ཡོད།།

དཔྱིད་ཀར་ནགས་སུ་ཁུ་བྱུག་བབས་དུས།།
གསུང་དབྱངས་སྙན་པས་ང་རང་སྨྲེང་ཡོད།།
སྨྲེང་བའི་བསེར་མ་རི་ནས་བསྐུར་བས།།
ཚེ་འདི་སྐྱིད་སྐྱིད་འདྲ་བ་ཚོར་བྱུང་།།
ཁྱོད་ཀྱིས་ནགས་ཁྲིད་མེ་ཏོག་བསྒུམ་ཚེ།།
སེར་ཆེན་སྐལ་ཏུ་འཇོག་རོགས་ཞུས་ཡོད།།
དཔྱིད་ཀྱི་ལྗང་བུས་རི་ལུང་གབ་ཚེ།།
ཁྱོད་ཀྱི་རྒྱང་གླུ་རླུང་བུས་བསྐྱར་ཡོང་།།
གསན་བསམ་ཁྲོད་ནས་ངེད་རང་བདེ་ཡོད།།
           2015/5/12/

psuCAE6YTM0.jpg

               སྤྲུལ་བའི་གཟིག

ཁྱོད་ཀྱི་སྟོང་བའི་མིག་ལྡེབས་ལས།།
ཆུ་བུར་ལན་བརྒྱར་ཚུར་དྲངས་ཏེ།།
ང་ཡི་མིག་དང་སྐྲ་གསེབ་དང་།།
སྒྱུ་མའི་ལུས་དང་ཡིད་བརླན་ཞིང་།།
འདོད་པའི་ཤ་འོད་མེར་མེར་བའི།།
སྤྲུལ་བའི་གཟིག་ལ་ལྟ་བཞིན་དུ།།
སྲེད་པའི་ཆུ་བུར་མིག་ནང་ལ།།
འདོད་པའི་ཁམས་ཀྱི་བྱིན་ཆགས་པ།།
ཁྱོད་ཀྱི་སྐྱེ་མཆེད་སླར་ཡང་སྒོམ།།

               རྨི་ལམ་ནང་ལྷུང་བ།

མི་ཞིག་རང་གི་རྨི་ལམ་ནང་།།
ཡུན་རིང་ལྷུང་སྟེ་ངལ་བ་དང་།།
དེ་ཡི་རྒྱ་སེ་དཀར་པོ་ཡང་།།
སྐར་མའི་འགྲོས་ལྟར་སྨིན་པར་བྲེལ།།
རག་གི་ལག་གཉེས་དེར་ཕྱོགས་ཏེ།།
ཅི་ཞིག་པང་གིས་ལེན་པར་བརྩོན།།
ད་ནི་སྐྱོ་སུན་གླིང་བུ་ཡི།།
གདངས་སུ་འདྲེས་ཏེ་ལོབས་པར་གྱུར།།

             ཡིད་འོང་།

མིག་ཁའི་ཆུ་ཡི་ཟིལ་བ་ཡིས།།
ཡིད་འོང་གང་ཞིག་བརླན་པར་བྱས།།
ཡིད་འོང་དེ་ནི་སྤྲོས་པ་ལས།།
ཡིད་དུ་འོང་བའི་རྨི་ལམ་དང་།།
དབང་བོའི་ལྗོངས་དག་ཡིད་འོང་གྱུར།།
མཚན་མའི་རྡུལ་དང་རྔུལ་བའི་རླན།།
ལུས་ཀྱིས་གང་ཁྱབ་ཡིད་འོང་པས།།
དགོང་ཁའི་ཁྱོད་ཀྱི་གྲིབ་བརྙན་ཡང་།།
ཡིད་དུ་འོང་པས་ཡིད་འོང་ངོ་།།
        2015/10/2/

 

(མཆོད་མེའི་པར་དབང་གཞན་གྱིས་དགོལ་མི་རུང)
 

རྩོམ་ཁུངས། ངེད་དྲ་བ།

གཟིམས་པ་མེད་པའི་མཆོད་མེ། དབྱངས་གསལ་སོ་བཞིའི་མཛེས་སྡུག  RSSསྔོན་མངག

རྫ་སྐྱེས་ཕུར་བའི་སྙན་ངག་བདམས་བཀོད།

2015-11-12 རྫ་སྐྱེས་ཕུར་བ། ཀློག་གྲངས། མཆན ཡོད།


 
psuCAC9CRL0.jpg
  རྫ་སྐྱེས་ཕུར་བ། མིང་གཞན་མེ་རི་དང་། ཐང་ནག་སོགས་བཀོལ་མྱོང་། ལོ་རབས་བརྒྱད་བཅུ་པའི་ནང་རྫ་ཆུ་ཁར་སྐྱེས། 《རྫ་ཆུའི་རླབས་སྒྲ》དུས་དེབ་ཀྱི་རྩོམ་སྒྲིག་པ་བྱས་མྱོང་། བར་ལམ་རེབ་གོང་རོང་བོ་དགོན་ཆེན་དང་། ལྷ་སའི་སེ་ར་དགོན་པ། བྱེས་ཀྱི་སེ་ར་དགོན་བཅས་ནས་རིམ་བཞིན་སློབ་གཉེར་བྱས། ཞོར་ཏུ་《གངས་རྒྱན་མེ་ཏོག》དང་། 《སྦྲང་ཆར》  《ཟླ་ཟེར》སོགས་གཞུང་སྒེར་དུས་དེབ་མང་པོར་སྙན་ངག་བྲིས། ༢༠༡༤ལོར་སྙན་ངག་གི་དེབ་ཐོག་མ《ཟིལ་བ》ཞེས་པ་ཀན་སུའུ་མི་རིགས་དཔེ་སྐྲུན་ཁང་ནས་དཔར་བསྐྲུན་བྱས། ད་སྐབས་སྔར་ལྟར་སྙན་ངག་འབྲི་བའི་ལས་སུ་འབད་ཀྱིན་ཡོད།

              ཁམ་སྡོང་སྟེང་གི་ཉི་འོད།

                          —ཨ་མ་ལགས་ལ་དྲན་རྟེན་དུ་བྱས་པ།

སྐྲ་ཡི་ཉག་མ་ཙམ་ཞིག་གི།
བུ་ལ་དྲན་པའི་རྟེན་བསྐུར་བའི།།
ཙོང་ཁ་སྲས་ཀྱི་མ་ལགས་ནི།།
སྐྱིད་ཡུམ་དཔེ་མེད་ལོས་ཡིན་ཏེ།།
རང་ལུས་བསྐྱེད་པའི་དྲིན་ཆེན་མ།།
སུ་ཡི་བགྲན་དུ་མི་མངའ་བ་འི།།
ང་ལ་མཚོན་ལ་སངས་རྒྱས་དང་།།
བྱམས་བརྩེ་སྟོན་པའི་སློབ་དཔོན་ཉིད།།
དངོས་གཟུགས་ཁྲོད་དུ་བཙལ་བ་ན།།
ཁམ་སྡོང་རྩེ་ཡི་ཉི་འོད་ཀྱིས།།
ཁྱོད་ཀྱི་དཔེ་དབྱིབས་མིག་ལ་བསྩལ།།
འདི་ཀོ་སྲིད་ཁམས་གང་དུ་ན།།
རྙེད་མེད་དཔེ་རུ་མཐོང་སོང་ལགས།།
ནམ་མཁས་གང་ཁྱབ་མར་གྱུར་ཞེས།།
སེམས་བསྐྱེད་དེ་འདྲ་བདག་ལ་མེད།།
བས་མཐའི་དབྱིངས་ནས་ངང་སེར་ཁྱུ།།
ལྡང་ཞིང་རྒྱུ་བའི་ཟོལ་མཐོང་ཚེ།།
ངས་ནི་བས་མཐའི་རི་ཁུད་ན།།
སྨྲེང་བའི་རྒྱང་གླུ་བསྐུར་ཞིང་མཆིས།།
                 2015/5/10/

               སྐར་མ་ཁྲི་སྟོང་ལྡང་བ།

ཁྱོད་ཀྱི་ཁྲ་ཆུང་མིག་མཐའ་ནས།།
སྐར་མ་ཁྲི་སྟོང་ལྡང་བ་དེ།།
ཡིད་འགྱུ་སྐད་ཅིག་ཙམ་ཞིག་གིས།།
འཁྲུལ་བའི་གདོང་ལ་རེག་པའི་འོད།།
རྒྱུ་སྐར་དག་ནི་ཉམ་ང་བའི།།
དུས་མཐའི་དབྱིངས་ཀྱི་རླུང་བུར་གྱུར།།
ང་ཡིས་ཡིད་ཙམ་བསེར་བུའི་དཔུང་།།
གློག་དམར་འཁྱུག་པའི་མདངས་ལ་བྲིས།།
དེ་ཡང་ཆལ་ཆིལ་གཡོ་བ་ན།།
འདི་སྣང་སྤྲིན་ཕུང་དལ་འགྲོ་མ།།
ལག་པའི་མཐིལ་ན་རྒས་པ་མཐོང་།།
                  2015/8/28/

psbCAENDN0T.jpg

              འདས་མོ་རིག་གསལ་དབང་མོ་དྲན་པ།

རྩྭ་ཟིལ་སྟེང་གི་ནེམ་ཐིག་ཡོམ་པའི།།
གླུ་ངག་ཁྱེར་ནས་གང་ལ་བུད་སོང་།།
དམངས་གླུ་བསེར་མ་ལྡེམ་པའི་འགྲོས་དེ།།
ཞེ་མདངས་དཀར་པོས་ཅི་ཙམ་བངས་ཡོད།།
དབྱངས་ཀྱི་སྐར་མ་བྱེ་བ་སྟོང་ཕྲག།
མཚན་ནུབ་བསིལ་ཆར་འོག་གི་ཟླ་བ།།
དྲན་པའི་དགུ་ཚིགས་གཡོར་བའི་ཉི་མ།།
ཁྱོད་ཀྱི་ངག་ན་ལྡང་བའི་སྤྲིན་དཀར།།

རི་སྐེད་སྨུག་ལ་འདྲེས་ཏེ་ཡོང་བའི།།
ནུབ་ཁའི་རླུང་བུ་ཞོན་ཏེ་སོང་བའི།།
རི་མཚམས་གང་ནས་ཕྱིར་མིག་ལྟ་བའི།།
དབང་མོ་ཁྱོད་རང་བཞུད་ཚུལ་འདི་ཨང་།།
སྐྱེ་འཆིའི་ཁ་མཐའ་མིག་གིས་མི་ཟིན།།
ཤར་རླུང་ལྡང་བའི་ཚུལ་དེ་འདྲ་འོ།།

མུན་པའི་ཕྱར་བ་གྱོན་ནས་གར་ཡོད།།
སྙིང་གི་དྲིད་ཐིག་མཉེས་ས་གར་ཡོད།།
ད་ཆ་བརྩེ་བའི་བར་སྣང་ཅི་ཡོད།།
སྡུག་གི་ལག་ཆུང་བཟེད་ས་སུ་ཡོད།།
ཚེ་སྲོག་བདེན་པའི་ཁྱོད་རང་གར་ཡོད།།
དབྱངས་ཀྱི་ཨ་ཅག་ཁྱེད་རང་གར་ཡོད།།

རུས་པ་དཀར་པོ་འཐོར་བའི་ས་དེ།།
རྒྱ་ལྕང་ལན་བུ་འཁུར་བའི་རླུང་དེ།།
དུང་སོ་སུམ་ཅུ་བྲབ་པའི་སྤང་དེ།།
ད་ཆ་གར་ཡོད་འདྲི་སྙིང་འདོད་དོ།།
སྙིང་ནས་དབང་མོ་འདྲི་སྙིང་འདོད་དོ།།

སྤྲིན་ཐོག་ལ་མོ་བརྒྱབ་སྟེ་འོང་ན།།
འཇའ་ཚོན་ལྭ་བ་སྐེམ་གྱིན་བསྒུག་ན།།
ལུག་ཁྱུ་དཀར་བོང་འཚོ་བའི་གཞིས་ཀ།
འུར་ཆུང་ཁྲ་མོ་བསྐོར་བའི་ན་སྤང་།།
སྤྱན་ལམ་གང་ན་འཁོར་ཞིང་ཨེ་འདུག།
སྣང་བའི་ཟོམ་ན་གསལ་ཞིང་ཨེ་འདུག།
ང་ཡི་འབྲོག་མོ་དབྱངས་མཁན་དབང་མོ།།

དྲོད་ཀྱི་རང་ཁྱིམ་འདི་ན་འཛོམས་དེ།།
ལས་སྐལ་སྡོང་པོ་འདི་ན་ཡོད་དེ།།
རི་ཐང་ཀུན་ཏུ་ང་རས་བོས་ཏེ།།
རྒྱང་ཉེ་གང་ནས་གསན་བཞེས་མེད་པར།།
གཅིག་པུར་བཞུད་འདི་ཨ་ཁ་ཅི་ཨང་།།

སྣང་བའི་མེ་ལོང་ངག་ལ་འཁྱིལ་བའི།།
ཚེ་ཡི་དབྱངས་རྟ་རི་ནས་འགུག་པའི།།
༼དམངས་གླུ་ཡི་མུག་དྲུག་འགྱུར༽ལེན་པའི།།
ཁྱོད་རང་བརྗེད་པ་ཅི་བས་དཀའ་འོ།།

འཆི་གསོན་ཟེར་ཡ་དར་གྱི་ཡོལ་བ།།
ཡོལ་བའི་ཕར་ནང་དེ་ན་ཅི་ཞིག།
དགའ་སྡུག་སྤྲིན་ཕུང་གཡོ་བའི་འདབ་མ།།
རླུང་བུའི་ངག་ན་འཁོར་ཞིང་ཨེ་ཡོད།།
ཚེ་རབས་དགེ་སྨོན་གསེར་གྱི་ཡི་གེ།
བསགས་སྦྱང་ལས་ལ་ང་རང་འཇུག་ན།།
གེ་སར་བྱེ་བའི་མཛེས་སྡུག་དབུས་སུ།།
རྒྱང་མཇལ་བྱོན་པར་འཚལ་ལོ་དབང་མོ།།
                          2015/5/3/

             སྟོང་བའི་སྨུག་པ།

སྨུག་པ་མང་པོས་ང་རང་བྲིས།།
དེ་བྱད་གཟུགས་ཅི་ཡང་བསྙད།།
ངས་ནི་འདམ་གྱི་སྤྱིལ་བུའི་ནང་།།
འཁོར་བའི་འོད་ཀྱི་མིག་དག་བཙལ།།
ཕར་སྣང་དེ་ནས་ཅི་ཞིག་གིས།།
ང་ལ་སྟོང་བའི་དབང་པོ་སྤྲད།།
སྒེ་ཡོལ་རླུང་གིས་རལ་བའི་ཚུལ།།
སྐབས་རེེར་སྟོང་བའི་གླུ་དབྱངས་འདྲ།།
སྒྱུ་མའི་ཤན་བུ་གྱོན་པ་ཡི།།
དབྱངས་ཅན་མ་ནི་བཟི་ཉམས་ཀྱིས།།
མིག་གི་རླུང་བུ་ཚབ་ཚུབ་ངང་།།
སྟོང་བའི་སྔས་ལ་གཟིགས་པར་མཐོང་།།
རྩིག་ངོར་ཕོག་པའི་མིག་འོད་དག།
ཡིད་ངོར་བསྒྲུགས་པའི་སྐད་གཅིག་མར།།
སྟོང་བའི་ངང་ལ་སྨུག་པ་ལངས།།
            ༢༠༡༥/༣/༢༠/

psbCA0YDBLX.jpg

             མེ་ལོང་ཕྱིས་པ།

                         ____ཨ་མར་བྲིས་པའི་སྙན་ངག

དྲན་ཤེས་སྲུང་འཛིན་གྱི་ཐིག་ལེ་བརྩེ་བས་བངས་ན།།
སྤྱན་མིག་ཡེར་ཡེར་གྱི་མཐའ་ནས་སྨུག་པ་ལངས་ན།།
ཕྱག་གིས་གཡུག་གཡུག་རེ་མ་གནང་ཨ་མ་དྲིན་ཆེ།།
ལས་མཐའ་དྲན་སྣང་གིས་ཟད་པའི་བུ་དེ་སྐྱོ་འོ།།

མི་ཚེའི་ལམ་སྟེགས་ནས་མཆོད་པའི་ངག་རིག་སྙིམ་གང་།།
དབུས་ཀྱི་གྲྭ་ཤག་ནས་མ་ཤོང་གཙང་པོར་འདྲེས་ཉིན།།
མ་སྐྱེས་ཨ་མ་དེ་ཚེ་རབས་ཡིག་འབྲི་སྔོན་པོ།།
ཞེ་འདང་གསེར་ཡིག་གི་མདངས་ལ་འོད་ཀྱིས་བརྐོས་ཡོད།།

དབུ་ལྕང་སྔོ་དཀར་གྱི་ལན་བུ་བསེར་བུས་བལྡབས་ཤིང་།།
ཚེ་མཇུག་དགེ་སྨོན་གྱི་རྒྱང་སོ་རི་ནས་བཙུགས་ཏེ།
དྲན་པའི་བྱེའུ་ཆུང་གིས་རི་ཟོམ་བརྟོལ་ནས་འཕུར་ན།།
ནང་སེམས་སྐྱོ་དབྱངས་ལ་མ་བྲེལ་ཨ་མ་ཞལ་དྲོ།།

དམ་ཚིག་རས་གཟན་གྱིིས་འཁོར་བའི་སྒྲིབ་ཤིང་མ་ཁོགས།།
སྣང་བའི་ཕ་རོལ་ནས་དིང་གླིང་དཀྲོལ་བར་རྔམ་ཚེ།།
རྨི་ལམ་དཀར་ངོགས་ནས་ཁྱོད་ཀྱིས་ལན་གཅིག་བོས་པ།།
གཟུགས་འདས་མཁའ་དབྱིངས་ན་སྐར་ཆེན་བཞིན་དུ་འཚེར་ཡོད།།

ལས་སྨད་སྐྱོ་ཤས་ཀྱི་གླིང་བུ་ཐེངས་རེར་བུས་ཤིང་།།
གཟུང་འཛིན་དར་ཐག་གིས་མེ་ལོང་ལན་རེར་ཕྱིས་ཏེ།།
ཚེ་ཡི་རྒས་གཉེར་གྱིས་གཅུད་པའི་ཨ་མ་ལོ་བརྒྱ།།
དྲན་པའི་དབུ་ཁྱུད་ཀྱི་ཐོག་མ་ཁྱོད་རང་བྲིས་ཡོད།།
                        2014/3/8/

              འབྲོག་མོ་ཞིག་ལ་ལབ་པ།

སྤྲིན་ཐོག་ཁང་སོ་མཛེས་པ་ཅི་རེད།།
འཇའ་ཚོན་རླུང་བུ་གཡུག་པ་ཅི་རེད།།
ང་ཡི་མཐོང་སྣང་ཁྱོད་ནི་དབྱར་གྱི།།
འདབ་མ་བཞད་པའི་ལྗང་བུ་ཡིན་བཞག།
རི་ཁུད་འགྲོ་འདུག་བདེ་བོ་རང་མིན།།
རྨི་ལམ་ཁྲུས་རྫིང་གསལ་ཡང་མི་གསལ།།
ཕར་ནང་མི་མཐོང་ང་ཡི་མིག་ལ།།
འཇའ་ཚོན་བཞིན་དུ་སྡེབ་པ་ཁྱོད་ཡིན།།

ལམ་སྡོང་རྩེ་རུ་བྱི་འུ་བབས་ཤིང་།།
འཚུབ་མ་འཁོར་བའི་དཔྱིད་ཀར་ཉན་སྐབས།།
ཕྱིར་མིག་ཁ་བས་ཡང་ཡང་བརླན་པའི།།
ལམ་མདོ་དེ་ན་གྱེར་རེར་ལྟ་བའི།།
དྲན་ཤིང་ཡིན་ནོ་ཁྱོད་ཀྱི་འགྲམ་ཆང་།།
ལས་སྐལ་ཕར་ན་དཀོན་པའི་ནགས་དེ།།
ལག་པས་འཇུ་ས་མ་རྙེད་རླུང་དེ།།
འུ་གཉིས་མདུན་གྱི་ལམ་ཕྲན་འདྲའོ།།
ལམ་ཕྲན་དེ་ན་མཚར་གྱིས་བལྟས་ཡོད།།

དཔྱིད་ཀར་ནགས་སུ་ཁུ་བྱུག་བབས་དུས།།
གསུང་དབྱངས་སྙན་པས་ང་རང་སྨྲེང་ཡོད།།
སྨྲེང་བའི་བསེར་མ་རི་ནས་བསྐུར་བས།།
ཚེ་འདི་སྐྱིད་སྐྱིད་འདྲ་བ་ཚོར་བྱུང་།།
ཁྱོད་ཀྱིས་ནགས་ཁྲིད་མེ་ཏོག་བསྒུམ་ཚེ།།
སེར་ཆེན་སྐལ་ཏུ་འཇོག་རོགས་ཞུས་ཡོད།།
དཔྱིད་ཀྱི་ལྗང་བུས་རི་ལུང་གབ་ཚེ།།
ཁྱོད་ཀྱི་རྒྱང་གླུ་རླུང་བུས་བསྐྱར་ཡོང་།།
གསན་བསམ་ཁྲོད་ནས་ངེད་རང་བདེ་ཡོད།།
           2015/5/12/

psuCAE6YTM0.jpg

               སྤྲུལ་བའི་གཟིག

ཁྱོད་ཀྱི་སྟོང་བའི་མིག་ལྡེབས་ལས།།
ཆུ་བུར་ལན་བརྒྱར་ཚུར་དྲངས་ཏེ།།
ང་ཡི་མིག་དང་སྐྲ་གསེབ་དང་།།
སྒྱུ་མའི་ལུས་དང་ཡིད་བརླན་ཞིང་།།
འདོད་པའི་ཤ་འོད་མེར་མེར་བའི།།
སྤྲུལ་བའི་གཟིག་ལ་ལྟ་བཞིན་དུ།།
སྲེད་པའི་ཆུ་བུར་མིག་ནང་ལ།།
འདོད་པའི་ཁམས་ཀྱི་བྱིན་ཆགས་པ།།
ཁྱོད་ཀྱི་སྐྱེ་མཆེད་སླར་ཡང་སྒོམ།།

               རྨི་ལམ་ནང་ལྷུང་བ།

མི་ཞིག་རང་གི་རྨི་ལམ་ནང་།།
ཡུན་རིང་ལྷུང་སྟེ་ངལ་བ་དང་།།
དེ་ཡི་རྒྱ་སེ་དཀར་པོ་ཡང་།།
སྐར་མའི་འགྲོས་ལྟར་སྨིན་པར་བྲེལ།།
རག་གི་ལག་གཉེས་དེར་ཕྱོགས་ཏེ།།
ཅི་ཞིག་པང་གིས་ལེན་པར་བརྩོན།།
ད་ནི་སྐྱོ་སུན་གླིང་བུ་ཡི།།
གདངས་སུ་འདྲེས་ཏེ་ལོབས་པར་གྱུར།།

             ཡིད་འོང་།

མིག་ཁའི་ཆུ་ཡི་ཟིལ་བ་ཡིས།།
ཡིད་འོང་གང་ཞིག་བརླན་པར་བྱས།།
ཡིད་འོང་དེ་ནི་སྤྲོས་པ་ལས།།
ཡིད་དུ་འོང་བའི་རྨི་ལམ་དང་།།
དབང་བོའི་ལྗོངས་དག་ཡིད་འོང་གྱུར།།
མཚན་མའི་རྡུལ་དང་རྔུལ་བའི་རླན།།
ལུས་ཀྱིས་གང་ཁྱབ་ཡིད་འོང་པས།།
དགོང་ཁའི་ཁྱོད་ཀྱི་གྲིབ་བརྙན་ཡང་།།
ཡིད་དུ་འོང་པས་ཡིད་འོང་ངོ་།།
        2015/10/2/

 

(མཆོད་མེའི་པར་དབང་གཞན་གྱིས་དགོལ་མི་རུང)
 

རྩོམ་ཁུངས། ངེད་དྲ་བ།

དཔྱད་མཆན ཡོངས་སུ་གཟིགས།དཔྱད་མཆན།

མིང་མི་འགོད་པར་སྤེལ།