གཅན་མེ་ཏོག་གི་སྙན་ངག་བདམས་བཀོད།

གཅན་མེ་ཏོག༼ མཚོ་ནུབ ༽ མཆོད་མེ་བོད་ཀྱི་རྩོམ་རིག་དྲ་བ། 2015-11-18

IMG_0819.JPG

  གཅན་མེ་ཏོག དངོས་མིང་ལ་སྐལ་བཟང་འཚོ། ཐོབ་ཐང་དཔང་འཁྱེར་དུ་དགེ་འདུན་འཚོ་ཞེས་བྲིས་འདུག ལོ་རབས་བརྒྱད་ཅུའི་སྟོད་ཀྱི་ཆར་མདོ་སྨད་གཅན་ཚར་སྐྱེས་ཤིང་། རིམ་གྱིས་ས་གནས་སློབ་ཆུང་དང་སློབ་འབྲིང་སོགས་བརྒྱུད་ནས་སྟོང་ལོ་གསར་བའི་དབུ་ཚུགས་པ་དང་སྦྲགས་མཚོ་སྔོན་མི་རིགས་སློབ་ཆེན་ནས་སློབ་མཐར་ཕྱིན་ཅིང་། མཚོ་ནུབ་ཁུལ་མི་དམངས་སྲིད་གཞུང་གི་མི་རིགས་སྐད་ཡིག་བྱ་བའི་གཞུང་ལས་ཁང་དུ་ལས་གནས་སུ་ཞུགས། ལས་ཚོགས་ཀྱི་ཞོར་དུ་སྔ་ཕྱིར་གཙོ་བོ་གཞུང་ཡིག་ལོ་ཙཱའི་སྐོར་གྱི་དཔྱད་རྩོམ་ཉི་ཤུ་ལྷག་བྲིས་ནས་རྒྱལ་ཁབ་རིམ་པ་དང་ཞིང་ཆེན་རིམ་པའི་ལོ་ཙཱའི་ཞིབ་འཇུག་ཚོགས་ཐོག་ནས་བྱ་དགའ་ཡང་ཐེངས་མང་ཐོབ། སྐད་གཉིས་ཀྱི་ལམ་ནས་བྲིས་པའི་སྙན་ངག་མང་པོ་ཞིང་ཆེན་དང་ཁུལ་རིམ་པ་སོགས་ཀྱི་དུས་དེབ་སྟེང་བཀོད་ལ། བོད་ཀྱི་སྙན་ངག་པ་གྲགས་ཅན་དག་གི་སྙན་ངག་རྒྱ་ཡིག་ཏུ་བསྒྱུར་བར་ཀློག་པ་པོ་མང་པོའི་དགའ་བསུ་བླ་མེད་ཐོབ། དེ་མིན ༢༠༡༡ལོར《མཚོ་ནུབ་བོད་ཀྱི་དམངས་ཁྲོད་རྩོམ་རིག་རིན་ཆེན་གཡང་ཊིའི་ཕྲེང་བ》ཞེས་པའི་དེབ་ཅིག་གཙོ་སྒྲིག་མཛད་ལ། ༢༠༡༣ལོར《ཀྲུང་གོའི་ཚྭ་འདམ་བྲག་རིས》ཞེས་པའི་རྩོམ་སྒྲིག་པ་མཛད། མོ་ནི་ལོ་རྒྱུས་ཀྱི་དུས་རབས་གསར་བའི་ཁྲོད་བྱུང་བའི་རྒྱ་བོད་ཡིག་རིགས་གཉིས་ལ་བྱང་ཆ་ཤིན་ཏུ་ཐོན་པ་ཞིག་ཡིན་ལ། གངས་རིའི་སྣོད་བཅུད་ཀྱིས་གསོས་པའི་ཚེ་སྲོག་གི་སླད་དུ་རང་གི་ཟུངས་ཁྲག་ཕུལ་ཏེ་ལམ་དུ་བུད་ཚར་བས། གནས་གང་དུ་བསྡད་ཀྱང་གཞུང་དྲང་གཤིས་བཟང་དང་ཡ་རབས་གུས་སྲོལ་གྱི་བོད་མིའི་གཤིས་ཀ་མི་འདོར་བའི་བོད་རིགས་བུ་མོ་མཛངས་མ་ཞིག་ཀྱང་ཡིན། མདོར་ན་མོའི་སེམས་ཁོང་ན་ནམ་ཡང་འབར་མི་ཚར་བ་ནི་སྙན་ངག་གི་མེ་ལྕེ་ཁོ་ནའོ། །

IMG_0817.JPG

              བརྩེ་དུངས་ཀྱི་ལོ་འདབ།

  འུར་འུར་ལྡང་བའི་སྟོན་རླུང་མངར་མོ། ངས་སུ་ཞིག་གིས་མངགས་གཏོང་མཛད་པའི་གཤིན་རྗེ་མཁན་པོ་ཡིན་ནམ་སྙམ་བྱུང་། སྐད་ཅིག་སྐད་ཅིག་ཙམ་ལ། ངའི་དབྱར་ཁ་ལྟར་འཇམ་པའི་སེམས་པ་ཡོངས་སུ་གཏོར་ཞིང་། རྫིག་ཉམས་དང་གཏུམ་དྲག་གིས་སླེབས་པས། ངའི་སྙིང་ཁོང་ནས་ལོ་མང་རིང་རུམ་མྱོང་བའི་བརྩེ་དུངས་ཀྱི་ལོ་འདབ། སྙིང་རྗེ་ཅི་ཡང་མེད་པར་འཕྲོགས་སོང་།
  འདི་ལྟར། སྟོན་རླུང་གི་ཧོལ་རྒྱུགས། ངའི་སེམས་གཏིང་གི་གྲུ་ག་རེ་རེར་དྲག་ཏུ་རྒྱུ་ལ། གཡོ་ཞིང་འཁྲུགས་པས། ངའི་བརྩེ་དུང་གི་ན་ཟུག་རེ་རེ་ཟེགས་མ་བཞིན་གང་སར་འཕྱོ།
  ངས་ཁྱེད་ཀྱི་རྒྱབ་གཟུགས་ལས་མཐོང་བ་ནི། མཛེས་སྡུག་གི་གཏམ་རྒྱུད་མང་པོའི་ཁ་དོག་ཡིན་ལ། ད་དུང་། འཁྲེང་ཞེན་གྱི་ཕྱི་མིག་རེ་རེ་ལ་བྲལ་གདུང་གི་མཆི་མ་འཁོར་ཞིང་། སྨོན་འདུན་གྱི་རླབས་རིས་འཕྱུར་བ་དེ་ཡིན། བརྩེ་དུངས་ཀྱི་ལོ་འདབ།
  ཁོ་མོའི་ལོ་ཟླ་སྟོང་གི་བརྩེ་དུངས་ཀྱི་རྒས་གཉེར་གྱོན་པའི། བརྩེ་དུངས་ཀྱི་ལོ་འདབ། འདས་སོང་གི་ཉིན་ཞག་ཁྲོད་ང་ཁྱེད་ལ་དུངས་དྲག་པས། ངས་ཡོད་ཚད་ཁྱེད་ལ་སྐྱེས་འབུལ་བྱས་མྱོང་ཡང་། ལས་དབང་གི་རླུང་ཡན་རྩུབ་དྲག་པས། ཁྱེད་རང་རི་བོ་ཁྲི་ཕྲག་གི་ཕར་ངོགས་སུ་བདས་ཡོད། ཡིན་ཡང་། ཁྱེད་ཀྱི་སྙན་ངག་ལྟ་བུའི་སྨྲ་བརྗོད་དེ་དག ད་དུང་། ད་དུང་ཡང་ཁོ་མོའི་ཡིད་དབང་གསོ་བའི་བདུད་རྩིར་གྱུར་ཡོད། ཡོད་ཚད་ཚ་མྱུར་ཞིང་དབལ་རྣོ་བས། ཁྱེད་ལ་མཐའ་མཇུག་གི་གཡབ་མོ་བགྱི་དགོས་བྱུང་སོང་།
  ཁྱོད་ཀྱིས་སྐྱོ་སྡུག་དང་སེམས་གཞས་ཁུར་ནས། སྟོན་རླུང་གི་སོ་ཁ་ནས་སྐྱོམ་དུས། ངས་མཚན་མོ་དུ་མའི་རྨི་ལམ་དྲན་བཞིན། དགུན་ཁ་ལྟ་བུའི་སེམས་ངལ་འདི་སྒུམ་དགོས། ང་རང་ལྗང་མདོག་གི་ཞིང་ཁམས་སུ་ཁྲིད་མྱོང་བའི། བརྩེ་དུངས་ཀྱི་ལོ་འདབ། འདི་ལྟར། ཁྱེད་ཀྱིས་ན་ཆུང་བུ་མོ་བུ་མོ་ཞིག་གིས་སེམས་འདུན་བཏེགས་ནས་གང་དུ་བཞུད་་་་་་་་

               ས་སྲོད་ལྟ་བུའི་སེམས་པ།

རྨི་ལམ་ཆག་རོ་ཞིག རེ་སྨོན་གསར་བ་ཞིག་གིས
ཨམ་ཕྲག་གི་ལྟེབ་ཁུགས་སུ་བསྐྱིལ་བའི
ཁྱོད་དང་ང་ཡི་ཕྱི་ནང་གི་དྲོད་ཁོལ
འདབ་ལོ་བཞིན སེམས་ཀྱི་ལག་མཐིལ་ནས་ཤག་ཤག་ཏུ་འཐོར་བྱུང

ས་སྲོད་དང་མཚམས་སྤྲིན
མཚན་མོ་རེ་རེར
དམར་པོ་དམར་རྗེན་དུ་ང་ལ་དབང་ནའང
ཟིལ་ཆུ་བཞིན་རྩྭ་རྩེ་ན་འཚེར་བའི་འུ་གཉིས
ཉི་འོད་ཀྱིས་ཁྱུར་མིད་གཏོང་བར་ཧ་ཅང་སྐྲག

ཡིད་ཀྱི་དྲན་ཁ་ན སེམས་ཀྱི་པང་ཁུགས་ན
གོག་འགྲོ་ལྟར་ཉིན་མཚན་མེད་པར་རྒྱུ་བ་ནི
ཁྱོད་ཀྱིས་བཞེངས་པའི་སྣང་བརྙན་ཁོ་ན
ཉི་འོད་སྐྱོ་སོང ཟླ་འོད་མོག་སོང
ཆང་དམ་གྱི་སྐེད་པར་འཐམས་རུང
གདོང་གི་མུན་པ་ཇེ་སྟུག་རེད
སེམས་ཀྱི་མིག་ཆུ་ཇེ་མང་རེད
བྱ་བཞིན་ནམ་འཕང་གཅོད་པའི་ཁྱོད
སྐྱིད་སྡུག་གི་མཁའ་དབུགས་ཁྲོད
སྐལ་བཟང་མེ་ཏོག་རྐང་གཅིག་གི
འཁྲེང་སེམས་ཀྱི་སེམས་འདུན་བཏེགས་ནས་གང་དུ་བཞུད
                     2013.10.13

IMG_0825.JPG

               སྤྱན་གྱི་མེ་ཏོག

སྲིན་པོ་རྫ་རིའི་རྔམ་ཟིལ་ཁྲོད
མེ་ཏོག་གློ་ཁ་ཞིག་མངོན་ཆུང་གིས་བཞད་པ་ནི
སྤྱན་གྱི་མེ་ཏོག སེམས་ཀྱི་མེ་ཏོག
ལས་དབང་དབྱངས་སུ་གྲུབ་པའི་མཛེས་སྡུག
མཛེས་སྡུག་བྱེ་བ་བརྒྱ་ཕྲག་ལས་འོད་དུ་འཚེར་བ་དེ

མུན་པ་ནི་འཇིག་རྟེན་གྱི་གྱོན་གོས་ཡིན་ཡང
ང་ལ་མི་དགོས
སྤྲིན་པ་ནི་ནམ་མཁའི་རྒྱན་ཆ་ཡིན་ཡང
ང་ལ་དེའང་མི་དགོས
མུན་པ་དང་སྤྲིན་པ་མཐའ་དག་རྒྱང་དུ་དོར་ཤུལ་དུ
ང་ལ་དུས་ཚིགས་ཞེས་པ་ཞིག་ཡོད་པས་ཆོག
ཤ་ཁྲག་སྒྱུ་མའི་ལུས་ཀྱི
སྐྱེ་རྒ་ན་འཆི་ལྟ་བུའི
དགའ་སྐྱོ་ཆགས་སྡང་བཞིན་གྱི
དུས་ཚིགས་བཞི་བོ་ཡོད་པས་ཆོག

རང་བྱུང་ཁམས་ཆེན་མོའི་སྨྲ་སྒོ་འགག་པ་བཞིན
མཛེས་སྡུག་ཡོད་ཚད་རྨང་ནས་ཞིག་ནའང
སྤྱན་གྱི་མེ་ཏོག་ལ་ལྷན་པ་མི་དགོས་ལ
འཇའ་ཚོན་ལྟ་བུའི་སྒེག་ཆོས་ཀྱང་ག་ལ་དགོས་ཏེ
ངས་འཚོལ་བཞིན་པ་གཟུགས་མེད་ཀྱི་ཁ་དོག་དམར་པོ་ཞིག

ཆུ་མོར་རྣམ་ཤེས་འཁོར་མི་སྲིད་ན
རྡོ་བར་ཚེ་སྲོག་ཐོགས་མི་སྲིད་ན
འཇམ་མཉེན་དང་སྲ་མཁྲེགས་ཀྱི་ཚོར་བ་དག་ཀྱང
ང་ལ་ཅི་ལ་དགོས
ང་ལ་དགོས་པ་ནི་ཟླ་འོད་ལྟ་བུའི་ཟིལ་ཐིགས་དེ་ཡིན

ས་སྲོད་ཀྱི་དུས་སུ
མི་རྣམས་ཕྱིར་རང་ཡུལ་དུ་ལོག་སྲིད
དེ་དུས
ངས་གཏེར་ལེན་ཁ་རུ
ཧེ་ཙིས་ཨ་ཅེ་དྲན་པ་བཞིན་ཁྱེད་རང་དྲན་གྱིན་ཡོད
སྙིང་ཉེ་བའི་མི་ལགས

ངས་རང་གི་དགོས་མཁོ་ཡོད་ཚད་ལ་ཞིབ་རྩིས་ཤིག་བརྒྱབ་དུས
སྤྱན་གྱི་མེ་ཏོག་དེ་ཡོད་ཚད་ཡིན་པ་འདྲ
                  ༢༠༡༤-༠༨-༡༨ཉིན།

IMG_0826.JPG

               ཐོལ་བྲིས།

འགྲུལ་བཞུད་ཀྱི་རྟ་ཟམ་འདིར

ཁྱོད་ཀྱིས་སྔར་ནས་སྒུག་ཡོད་པ་ངས་ཅི་ལྟར་ཚོར
ན་ཟུག་གི་རྔམ་ཟིལ་གྱིས་ཡང་ཡང་གཡོས་ཀྱང་
རང་ལུས་ཨམ་གཙིགས་ཀྱིས་སྐྱོར་མཐར
མཆི་མས་ཟུངས་ཀྱིས་ནེམ་པའི་མགོ་བོ་འགྱོག་ཐུབ་སོང་

ཁང་མིག་དེའི་གཡོ་སྒྱུ་དང་བསླུ་བྲིད་ཚ་བོས
ངས་སྒལ་ཚིགས་ཇེ་སྙིར་སོང་ཡང་རང་ཉིད་འབོར་མ་བྱུང
གཉིད་ལས་སད་དུས    ང་གཞི་ནས་ལམ་ལ་ཆས་རན
ཁྱོད་ཀྱི་སྒྲོན་མེར་ལྕེབས་འདོད་ཀྱི་འབུ་མེ་ལྕེབས་དེ་
ང་ཡིན་དགོས་པའི་གནས་ལུགས་ཤིག་ཡེ་ནས་མེད
             2014ལོའི་ཟླ་12པའི་ཚེས་7ཉིན་གྱི་ཞོགས་པར།

             ང་ད་དུང་མེ་ཏོག་བཞིན་འཚོ་འདོད།

དགུན་མགོ་མའི་ཙག་རྡུལ་གྱི་རྡོག་སྒྲས
དམ་ཚིག་གི་འདབ་མ་ཡང་ཡང་སྒུལ
སེར་ལོའི་འགྲམ་པ་ས་ལ་སྦྱོར་དུས་འདིར
ནད་རོས་སྐྱོར་བའི་མིག་ཟུང་གིས
བཀྲག་མདངས་ལ་ཆག་གྲུམ་བཟོས་པ་མཐོང

ཙག་རྡུལ་གྱིས་བསྣད་པའི་མངའ་ཐང་ཟབ་སར་རུམ་ནས
ལྕི་དྲགས་པའི་མགོ་བོ་དང་གར་སྨད་དུས
འཁྱག་རླུང་དང་ཙག་རྡུལ་རུས་རྐང་དུ་ཟུག་འོང

ཁ་བ་དྭངས་གཙང་གིས་ལྷུབ་ལྷུབ་བབས་སོང
འཁྱག་རླུང་གིས་རྡོག་མགོ་དཀར་པོར་བསྒྱུར་སོང
རྒྱང་རིང་གི་དབྱར་གཞུང་དེ་དྲན་བཞིན
ང་ཡང་སྔར་བཞིན་དྭངས་གཙང་གིས་བཞད་འདོད

ཆར་རླུང་གིས་ལག་པས་ཡང་ཡང་རེག་མྱོང་ནའང
ཉི་འོད་ཀྱི་ལྕེ་དབང་གིས་ཡང་ཡང་བལྡག་མྱོང་ནའང
ཙག་རྡུལ་གྱི་སེན་མོས་ཡང་ཡང་བསྣད་མྱོང་ནའང
འཁྱག་རླུང་གི་རྡོག་པས་ཡང་ཡང་བརྫུས་མྱོང་ནའང
ང་ད་དུང་མེ་ཏོག་བཞིན་དྭངས་གཙང་གིས་འཚོ་འདོད
                2014.12.08ཉིན་ཟི་ལིང་དུ།     

IMG_0824.JPG

              དགུན་ཟླ།

འཁྱག་རླུང་ཞིག
ཧམ་པས་བརླམས་པའི་འཁྱག་རླུང་ཞིག
གདུག་རྩུབ་ཀྱིས་མཚན་མོའི་རུམ་ཁོང་དུ་འཕྱུར
བདག་གི་ལོ་འདབ་ཡང་ཡང་བསྒུལ་མཐར
ནད་ཁང་གི་མཚན་རིང་འདིའི་གཟེབ་ལ་ལྷུང
ཁ་དོག་དང་བྲོ་བ་སྐེམ་པའི་དུས་ཚིགས་འདིར
མུན་པ་དང་གྲང་འཁྱག་ཡོད་ཚད་ངའི་གཉེན་ཉེ་ཡིན་ནམ

དགུན་ཟླས་མཉེད་ཤུལ་དུ
རྨི་ལམ་ཡོད་ཚད་སྨུག་པས་ལྕི
རྒྱང་རིང་ལ་གས་ཁ་ལྷུང་དུས
ཁོག་སྡུག་གི་ཟབ་ཚད་སུ་ལ་འདེགས

ཆབ་རོམ་གྱི་ཁོང་གསེང་ནས
རྐང་རྗེས་ལ་ཚང་རྩིས་བྱེད་དམ
མདུན་ལྗོངས་ལ་ལག་སྙོབ་བྱེད
ཁུ་སུམ་མེར   དགུན་ཟླའི་ཟབ་ས་ནས
འཁྱག་རླུང་གི་རྔམ་ཟིལ་ལ་ཉན
              2015ལོའི་ཟླ1པོའི་ཚེས1ཉིན་ཟི་ལིང་དུ།  

              ཞེ་འདོད།

ཁྱེད་ཀྱི་རྒྱབ་གཟུགས་འཚོས་ནས་ཡུན་རིང་འགོར
མཚན་ཁའི་རྔམ་ཟིལ་གྱིས་རྣམ་ཤེས་རླབས་སུ་གཡོས

ཐུན་གསུམ་རྨི་ལམ་གྱི་སྣེ་མོར་སྐྱོ་འབྲས་དུད་རྗེས
གནས་ཚང་དེའི་བསླུ་བྲིད་ལས་སད་པ་ཡིན་ནམ
ཁེར་རྐྱང་རླུང་ལ་བརྡར་བའི་དུས་ཚིགས་འདིར
གཞི་ནས་ཁྱེད་ཀྱི་ཤ་དྲོད་དང་ཟབ་ཚད་དྲན

ལོ་ཟླའི་སོར་རྩེས་མཉེད་པའི་རོ་ཀོག་ལ་ཁེན་ནས
གྲང་འཁྱག་འདིའི་སྙིང་རྩེ་ནས་ལམ་ལ་ཆས་ཡོད
དྭངས་གཙང་དང་དཀར་རྐྱང་གི་འབྱོར་ཕྱུག་ཁོ་ནས
ང    ཁྱོད་ཀྱི་རྨི་ལམ་གྱི་མགྲོན་དུ་ལྷགས་ཡོད

དྲོད་འཁྱག་དང་དཀར་ནག་གི་གྲིབ་སོས་སྐྱོར་ཀྱང་རུང
ཁྱེད་ཀྱི་མངའ་ཐང་ལ་མཆུ་སྒྲོས་ཐེངས་ཤིག་གླན་ཐུབ་ན
ལག་ཡོང་དེའི་འོད་ཟེར་ལས་ད་དུང་ཅི་ཞིག་མཁོ་ཨང
             2014ལོའི12ལོའི་ཚེས18ཉིན།

IMG_0818.JPG

                དྲན།

ལུགས་ཟུང་ཉི་ཟླ་མཛད་འཕྲིན་འོད་པོ་ཆེ།།
བྷོ་ཊའི་བསོད་ནམས་ཟོང་གིས་མ་ཁུགས་པར།།
མི་འདོད་ཆུ་ལྷའི་ལྟོ་བར་ཉེར་གཟིམས་པས།།
དྲན་པའི་ཤུགས་རིང་རྨ་འབྲིའི་རླབས་སུ་བརྩེགས།།

ཐུགས་རྗེ་ཟུངས་ཀྱིས་སྣུམ་པའི་ཐུགས་བུམ་ལས།།
ལེགས་འཁྲུངས་ཕན་བདེའི་དྲི་མེད་བདུད་རྩིའི་གཏམ།།
བསྟན་འགྲོའི་དཔྱིད་དུ་འཇོ་བའི་བསྐལ་བཟང་དེ།།
དྲན་ཚེ་གློ་མཆིན་གཏིང་འོག་ངེས་མེད་བརྗེ།།

དྲན་པའི་སྣེ་མོར་མཐའ་དང་གཏིང་ཕོངས་པས།།
གྲང་རླུང་བར་མེད་ལྡང་བའི་གངས་ཡུལ་ན།།
གྲང་འཁྱག་མལ་དུ་གདུང་བའི་སྐྱེ་འགྲོ་ཀུན།།
གཡེལ་མེད་ཐུགས་རྗེས་ནམ་ཡང་བསྐྱང་དུ་གསོལ།།
             2015ལོའི་ཟླ་1པོའི་ཚེས་12ཉིན་ཕ་ཡུལ་གཅན་ཚ་ནས།

              མྱ་ངམ་ཐང་གི་མེ་ཏོག

རྨི་ལམ་དེའི་ཤ་དྲོད་གླན་ནས
ཁྱེད་ཀྱི་གོམ་སྒྲར་ལང་ཚོའི་འདབ་མས་སྐྱོར
འབྲོང་རྭས་བསླེས་པའི་སེམས་རྒྱུད་ཀྱི་རོལ་དབྱངས་ཁོ་ན
སྨོན་འདུན་གྱིས་བསྣད་པའི་སྐོམ་གདུང་གི་སློང་མོར་རེ

བྱེ་རླུང་གི་ཁ་རླངས་དང་ཤུ་གླུ་ཁོ་ན
འདབ་དྲུག་འཛུམ་པའི་འཚོ་བཅུད་ཡིན་ཡང
ས་རྒོད་འདིར  ཀ་ཁའི་ཟེའུ་འབྲུ་འཁྱིལ་བའི
དྲི་བསུང་གི་ཟིལ་བ་རླུང་བུར་སྤུར

བྱེ་མས་ནམ་མཁའ་བཅུན་ནའང
རླུང་བུས་ས་གཞི་གཤགས་ནའང
ཁྱེད་ཀྱི་མངའ་ཐང་གི་ཟབ་ས་ནས
ང  ནམ་ཡང་ངང་ཆུང་གིས་འཛུམ་ན་བསམ
བྲང་ཁོག་གི་སྒོ་མོ་ཕྱེས་དང   གཏེར་ལེན་ཁ
             2015ལོའི་6པའི་ཚེས་17ཉིན་གཏེར་ལེན་ཁ་ནས།

IMG_0823.JPG

             དགོང་ཁའི་མཚམས་སྤྲིན།

སུ་ཞིག་འཁྲེང་བའི་ངོ་གདོང་ལ་ཁར་བསྙེས།།

མིག་འོད་ལྷག་མས་འོད་གྲིབ་ཐིག་གིས་བཅད།།
གནམ་ས་འདྲེས་པའི་མཁའ་མཐའི་མཚམས་སྤྲིན་ཁྱུ།།
དགོང་ཁའི་བརྩེ་ཞེན་ཀློང་ན་མེ་རུ་འབར།།

རྩི་ཤིང་མགོ་བོ་དུད་པའི་འབྲོག་ཐང་འདིར།།
སྲོད་ཀྱི་རླུང་བུས་གྲིབ་སོ་འགུག་པར་བྲེལ།།
བརྩེ་བ་མདངས་སུ་བཞུས་པའི་མཚམས་སྤྲིན་ལ།།
ལྟ་བཞིན་སྨྲེང་བའི་ཤུགས་རིང་ནར་མར་བརྩེགས།།

ནུབ་ཁ་མེ་རུ་བསྒྲོན་པའི་དམར་མདངས་ངོགས།།
ནོར་ལུག་འབའ་ངུར་གཉོམ་པོ་ལྷོད་ཀྱིས་བཞུར།།
འགྱུ་བག་རྒོད་པའི་ལིང་ལིང་སྟངས་སྟབས་ཀྱིས།།
སེམས་སོང་དྲན་པའི་ཡིད་མཚོ་རླབས་སུ་སློང་།།

གང་གི་མདངས་ལྟར་དམར་བའི་སེམས་པ་གཉིས།།
ས་འཛིན་ཕྲེང་གིས་བསྐལ་བའི་ལས་སྐལ་དེ།།
བསམ་ཚེ་དགོང་ཁའི་སྣང་ངོ་སྤར་འཛིན་གྱིས།།
སྙིང་གར་ཡུན་རིང་གླན་འདོད་ཧམ་པ་འཕྱུར།།
                2015/9/9ཉིན་གཏེར་ལེན་ཁ་ནས།

(མཆོད་མེའི་པར་དབང་གཞན་གྱིས་དགོལ་མི་རུང)

རྩོམ་ཁུངས། ངེད་དྲ་བ།

གཟིམས་པ་མེད་པའི་མཆོད་མེ། དབྱངས་གསལ་སོ་བཞིའི་མཛེས་སྡུག  RSSསྔོན་མངག

གཅན་མེ་ཏོག་གི་སྙན་ངག་བདམས་བཀོད།

2015-11-18 གཅན་མེ་ཏོག༼ མཚོ་ནུབ ༽ ཀློག་གྲངས། མཆན ཡོད།

དཔྱད་མཆན ཡོངས་སུ་གཟིགས།དཔྱད་མཆན།

མིང་མི་འགོད་པར་སྤེལ།