ངལ་རྫིའི་སྙན་ངག་གསར་བ་བདམས་བཀོད།

IMG_0822.JPG

                           སྟོན་མཇུག་ལ་དགུན་བསུ་བའི་སྟ་གོན།

སྡོང་བོ་རྣམས་གྱེན་ལ་བཞུར་བའི་གཙང་བོ་ལྟར་སྐམ་སོང་
རླངས་འཁོར་གྱིས་རླངས་འཁོར་ཟ་བཞིན
ཕུག་རོན་གྱིས་ཕུག་རོན་ལ་གཉའ་སྒ་བསྟད
སྟོན་གྱིས་སྟོན་གྱི་སོ་མང་བཅག་ནས་བང་སོར་བཏབ

སྒོ་མོ་ཞིག་གི་ནང་ལ་འཛུལ་དུས་ལྡེ་མིག་ལྐོག་གསོད་བཏང་
མི་ངན་དུག་ནག་ཁོལ་ཁོལ་ཐབ་ཁུང་དང་ཤིན་ཏུ་ཉེ
དགུ་ཚིགས་སྐྱ་མོའི་ལན་བུ་ད་ལྟ་གཞི་ནས
ས་ལ་ལྷུང་འདྲ་བ་མོ་ཆགས་འདྲ

མཁའ་དབུགས་འཁྱག་པའི་ནང་རོལ་ན
བུད་མེད་ཀྱི་སྐེ་རྒྱན་ལ་འཆི་ལྟས་ཀྱི་ནག་ནོག་དང་དྲི་མས
གསང་རྒྱར་བཏབ་པའི་བཟི་སྟོབས་ཀྱིས་ཡོངས་སུ་བསྒོས
མི་རིགས་ཤིག་གི་ཆག་འཇིག་དཀར་ཡོལ་ཞིག་ལ་བརྟེན

སྡེ་མཐའི་གྲམ་པར་མུན་པ་དལ་བ་དལ་བུས་འགྲོ
ལྕང་གསེབ་ན་བྱ་བྱིའུ་སྡོམ་པོ་རེ་འགར་མེ་སྟག་མཆེད
སྐ་རགས་བཤིག་པའི་ས་སྲོད་ཀྱིས་ཤ་སྐམ་ལྡད་ཀྱིན་མིད
རྩ་རྩི་ཕོན་པོས་སྤྱི་མཐུན་གྱི་རང་ལུགས་སྒྲོག

མི་ཚོགས་ཀྱི་གོམ་འགྲོས་ནི་རྒྱ་ལམ་གྱི་མནལ་དུ་སྨིན
ཤར་ཕྱོགས་དང་བྱང་ཕྱོགས་ཀྱི་སྣེ་མོར་རབ་ཏུ་བཏགས་པའི་
མེ་ལོང་གི་ངོས་ལ་རྡོ་ཆག་འགའི་མེས་པོ་ཐུར་དུ་འཕྱང
ལོ་རྒྱུས་ཀྱི་གོད་ཁ་ཞིག་ལ་རྒྱུ་འབྲས་ཡང་སྙིང་ཅི་ཡོད

ཕར་འདས་ཚུར་འོང་བྱེད་པའི་གྲིབ་མའི་ཡོ་ལང་དང་
གདོད་ནས་ཕྱིར་མངོན་མེད་པའི་དུས་ཚིགས་ལྷག་མ་ཞིག་གི
བུ་སྣོད་ལ་བཏབ་པའི་སྟོན་གྱི་ས་བོན་དང་གསེར་གྱི་ཞལ་འབག
ལས་ཀྱི་དྲ་བར་སྣོལ་བའི་མི་རྟག་པའི་མདུད་པ་བཤིག་སོང་

                           རྟག་པར།

རྟག་པར
ཁ་བ་ནི་མེ་ཏོག་ཅིག་ཏུ་བསམ་མ་སོང་
དེ་ལ་འདབ་མ་རྒྱས་ཡོད་པ་མཐོང་མ་སོང་
དེ་ལ་ཁ་དོག་དཀར་པོ་ཡོད་པ་ཤེས་མ་སོང་
དེའི་རྩ་བ་ཆུ་ལ་ཟུག་པ་ཧ་གོ་མ་སོང་
དེའི་གཞུང་རྟ་རླུང་གིས་བཏེགས་ཡོད་པ་ཚོར་མ་བྱུང་
དེའི་རྨི་ལམ་ལ་དྭངས་གཙང་འཁྱིལ་བ་རྟོགས་མ་སོང་
དེའི་ཞལ་རས་ལྷོད་ཀྱིས་གླན་ཡོང་བསམ་མ་སོང་
དེའི་དབུགས་རྒྱུ་སྤྲིན་ལས་ཡང་བ་རྟོགས་མ་སོང་
དེའི་སེམས་པ་མཁའ་ལས་ཡངས་པ་ཚོར་མ་སོང་
དེའི་སྐད་ངག་སྙིང་ལ་སིམ་པ་ཤེས་མ་སོང་
དེའི་ཟུར་མིག་མདའ་ལས་རྣོ་བ་མཉམ་བཞག་མ་སོང་

རྟག་པར་
རང་ཉིད་ཁ་བ་ལ་དུང་གི་ཡོད་པར་འདོད
ཁ་བ་ནི་ཁེར་རྐྱང་དུ་སྡོད་པའི་རུས་རྒྱུད་ཅིག་ཡིན་པར་རློམ
དེའི་ཕྱི་རོལ་དུ་ནགས་ཚལ་སྟུག་པོ་ཡོད་ཅིང་
དེའི་ནང་དུ་བསིལ་རླུང་གི་རྒྱུ་བ་འཇམ་པ་མ་ཚོར
དེའི་མིག་གོང་དུ་རྫིང་བུ་ལྟ་བུའི་ལྷིང་འཇགས་བསྐྱིལ་ཡོད
དེའི་ཡང་ནང་ཤེད་དུ་གསེར་ཉ་ཕྲེང་ལ་བསྟར་བའི་སྙན་ངག་སྒྲིག
དེ་རུ་མེད་པ་རྣམས་ཡོད་པར་གྱུར་ཅིང་
དེ་རུ་རྨ་ཁ་དག་མེ་ཏོག་བཞིན་ཉི་འོད་ཁྲོད་འཛུམ་དམུལ
དེ་རུ་བྱ་བྱིའུ་གྲེ་འགྱུར་ལས་མེས་པོ་ཚོའི་སྒྲ་སྙན་གྲག་འོང་
དེ་ནས་བུད་མེད་ཚོས་བུ་ཕྲུག་ཁྲིད་དེ་སྡོད་ཅིང་
དེ་ལ་སྐྱེས་པ་ཚོས་རྒྱལ་རབས་ཤིག་གི་བྱུང་འཕེལ་གླེང་
དེ་རུ་ཡོད་པ་རྣམས་སར་ཟགས་ཤིང་
དེ་རུ་སར་ཟགས་པ་དག་རྩ་བ་རྒྱས་བཞིན་
རྩེ་མོ་གནམ་ལ་བསྟན་ཡོད

རྟག་པར
                    ༢༠༡༦/༦/༡༨ལ་ཨ་རི་ནས།

IMG_0823.JPG

                                   མི་རབས་ཤིག

གང་ལྟར་རྨི་ལམ་ཞིག་གི་དྲ་རྒྱ་ལས་ཐར་བར་མ་གྱུར
མེ་ཏོག་མང་པོ་དུས་ཚིགས་ཀྱི་མེ་ལྕེ་བཞིན་འབར
སྔོན་ཆད་བརྗེད་ཟིན་པའི་གཏམ་རྒྱུད་ཅིག
གྱང་སྣེ་ཞིག་ནས་ཡང་བསྐྱར་མངོན
ཡང་བསྐྱར་མི་ཡུལ་དུ་མངོན

ཡང་བསྐྱར་མི་རབས་ཤིག་རྒྱུན་ཐག་ཅིག་གི་ཕྲེང་བར་སྒྲིག
རྡོ་ཟམ་སྔོན་མོའི་ལོགས་གཉིས་ན་འདས་དང་མ་འོངས་བཞུར
སློང་མོ་བ་ཚོས་རྒྱབ་ཁུག་ཡང་ཡང་སྔོག་བཞིན
རྒྱགས་ཕྱེ་སྤར་བ་གང་ཙམ་གཙང་བོར་བཏབ
གཙང་བོར་དར་ཁ་འགྲིག

མི་རྣམས་གདོང་བ་སྨད་ཅིང་དུས་ཀྱི་དྭ་ཕྲུག་ལྟར་
ལྟར་སྣང་དང་མངོན་སུམ་གྱིས་ཕྱི་ནང་སྲེ་བའི
ཡུལ་ལྗོངས་ཤིག་ལ་རྐང་པའི་འདེགས་འཇོག་སྤོ་ཞིང་
སྙིང་རླུང་སྟོད་ལ་འཚང་བཞིན
རྨི་ལམ་སྒོ་ལ་ཕུད

རང་གི་ངོ་གདོང་གི་མུན་པར་བཞད་པའི་
འདབ་མ་རེ་རེ་ས་ལ་འཐོར་རམ་ཅི
ཐེ་ཚོམ་དང་དངངས་འཚུབ་སྐྱེ་བའི་ཚུལ་ནི
བག་ཆགས་རྙིང་པ་ཞིག་གི་
ལག་མཐིལ་ན་ལུས་འདྲ

རྒྱུ་རྐྱེན་གྱི་ཕྱི་རོལ་ལ་རྣམ་པར་གཡེང་བའི་སྤྲིན་དང་
ན་བུན་སོགས་གང་སར་འཁྲིགས་པའི་ཡུལ་ལུང་དག་གི
རྣམ་ཤེས་ཀྱི་བུང་བར་གོ་ཆ་བགོས་ཤིང་
སྐད་ངག་གི་སྒོ་དར་ལ་བྱིན་བརླབས་མཛད
སྐད་ངག་མ་ལྐུགས་པའི་སྔོན་ལ

ཡང་ཅི་ཞིག་མིན་མདོག་ཁ་པོས
ང་ཚོས་རང་ཉིད་སྙིང་པོར་བྱས་པའི་མིའི་རིགས་དང་
རིགས་རྒྱུད་ཅིག་གི་ཉམས་མྱོང་མཐའ་དག་
ལྕགས་སྣོད་ཅིག་དུ་བསྡུ་ཉར་ཚགས་དམ་བྱས་ཏེ
རྒྱང་ནས་འཕུར་འོང་བའི་བྱ་ཁྱུའི་གཤོག་འགྱུར་ལ་སྒུག

གང་ལྟར་ང་ཚོ་རྨི་ལམ་ཞིག་ལས་ཐར་ས་མེད་པས
གནས་ལུགས་ཐམས་ཅད་ལ་ཡིད་རྟོན་བྱེད་དཀའ་ཞིང་
བརྩེ་དུངས་མཚར་པོ་ལ་དོགས་སྣང་ཚད་མེད་སྐྱེ
བུ་རམ་གྱི་མངར་ཁ་དང་ཉི་མའི་གཉེན་དུ་གྱུར་བའི
བུད་མེད་ཀྱི་ཆགས་པ་ལ་བློ་རབ་རྟོག

                                འདུ་འཛིར་གཡེང་བའི་བུང་བ།

འདུ་འཛིར་གཡེང་བའི་བུང་བ་དང་མེ་ཏོག་གི་འདས་སོང་
ཞལ་རས་ལ་ཁ་དོག་གི་སེམས་ཁྲལ་ཟབ་པས་ངག་སྒོ་ཀུན་བསྡམས
སྟོན་གྱི་ནམ་མཁའི་མཐོངས་སུ་རྨིག་སྒྲ་ཐག་དི་རེ་མཆེད་ཅིང་
མེ་ཡི་སྣ་ཁུང་ལས་ངག་རྒྱུན་གྱི་ཐལ་བར་འབྲུག་སྒྲ་ལྡིར་ལྡིར

ཆོ་ག་སྣ་ཚོགས་ཚོར་མེད་ངང་རྫོགས་ཤིང་ཡལ་ག་སར་ལྷུང་
མནའ་ཚིག་གི་ཚུར་རོལ་ནས་འདོད་པའི་ཡུ་མོར་ཟླ་འོད་ཁུར་དུ་ལྕི
མཆུ་སྒྲོས་དང་མཚན་མ་ལས་ཨ་དང་ཧ་ལྟ་བུའི་མྱུ་གུ་འབུས་ཤིང་
ལག་པའི་སོར་མོ་ལ་བྱ་ནག་གི་དངངས་འཚུབ་འདུ་བར་བྱེད

དུས་རྒྱུན་ཞི་ཁྲོ་དབྱེར་མེད་ཀྱི་ཆུ་ངོགས་སུ་རྦ་རླབས་ཞི་ཞིང་
འཇགས་ལ་ལོ་མ་དཀར་པོ་རེ་འགའ་ཉ་མོའི་སྙན་ངག་གི་
མཆོད་བརྗོད་དུ་གྱུར་ཅིང་འཇིག་ཉེན་གྱི་ཚོར་བས་གསོབ་པའི
ཝུ་བའི་ཕྲེང་བ་བསྟར་ལ་བརྒྱུས་པའི་ཁྲོད   འགྲོ་དྲུག་རྣམ་པར་སྨིན

རི་མགོའི་ཁ་བ་རླུང་གིས་དེད་ཅིང་ཡུལ་ལུང་འོད་ཀྱིས་བདར་ཤུལ
མཚན་མོའི་གདོང་ལ་རེ་ཐག་ཆད་པའི་འཕྱོན་མ་གང་གི་སྐྱོ་ཉམས་མངོན་དེ་ལ
མདང་ནུབ་བོར་བའི་རྨི་ལམ་ཕྱེད་ཀ་བག་ལེབ་སྟེང་ལ་སྔོ་བམ་མངོན་དེ་ལ
འཛུམ་མདངས་ཆང་གི་ཟུར་དུ་ཉེས་ཅན་བཙོན་ལ་ཚུད་ཀྱིན་མངོན་དེ་ལ

སྐབས་དང་སྐབས་སུ་འདབ་ལོ་རྙིད་པ་རྙིད་པའི་གོ་རིམ་ཙམ
ཕྱོགས་དང་ཕྱོགས་སུ་རླུང་གཤོག་འཐོར་བ་རྣ་བའི་རྒྱབ་ཀྱི་ངུ་ཤུམ་ཉིད
                                     ༢༠༡༥ ༡༢ ༢༠ ཟི་ལིང་།

IMG_0825.JPG
                            
                         རྨི་ལྟས་ལས་བྱུང་བ།

རྨི་ལྟས་ཀྱི་ཤུན་ཀོག་ལས་སྐྱེས་པའི་མི་དེ་ས་ཁར་འབུད་དུས།
མུན་ནག་གི་ཐབ་ཀ་ལས་སྐྱ་ཀ་ཁྲ་མོའི་ཁ་དོག་གསལ་མ་བྱུང་།

འཆི་བ་མིན་པའི་མག་མོག་གི་ཐ་སྙད་ཅིག་དཀར་ཡོལ་གྱི་ཁར་གཡེང་།
རྒྱང་རིང་ན་ལུས་པའི་རུས་མིང་གི་གོ་ཆ་ནམ་མཁའི་ཀློང་ལ་འབྱམས།

རྡོ་ཕུང་བརྩིགས་པའི་སེམས་ཀྱི་བང་རིམ་ལ་གྲོག་ཚང་རྡོལ་འདྲའི་མུ་གེ་བྱུང་།
སྒོ་ངའི་ཕྱི་རོལ་དུ་སེམས་ཅན་གྱིས་གླུ་སྐད་ཕྲ་མོ་སླེ་བཞིན་སྡུག་བསྔལ་འོང་།

འཇིམ་པའི་ལྷིང་འཇགས་སྟོན་གྱི་ངོགས་ལ་འབྱར་ཞིང་རྩོལ་བའི་ལག་ཟུང་ཐུར་དུ་ཀློད།
རྩི་ཏོག་གི་སྦུབས་སུ་ནག་ཉེས་བཟོ་བའི་གསང་ཚིག་གི་མལ་སྟན་ལ་མི་ཁ་འཁོར།

ཉིན་མཚན་དཀར་ནག་གི་དཔུང་གཉིས་གཡུལ་སར་ཞུགས་མ་ཐག་རང་སར་གྲོལ།
རྒྱུ་འབྲས་བསླུ་མེད་ངང་བཞུར་བའི་རྡུལ་གྱི་ཆུ་བོ་ས་མཐར་འབབ་ཅིང་ཡིད་རབ་བྱུང་།

                                   སྤྱི་སྡོམ། དེ་དག

ངལ་བ་འབྲས་མེད་ཀྱི་ཆུ་མིག་གི་རླབས་རིས་དེ་དག
ལྗོན་པའི་རྩེ་ནས་ཟགས་པའི་བྱ་ནག་གི་སྡེར་མོ་དེ་དག
མཚན་མོའི་ཡལ་འདབ་ཀྱི་འགྲམ་ཆུར་བཞད་པའི་སྙིམ་པ་དེ་དག
བགྲངས་ལས་འདས་པའི་བ་སྤུའི་སྣེ་མོར་འཁྱིལ་བའི་ཐིག་ལེ་དེ་དག

སྒྱུ་མའི་གར་ལ་རོལ་ཞིང་རལ་བའི་ཀླུང་ལ་ཕོག་པའི་རྨ་ཁ་དེ་དག
མེ་ལོང་གི་འོབས་སུ་སྦས་ཤིང་མཚན་མར་རྟོག་པའི་ཡི་གེ་དེ་དག
ཚོར་ཕུང་ལས་འདས་ལོག་བྱུང་ཞིང་རིང་དུ་གྱེས་པའི་སྨྲ་བ་དེ་དག
ཨག་ཚོམ་དང་ཀུ་ཅོ་ལ་ཞེན་པ་ལྡོག་ཅིང་མིག་གི་རྒྱལ་མོར་སིམ་པ་དེ་དག

གཞན་དབང་གི་གར་སྟབས་ཤིག་ལ་བློ་ཡི་འཁྱོག་བརྗོད་དོར་བ་དེ་དག
ཕྱི་ནང་གི་སྡོམ་ཐག་ལ་འབུ་སྲིན་གྱི་རྨི་ལྟས་ལྷབ་ལྷུབ་གཡོ་བ་དེ་དག
ཟུར་མིག་གི་ར་མདར་ལེ་ལན་འཁོར་བའི་འཆིང་ཞགས་དེ་དག
བརྗེད་ངེས་ཀྱི་དུར་སར་འཁྱམ་པའི་ལོག་རྟོག་གི་ཕ་བོང་དེ་དག

ལུས་ཀྱི་མཐའ་ལ་གཟུགས་ཀྱི་རི་མོ་བཀོད་པ་དེ་དག
ངག་གི་དཀྱིལ་ལ་དབྱངས་ཀྱི་འགྲེ་ལྡོག་རྔམ་པ་དེ་དག
ཡིད་ཀྱི་ཀློང་ལ་མྱོས་པའི་བུམ་པ་དུང་ལྟར་སྙན་པ་དེ་དག
བདག་གིར་ཡོད་དང་མེད་པའི་དུས་ཀྱི་ཆུ་མིག་ཟུར་དུ་བརྡོལ་བ་དེ་དག
                                    ༢༠༡༥-༢༠༡༦
IMG_0824.JPG

                              ཁོ།

                                 ____འབའ་བ་ཕུན་ཚོགས་དབང་རྒྱལ་ལ་བྲིས་པ།

ཁོ་རང་ཉིད་ཀྱི་གྲིབ་མར་གྱུར།
ཁོས་རང་ཉིད་ཀྱི་གྲིབ་མ་ལས་བཙས་པའི་སྒོ་ང་ཞིག་ལ
དབང་བོ་ལྔ་ཡི་ཚོར་བ་སྤྲད་ཅིང་
འབྲི་མར་སེར་པོ་ཞིག་གིས་
འཆི་བདག་ལ་ཆིངས་རྒྱ་བཞག

ཁོ་རང་ཉིད་ཀྱི་བར་དོར་སྐྱེས།
ཁོས་རང་ཉིད་ཀྱི་བར་དོ་ནས་རྣམ་ཤེས་བདག་མེད་ཅིག་ལ
ཁ་དོག་སྣ་ལྔའི་ལང་ཚོ་བསྒྲོན་ཞིང་
ཁ་བའི་མེ་ཏོག་ཅིག་གིས་
ཟླ་ངོགས་ཀྱི་གདུང་བ་སེལ།

ཁོ་རང་ཉིད་ཀྱི་ས་མཐར་ལུས།
ཁོས་རང་ཉིད་ཀྱི་ས་མཐའ་ནས་སྐྱེས་ལྷ་གེར་མཛོ་དེ་ལ
མཛུབ་གུ་ལྔ་བཅངས་ཁུ་ཚུར་བསྡམས་ཤིང་
མདའ་མོའི་མདའ་མགོ་ཞིག་གིས
ལོག་ནོན་ཆེན་མོར་སྐྱས་བཏབ།

ཁོ་རང་ཉིད་ཀྱི་ཕྱག་རྒྱར་གྱུར།
ཁོ་རང་ཉིད་ཀྱི་ཕྱག་རྒྱ་ལས་འདབ་མ་ལྟར་བཞད་ཅིང་
འདོད་ཡོན་སྣ་ལྔའི་འཆིང་བ་གྲོལ་མུས
ངག་གི་སྒོ་མོའི་བར་ནས
རང་ཉིད་ཤུལ་དུ་བཞག་སོང་།

                              རང་གྲོལ། ཐ་སྙད་ཀྱི་ཁེང་ལོག
                         
ལོ་ཏོག
དུས་ཚིགས་ཀྱི་ངལ་དུབ་ཁུར་བའི་གོམ་སྟབས།

མིག་ཀོང་།
མངོན་ལྐོག་གི་ས་མཐར་བཙུགས་པའི་རྒྱང་བཞུད།

མགོ་བོ།
སྐྱ་མདའི་མུན་ནག་ལ་བསྙེས་པའི་དབེན་སིམ།

ཁེར་རྐྱང་།
ཕོ་བྲང་གི་རྩིག་ལྡེབས་ལ་ཡང་ཡང་ཉན་པའི་དབང་བོ།

སྨྱུ་གུ
སེམས་ངལ་གྱིས་མྱོས་པའི་གློ་གྲི་བདག་མེད།

ཕྱིར་དྲན།
མེས་པོའི་རལ་ཀླུང་ན་མྱ་ངན་ཁུར་བའི་ཕྱེ་ལེབ

དངངས་འཚུབ།
རྟོག་གེས་སྦར་བའི་ཁུར་མོང་གི་ཉམ་ཉེས།

རང་དབང་།
རླུང་ནག་གི་དཀྱིལ་འཁོར་ལ་ཟགས་པའི་བདེ་སྡུག

གདམ་ཀ
སྨུག་རྒྱུའི་སྐྱས་འདེབས་ལ་སྡོངས་པའི་ཁེང་ལོག

བདེན་པ།
རང་གི་ཕ་རོལ་ནས་བོར་བའི་རང་རྣམ།

འཆི་བ།
སྙེ་མའི་ནང་ལོགས་སུ་བཞུར་བའི་གསང་བའི་ཐོབ་ཐང་།
                               ༢༠༡༦-༡༡-༢༩

རྩོམ་སྒྲིག་པ། ལྷ་སྐྱིད།

(མཆོད་མེའི་པར་དབང་གཞན་གྱིས་དགོལ་མི་རུང)

རྩོམ་ཁུངས། ངེད་དྲ་བ།

གཟིམས་པ་མེད་པའི་མཆོད་མེ། དབྱངས་གསལ་སོ་བཞིའི་མཛེས་སྡུག  RSSསྔོན་མངག

ངལ་རྫིའི་སྙན་ངག་གསར་བ་བདམས་བཀོད།

2016-12-02 ངལ་རྫི། ཀློག་གྲངས། མཆན ཡོད།

དཔྱད་མཆན ཡོངས་སུ་གཟིགས།དཔྱད་མཆན།

མིང་མི་འགོད་པར་སྤེལ།