སྙན་ངག་པ་དཔའ་རྩེས་བོད་སྐད་དུ་བསྒྱུར་བའི་སྙན་ངག་བདམས་བཀོད།

DSC00573.JPG

དཔའ་རྩེ། བོད་ཀྱི་སྙན་ངག་པ་སྐད་གྲགས་ཅན། ད་ལྟ་ནུབ་བྱང་མི་རིགས་སློབ་གྲྭ་ཆེན་མོའི་བོད་རིག་པའི་སློབ་གླིང་གི་དགེ་རྒན་ཆེན་མོ་ཡིན། བརྩམས་ཆོས་ལ་སྙན་ངག《གནའ་བོའི་ཅོང་རྙིང》དང་《མཐིང་མདོག་གི་སེམས་སྒྲ》 《དུང་དཀར》སོགས་ཡོད་ཅིང་དེ་དག་སློབ་གྲྭ་ཆེ་འབྲིང་གི་བསླབ་དེབ་ཏུ་བདམས་ཡོད།

                           ཟླ་དགུ་བ།

                                      ཧེ་ཙི།

ལྷ་ཚོགས་གཤེགས་ཟིན་པའི་རྩྭ་ཐང་གི་མེ་ཏོག་ཚོམ་བུར་བལྟས་ཚེ
དེ་ནི་རྒྱང་རིང་གི་རླུང་ལས་ཀྱང་ལྷག་ཏུ་རྒྱང་རིང་བའི་སར་གནས
ངའི་པི་ཝང་གིས་ངུ་ཤུམ་བྱེད   ངའི་མིག་ཆུ་ཡོངས་སུ་བསྐམས
ངས་རྒྱང་རིང་གི་རྒྱང་རིང་རྩྭ་ཐང་ལ་ཕྱིར་སྤྲོད་པར་བྱེད
དེ་ནི་ཤིང་གི་སྒྲ་སྙན་དང་རྟ་རྔའི་རྒྱུད་སྐུད་ཡིན

རྒྱང་རིང་ནི་འཆི་བའི་ཁྲོད་ད་གཟོད་རི་སྐྱེས་མེ་ཏོག་ཚོམ་བུ་དང་གོང་བུར་སྒྲིལ
ཟླ་བ་དཀར་པོ་མེ་ལོང་བཞིན རྩྭ་ཐང་གི་མཁའ་དབྱིངས་ན་འཚེར་ཞིང བགྲང་བྱ་སྟོང་གི་ལོ་ཟླ་གསལ་བར་བྱེད

ངས་ཁེར་རྐྱང་དུ་རྟ་ཕོ་བསྐུལ་ཏེ་རྩྭ་ཐང་བརྒལ་འགྲོ

                             ལྷ་ཚོགས།
                            
ཁྲང་ཡོ།

ཡང་བསྐྱར་རྒྱས་པའི་འཛུམ་མདངས་ནི
གོད་ཆག་བྱུང་རྗེས་ཀྱི་དུང་ཟླ་དཀར་པོ་རེད
ངས་ནི་འཛུམ་མདངས་ཀྱི་དུང་ཟླ་དཀར་པོ
ལོ་རབས་དེར་འཚོ་ཞིང་གཞེས་པའི
རྒྱུ་འབྲས་བློ་མིག་མ་ཉམས་པའི་མི་སེར་དག་འབུལ
ཆོ་རིགས་བོར་བའི་ཚོ་ཁག་ལ་འབུལ
དུར་ཁང་མི་བཞེངས་པའི་རིགས་རྒྱུད་ལ་འབུལ

 རྟ་རྒོད་ལ་ཁ་ལོ་འདུལ་མཁན་གྱི་མི་དེ་དག
ཉ་རིགས་དང་འབུ་སྲིན་བཀུར་ཞིང་སྐྱོབ་པའི་མི་དེ་དག
ཨ་རག་མཆོད་པར་དགའ་ཞིང་ཞེན་པའི་མི་དེ་དག
མེ་ཕུང་བསྐོར་ནས་ཞབས་བྲོ་འཁྲབ་པའི་མི་དེ་དག
རྩྭ་ཐང་ཐབས་ཀྱིས་བསྐྱངས་ཏེ་རྫི་གླུ་དབྱངས་སུ་འགུགས་པའི
སྡེར་ཆགས་གཅན་གཟན་བློ་གྲོས་ཀྱིས་འདུལ་ཞིང
འདབ་ཆགས་བྱ་རྒོད་ལ་ཤ་ཁྲག་གི་སྦྱིན་བདག་བྱེད་པའི
རང་བྱུང་ཁམས་ཀྱི་གཅེས་ཕྲུག་ཏུ་གྱུར་པའི་རང་དབང་གི་མི་རྣམས
ངའི་སྨོན་ཡུལ་དུ་གྱུར་པའི་དད་རྟེན་ཡིན

ལྷ་ཚོགས  ལྷ་ཚོགས
ལྷ་ཚོགས་ནི་ཁྱོད་ཅག་ཡིན་ཆོག་ཆོག་འདུག

                                 བྱང་ཆུབ་ཤིང་དྲུང་དུ།

ཀྲུའུ་མོན་ཏེ།(ཐེ་ཝན)

སུ་ཞིག་ནི་སེམས་སུ་མེ་ལོང་ཉར་མཁན་ཡིན
སུ་ཞིག་གིས་རྐང་རྗེན་དུ་མི་ཚེའི་བགྲོད་ལམ་བརྒལ་བར་མོས
མིག་ཟུང་ཡོད་ཚད་མིག་གིས་བསྒྲིབས
སུ་ཞིག་གིས་ཁ་བའི་ཁྲོད་ནས་མེ་ལེན་ཞིང
མེ་རྡུང་ནས་ཁ་བར་བསྐྲུན་ནུས
བྱང་ཆུབ་ཤིང་དྲུང་དུ
ངོ་གདོང་ཕྱེད་ཙམ་མངོན་པའི་མི་གཅིག་ཁོ་ནས
མིག་ཟུང་ནམ་མཁར་ཕྱོགས་ཤིང
མཐོན་པོའི་དབྱིངས་ན་ལྗིད་ཏིག་ཏིག་ཏུ་དཔྱངས་པའི་སྔོ་བསངས་ལ
དངན་པའི་དྲི་ལན་འདེབས

རེད་དེ། གནས་འདིར་བཞུགས་མཁན་སྔར་ནས་ཡོད་མྱོངས
རྩྭ་མདོག་གཡུ་སྔོན་དུ་ཆགས་འདུག
གྲང་ངར་ཆེ་བའི་དགུན་གྱི་དུས་ཚིགས་ཡིན་ནའང
ཏིང་འཛིན་པའི་གོམ་སྒྲ་རྒྱང་རིང་དུ་འདས་ནའང
ཁྱོད་ཀྱིས་སྔར་བཞིན་འཇིག་རྟེན་གྱི་འདུ་འཛི་སྔས་སུ་བྱས་ཏེ
ཟང་ཟིང་གི་རྒྱབ་ངོས་ནས་མྱང་འདས་ལ་ཤབ་བུར་སྨྲ་བའི་སྤྲོ་བ་རུམ

ཁྱོད་རང་དཀྱིལ་དྲུང་བཞུགས་ཏེ་དཔྱིད་ཀ་ཅི་ཙམ་བརྒལ
ཁྱོད་རང་སྒོམ་དུ་ཞུགས་ཏེ་དབྱར་ཁ་ག་ཚོད་འདས
ཁྱོད་རང་ཐོན་དུས
ཁ་བ་ནི་ཁ་བ་རེད   ཁྱོད་ནི་ཁྱོད་རེད
མཚན་མོ་གཅིག་གི་རྗེས་སུ
ཁ་བ་དེ་ཁ་བ་མ་ཡིན་ལ  ཁྱོད་ཀྱང་ཁྱོད་རང་མ་ཡིན
འཁྱག་གྲང་གི་རྔམས་མཐུག་པའི་དོ་ནུབ
ཆེས་ཐོག་མའི་སྐར་མདའ་མག་མོག་ནས་ཡང་བསྐྱར་གསལ་དུས
ཁྱོད་ཀྱིས་གློ་བུར་དུ
ཁ་བ་ནི་སྔར་བཞིན་ཁ་བ་དང་ཁྱོད་ནི་སྔར་བཞིན་ཁྱོད་རང་ཡིན་པ་མཐོང

རྩྭ་མདོག་ཁོ་ན་གཡུ་སྔོན་དུ་ཆགས

                             མཆོད་པའི་སྙན་ངག

                                             ཧེ་ཙི།

སུ་ཞིག་མཛེས་སྡུག་གི་ཞོགས་པའི་ཁྲོད་དུ་གནས
སུ་ཞིག་སྙན་ངག་འདིའི་ཁྲོད་དུ་ཡོད
སུ་ཞིག་མཛེས་སྡུག་གི་མེ་ཡི་ཁྲོད་དུ  འཕུར་སྐྱོད་བྱེད་ཅིང
ང་ལ་གནང་སྦྱིན་ཚད་མེད་ཡོད་པར་བྱེད

སུ་ཞིག་ཐབ་དུད་དྭངས་རྗེས་ཀྱི་གྲོང་སྡེ་རུ་གནས
སུ་ཞིག་གཡའ་དག་པའི་མཐོན་པོའི་མཁའ་དབྱིངས་སུ་ཡོད
ནམ་མཁའི་སྤྲིན་དཀར་ནི
སུ་ཡི་མཛའ་གྲོགས་ཡིན

སུ་ཞིག་གི་ལུས་ཕུང་དོ་ནུབ་ཀྱི་མཚན་མོ་ལྟར་ནག  གཤོག་ཟུང་གངས་ལྟར་དཀར
སེམས་པ་འཕྲེང་བཞིན་འབོད་སྐད་འབྱིན

                             ཕྱིར་ལོག་པ།
                                      
                                       ཀུའུ་ཁྲུན།

གཉིད་མ་འགྲོ  གཉིད་མ་འགྲོ
སྙིང་ཉེ་ལགས  ལམ་ཐག་སྔར་བཞིན་ཧ་ཅང་རིང
ནགས་ཚལ་གྱི་བསླུ་བྲིད་དང་ཉེ་བར་མ་བཅར
ཕུགས་འདུན་ཡལ་བར་མ་དོར

འཁྱག་སིབ་སིབ་ཀྱི་གངས་ཆབ་ཀྱིས
ལག་མཐིལ་དུ་སྡོད་གནས་འབྲི་རོགས
ཡང་ན་མགོ་བོ་ང་ཡི་ཕྲག་སྟེང་དུ་བསྙེས་ཏེ
རབ་རིབ་ཀྱི་ཞོགས་པའི་འོད་སྣང་བརྒལ་རོགས

སྒྲིབ་གཡོགས་བྲལ་བའི་ཆར་རླུང་དྲག་པོ་གཞོགས་སུ་གཡུག་ན
ང་ཚོ་ཕ་ཡུལ་དུ་ཐོན་ངེས
སྔོ་ལྗང་གི་སྤང་ཐང་ལེབ་མོ
གནའ་བོའི་མཆོད་རྟེན་གྱི་ཉེ་འགྲམ་དུ་བཏིང་ཡོད

ངས་ནི་གནས་དེ་རུ
ཁྱོད་ཀྱི་ཐང་ཆད་པའི་རེ་སྨོན་སྲུང་བར་བྱ

མུན་ནག་གི་མཚན་མོ་ཁྱུ་དང་ཁྱུ་བྱས་ཏེ་ཕར་བདས་ནས
ཟངས་ཀྱི་རྔ་ཆེན་དང་ཉི་མ་ཁོ་ན་ཤུལ་དུ་འཇོག

གནའ་བོའི་མཆོད་རྟེན་གྱི་ཕྱོགས་གཞན་ཞིག་ཏུ
མཚོ་མོའི་རླབས་ཕྲེང་གིས་དལ་བ་དལ་བུར
མཚོ་འགྲམ་གྱི་བྱེ་མར་བྱིལ་བྱིལ་གཏོང་ལ
གཡོ་ཞིང་སྐྱོམ་པའི་སྒྲ་དག་འཐུ

                               ང་ལ་ཕྱིར་སྤྲོད་ཤོག

                                          ཡན་ལི།

ང་ལ་ཕྱིར་སྤྲོད་ཤོག

སྒོ་ཟྭ་བཟོས་མེད་པའི་སྒོ་དེ་ང་ལ་ཕྱིར་སྤྲོད་རོགས
ཁང་མིག་མེད་ཀྱང་སྒོ་དེ་ང་ལ་ཕྱིར་སྤྲོད་རོགས
ཞོགས་པར་ང་རང་གཉིད་ལས་སློང་མཁན་གྱི་བྱ་ཕོ་དེ་ང་ལ་ཕྱིར་སྤྲོད་རོགས
ཁྱོད་ཀྱིས་བྱ་ཤ་ཟོས་ཚར་ཡང་རུས་པ་ང་ལ་ཕྱིར་སྤྲོད་རོགས
རི་ངོགས་ཀྱི་རྫི་གླུ་སྙན་མོ་དེ་ང་ལ་ཕྱིར་སྤྲོད་རོགས
ཁྱོད་ཀྱིས་རྫི་གླུ་སྒྲ་ཐག་ཏུ་ཕབ་ཟིན་ཀྱང

གླིང་བུ་དེ་ང་ལ་ཕྱིར་སྤྲོད་རོགས
ང་ལ་ཕྱིར་སྤྲོད་ཤོག

སེམས་ཀྱི་གཅེས་ཡུལ་དེ་ང་ལ་ཕྱིར་སྤྲོད་རོགས

ཁྱོད་ཀྱིས་ཡུལ་དེ་བཙོག་པོར་བསྒྱུར་ཡོད་ཀྱང
སྐྱེ་ཁམས་སྲུང་སྐྱོབ་ཀྱི་དབང་ཐོབ་ང་ལ་ཕྱིར་སྤྲོད་རོགས

ང་དང་ཕུ་ནུ་མིང་སྲིང་གི་ཉེ་འབྲེལ་མཛའ་མཐུན་ང་ལ་ཕྱིར་སྤྲོད་རོགས
ལོ་ཕྱེད་ཙམ་གྱི་དུས་ལས་མི་ལྷག་ཀྱང་ང་ལ་ཕྱིར་སྤྲོད་རོགས
གོ་ལ་ཧྲིལ་བོ་ང་ལ་ཕྱིར་སྤྲོད་རོགས
དེ་ཁྱོད་ཀྱིས་རྒྱལ་ཁབ་སྟོང་ཕྲག་དང
གྲོང་བརྡལ་དུང་ཕྱུར་དུ་བཅད་བགོས་ཚར་ཟིན་ཡོད་ནའང
ང་ལ་ཕྱིར་སྤྲོད་རོགས

                             ས་སྲོས།
 
ཀུ་མེ།
                             
སྣོད་བཅུད་དག་ལ་དུས་འདི་ནས་གྲག་འགུལ་མེད་པར་གྱུར
ས་སྲོས་སུ  ངས་མེལ་ཚེ་བའི་སྐྲག་ཅིང་འདར་བའི་སྙིང་ཁམས་ལ་ལག་པས་རེག
གདུག་རྩུབ་ཆེ་བའི་ལ་ཁའི་ཉི་མས
སྒེའུ་ཁུང་རྙིང་བ་ཞིག་ཏུ  མ་རུངས་པའི་འོད་ཟེར་སྤྲོ

ངས་སྔར་ཡོད་མ་མྱོངས་པའི་དུས་དེ་མཐོང་ཐུབ་པ་འདུག
དེ་ནི་གཏོར་བཤིག་བཏང་རྗེས་ཀྱི་མཚན་མོའི་ཁྱིམ་གཞིས་དག་དང་འདྲ
རྡོ་བ་ཁོ་ན་དཔངས་མཐོར་བརྩིགས
སྐྱེ་དངོས་ཡོངས་ལ་འཚར་ལོངས་མེད

ངས་མིའི་རིགས་གཞན་ཞིག་མཐོང་ཐུབ་པ་འདུག
དེ་ཡིས་ང་ཚོར་མུན་ནག་གི་ལག་ཟུང་མཐོན་པར་གཡུག
སྐྱ་ཤག་ཤག་གི་སྐོགས་ཤུན་ཆེན་པོ་ཞིག་གིས
ཉི་འོད་དང་ས་རྡུལ  ལྗིད་རྫོབ་ཆེ་བའི་བགྲོད་ལམ་ཡོངས་སུ་བཏུམས

ཉམས་དམས་སུ་བཏང་ཟིན་པ་ནི  ནམ་ཡིན་ཡང་དད་མོས་དང་སྒེའུ་ཁུང་རེད
ནུབ་ཁའི་ཉི་མ་ཡིས་ཆེས་ཐོག་མའི་དག་ཞིང་ལ་བཀྱེད་དེ་བགྲོད་ཅིང
ཁུ་སིམ་མེར  སྐྱེ་རྒུའི་ནང་རོལ་ནས
གཟུགས་མེད་ཀྱི་མེ་འོད་སྦར

མིའི་རིགས་ཀྱི་རི་རྩེ་གཞན་ཞིག་ཏུ
གབ་ཚིག་དང་འདྲ་བའི་མཁའ་དབུགས་གཤག་ནུས་མཁན་མེད
ཟླུམ་གཟུགས་ཁྲི་ཁྲག་གིས་མིག་ཟུང་སྔོག་ཅིང་བརྟོལ་ལ
ཐང་སྟོང་དུ  འཆི་བ་དང་འཆི་བའི་འཕྲིན་བཟང་སྐོར་ཅིང་འཐམ

                               མ་འོངས་པར་ཡིད་རྟོན་འོས།

ཧྲི་ཀྲི།

སྡོམ་ཐག་གི་དྲ་བས་སྙིང་རྗེ་མེད་པར་ང་ཡི་ཐབ་ཀ་གཡོགས་དུས
མེ་མདག་གི་དུ་བས་དབུལ་ཕོངས་ལ་སྐྱོ་བའི་སྨྲེ་སྔགས་འདོན་དུས
ངས་སྔར་བཞིན་བློ་ཕམ་གྱི་མེ་འདག་ཐང་དུ་སྙོམས་པོར་བརྡལ་ནས
དེའི་སྟེང་དུ་མཛེས་སྡུག་གི་ཁ་བའི་འདབ་མས  མ་འོངས་པར་རྟོན་འོས་ཅེས་འབྲི་ངེས

ངའི་རྒུན་འབྲུམ་སྨུག་པོ་སྟོན་མཇུག་གི་ཟིལ་ཆུར་གྱུར་དུས
ངའི་མཛེས་པའི་མེ་ཏོག་གཞན་གྱི་བརྩེ་སེམས་ཀྱི་བྲང་ལ་དམ་དུ་འཁྱུད་དུས
ངས་སྔར་བཞིན་མཐའ་གཅིག་ཏུ    བ་མོ་ཆགས་ཡོད་པའི་ཡལ་ག་སྐམ་པོས
སྐྱ་ཐིང་ཐིང་གི་ས་གཞིའི་སྟེང་དུ    མ་འོངས་པར་རྟོན་འོས་ཅེས་འབྲི་ངེས

ང་ཡི་ལག་པས་ནམ་མཁའི་མཐའ་རུ་འཕྱོ་བའི་རྦ་རླབས་དེ་སྟོན་འདོད
ང་ཡི་ལག་པས་ཉི་མ་བསྐྱོར་བའི་རྒྱ་མཚོ་དེ་འདེགས་པར་འདོད
སྐྱ་རེངས་ཀྱི་འོད་སྣང་འཕྲོ་བཞིན་པའི་ཡིད་འོང་མཛེས་སྡུག་གི་སྨྱུ་གུ་དེ་བཀོལ་ནས
ན་ཆུང་བྱིས་པའི་ཡིག་གཟུགས་ཀྱིས   མ་འོངས་པར་རྟོན་འོས་ཅེས་འབྲི་ངེས

ངས་བློ་བརྟན་འགྱུར་མེད་ཀྱིས་མ་འོངས་པར་ཡིད་རྟོན་འོས་ཟེར་དོན་ནི
ང་མ་འོངས་པའི་མི་རྣམས་ཀྱི་མིག་ཟུང་ལ་ཡིད་ཆེས་ཡོད་པས་ཡིན
དེ་ལ་ལོ་རྒྱུས་ཀྱི་ཐལ་རྡུལ་འབྱེད་པའི་རྫི་མ་སྟུག་ལ
ལོ་ཟླའི་གླེགས་བམ་གྱི་གསང་བ་བརྟོལ་བའི་མིག་འབྲས་རྣོ

མི་རྣམས་ཀྱིས་ང་ཚོའི་རུལ་མྱགས་སུ་གྱུར་བའི་སྐྱི་པགས་དང
གོལ་ལམ་དུ་སོང་བའི་བློ་ཕམ   ཕམ་ཁ་འཁུར་བའི་སྡུག་བསྔལ་དག་ལ
ཡིད་འགུལ་ཐེབས་པའི་མིག་ཆུ་གཏོང་ཞིང་སྙིང་ཐག་པས་གདུང་སེམས་བསྐྱེད་པའམ
ཡང་ན་མཐོང་ཆུང་གི་འཛུམ་བག་སྟོན་ཞིང   ཟུར་ཟ་ཚ་བིར་བ་བྱེད་ཀྱང་རུང

ང་ལ་ཡིད་ཆེས་བརྟན་པོ་ཡོད་པ་ནི  མ་འོངས་པར་མི་རྣམས་ཀྱིས་ང་ཚོའི་སྒལ་ཚིགས་ཏེ
ཐེངས་མང་པོའི་འཚོལ་རྟོག་དང་གོལ་འཛོལ  ཕམ་ཁ་དང་རྒྱལ་ཁ་དེ་དག་ལ
སྤྲོ་ཤུགས་དྲག་པོས་དངོས་དོན་དྲང་བདེན་གྱི་སྡོམ་ཚིག་བཀོད་ངེས་པ་དེ་ཡིན
རེད་དེ།  ངས་བྲེལ་འཚབ་ངང་ཁོ་ཚོས་སྡོམ་ཚིག་བཀོད་པར་རེ་ཞིང་སྒུག་ཡོད

གྲོགས་པོ་ལགས   བློ་བརྟན་འགྱུར་མེད་ཀྱིས་མ་འོངས་པར་ཡིད་རྟོན་གྱིས
ཞུམ་པ་མེད་ཅིང་ཡུན་དུ་བརྟན་པའི་བརྩོན་འགྲུས་ལ་ཡིད་རྟོན་གྱིས
འཆི་བདག་ལས་རྒྱལ་བར་བྱེད་པའི་ལང་ཚོ་ལ་ཡིད་རྟོན་གྱིས
ཚེ་སྲོག་ལ་དགའ་ཞེན་དང་མ་འོངས་པར་ཡིད་རྟོན་གྱིས

                              ཙི་ནའི་སྙན་ངག་མཁན་པོ།

                                          Hermann Hesse(སུའེ་ཙེར)

ཟླ་བའི་འོད་ཀྱིས་སྤྲིན་དཀར་ཚོམ་བུའི་བར་གསེང་བརྒྱུད་ཅིང་བརྟོལ་བྱས་ཏེ།།
སྨྱུག་མའི་ལྗོན་པ་རེ་རེའི་རྩེ་ན་འོད་ཀྱི་མདངས་ནི་སྤྲོ་ཞིང་འཚེར།།
རླབས་ཀྱི་འོད་དག་འཁྱུག་འཁྱུག་བྱེད་པའི་དྭངས་གཙང་ཆུ་བོའི་ཆུ་ངོགས་སུ།།
གནའ་བོའི་ཆུ་ཟམ་གྲིབ་གཟུགས་དེ་ནི་གསལ་ལེར་གསལ་ལེར་ལྡོག་སྟེ་བཀྲ།།

མཛེས་པའི་ཁོར་ཡུག་དབེན་ཞིང་གཙང་བས་མི་སེམས་སྤྲོ་བ་བསྐྱེད་པར་བྱེད།།
མཚན་མོའི་ཡུལ་ལྗོངས་ཕ་མཐའ་བྲལ་ཞིང་སྐྱེས་རྒུ་དག་ལ་གསོན་ཤུགས་བརྟས།།
མཛེས་ལྗོངས་དག་ནི་སྒྱུ་འཕྲུལ་དང་འདྲ་སྨྱུ་གུས་སྣང་བརྙན་རྗེན་ནེར་མཚོན།།
དཀར་གསལ་ཟླ་བས་སྐྱེ་བོ་དག་ལ་ངང་སྒུག་མི་བྱེད་མ་གསུངས་ཨང་།།

 ཆང་རག་བསྟེན་པའི་སྙན་ངག་མཁན་པོ་ར་རོའི་ངང་ལ་ལྗོན་འོག་ཏུ།།
སྒྲོན་མེ་ཐོགས་ཤིང་སྨྱུ་གུའི་འདུ་བྱེད་ཤུགས་ཀྱིས་བསྒྱུར་བ་སུ་ཡིས་འགོག།
དེས་ནི་ཡིད་དབང་མྱོས་པར་བྱེད་པའི་མཚན་མོའི་མཛེས་ལྗོངས་ཡངས་པོ་དང་།།
གར་མཁན་བུ་མོའི་སྒེག་ཉམས་དང་ནི་ཟླ་བའི་འོད་ཀྱི་རོ་མངར་འབྲི།།

ནམ་མཁའི་ཟླ་བ་དངུལ་དཀར་དང་མཚུངས་སྤྲིན་དག་ཆུ་བཞིན་རྒྱུ་བ་དེ །།
སྙན་ངག་མཁན་པོའི་མིག་གི་ལམ་དུ་གཡོ་ཞིང་འཕྱོ་བཞིན་མངོན་པ་ན།།
དེ་ཡིས་སྨྱུ་གུའི་རྩལ་ལ་བརྟེན་ཏེ་ཡི་གེའི་ལམ་དུ་གསལ་བར་བྱས།།
ཡུད་ཙམ་གྱིས་ཀྱང་ཡལ་བར་འགྲོ་བའི་རང་བྱུང་སྣོད་ཀྱི་ཡུལ་རྣམས་ལ།།
དུལ་ཞིང་འཇམ་པའི་བརྩེ་བ་དག་དང་ཡིད་ཀྱི་དུངས་པ་ཟབ་མོས་བརྒྱན།།
གཏན་ཏུ་གསོན་པའི་ཚེ་སྲོག་དང་ནི་བསམ་བློའི་རྣམ་ཤེས་སྩོལ་བར་བྱས།།

སྙན་ངག་ཉམས་དང་རི་མོའི་མཛེས་པ་གཅིག་ཏུ་བསྡུས་པའི་བརྩམས་ཆོས་དེ།།
གནའ་བོའི་དུས་ནས་བརྒྱུད་ཅིང་ཁྱབ་ལ་ཇི་སྲིད་བར་དུ་བརྟན་པར་ངེས།།

                               ང་རང་ས་གཞི་འདི་ལ་དགའ་ཞིང་དུངས།

                                        ཨེ་ཆིང་།

གལ་ཏེ་ང་རང་གཤོག་འགྱུར་ངོམ་པའི་འདབ་ཆགས་བྱ་ཞིག་ཡིན་གྱུར་ཚེ།།
མགྲིན་པའི་སྐད་ངག་འཛེར་འཛེར་གྱིས་ནི་གླུ་གཞས་ལྷང་ལྷང་གཏོང་འོས་ཏེ།།
ཆར་རླུང་དྲག་པོས་གཙེས་ཤིང་རྒོལ་བའི་ས་གཞི་འདི་ལ་གླུ་གཞས་གཏོང་།།
སྐྱོ་སྡུག་རླབས་རྒྱུན་གཏན་ཏུ་འཕྱོ་པའི་གཙང་པོ་དག་ལ་གླུ་གཞས་གཏོང་།།
རྒྱུན་ཆད་མེད་པར་གཡོ་ཞིང་ལྡང་བའི་ཁྲོས་པའི་རླུང་ལ་གླུ་གཞས་གཏོང་།།
དྲོད་འཇམ་སྐྱ་རེངས་ལྗོན་པའི་གསེབ་ནས་དལ་གྱིས་ཤར་བར་གླུ་གཞས་གཏོང་།།
ནམ་ཞིག་དབུགས་ཀྱི་རྒྱུ་བ་ཆད་ཅིང་ཚེ་ཡི་འདུ་བྱེད་རྫོགས་ན་ཡང་།།
བདག་ལུས་སྒྲོ་སྤུའི་ཆ་ཤས་དག་ཀྱང་ས་གཞིའི་གཏིང་དུ་རུལ་བར་འོས།།

བདག་གི་མིག་ཏུ་དུས་རྣམས་ཀུན་ཏུ་མཆི་མ་འཁྱིལ་དོན་ཅི་ཞེས་ན།།
དེ་ནི་ང་རང་ས་གཞི་འདི་ལ་དགའ་ཞིང་དུངས་པ་ཟབ་པས་ཡིན།།

                                 ངས་ནི་གླུ་གཞས་འདི་ལྟར་འབྲི།

ཧྲི་ཀྲི

སྙན་ངག་ཐུང་ངུ་འདི་ཉིད་གྲུབ་ཉིད་ནས།།
སེམས་ཀྱི་མནར་གཅོད་མཐའ་དག་རྫོགས་པར་བྱེད།།
ཁ་ངོར་བྱི་དོར་མི་བྱེད་མ་བསམ་དང་།།
ང་ནི་སྔར་ནས་བླ་འཁྱར་ཧོན་ཐོར་ཡིན།།

ཁྱོད་ཀྱི་སེམས་ཁམས་རྟོགས་མཁན་མི་སྲིད་ཅིང་།།
སྙིང་གཏམ་ཞིབ་ཏུ་གསན་མཁན་ཡོད་མིན་ལ།།
གྲོགས་རྣམས་ཕེབས་ཏེ་འདུ་ཞིང་མི་འཛོམས་པས།།
གནས་སྐབས་སྐྱོ་སྡུག་ཆང་ཕོར་གང་གིས་བསལ།།

དྭངས་པའི་མཆོད་ཇ་རང་གིས་རང་ལ་འདྲེན།།
འཚོ་བའི་ཕོངས་པར་སྣང་དག་མི་བྱེད་དེ།།
མཛའ་གཅུགས་བརྩེ་སེམས་འདུས་མཐར་བྲལ་རྗེས་སུ།།
རང་ཉིང་གཅིག་པུས་ཁེར་རྐྱང་བཟོད་པར་བྱ།།

ལོ་ནས་ལོ་ལྟར་དུས་ཀྱི་འཁོར་འགྲོས་མགྱོགས།།
གྲགས་རྙེད་དང་ནི་བཙོག་སྙིགས་དག་ལ་བཀྱེད།།
དབེན་པའི་ཐང་སྟོང་གྲུ་ཟུར་འདི་ལྟ་བུར།།
ང་ཡིས་སེམས་སུ་ཉར་བའི་གླུ་དབྱངས་འབྲི།།

སྡུག་བསྔལ་ཚོར་བས་ཀུན་ལ་ཁྱབ་མོད་ཀྱང་།།
སྙན་ངག་མཁན་ལ་ལྷག་ཏུ་ལྕི་ཞིང་གཙེས།།
ཁེར་རྐྱང་ཚོར་བས་རྩོམ་རྩལ་འགྲན་དུ་འཛིན།།
སེམས་པ་འདར་བཞིན་ང་ཡིས་གླུ་གཞས་འབྲི།།

                              མི་རྟག་བརྡ་རུ་གོ་བ།

                                          སྨིན་གྲོལ་གླིང་བ།

ལོ་ངོ་སྟོང་གི་དར་རྒུད་ཇི་སྙེད་དང་།།
དུས་བཞིའི་འགྱུར་བ་སྐད་ཅིག་སྐད་ཅིག་དེས།།
མི་རྟག་འགྱུར་བའི་ཆོས་ཀྱི་དེ་ཉིད་སྟོན།།

རིགས་དྲུག་ཁམས་སུ་འཁོར་ཞིང་སྐྱེས་སྐྱེས་ནས།།
སླར་ཡང་འཇིག་རྟེན་མི་ཡུལ་འགྲིམ་པའི་ཚེ།།
མཁན་སློབ་ཆོས་གསུམ་ནམ་མཁའི་དབྱིངས་སུ་གཤེགས།།
ཤུལ་དུ་གནས་པ་མཁར་ཆག་གྱང་རོ་ཙམ།།

སྐྱོ་བའི་ཚོར་བ་སེམས་ནས་འཕྱོ་ཞིང་ལྡིང་།།
སྡུག་བསྔལ་སྣ་ཚོགས་ཚོར་བའི་ཁམས་ན་རྒྱུ།།
སེམས་ཀྱི་རྟོགས་པ་ད་དུང་མ་སད་པས།།
འཁོར་བའི་ཀློང་དུ་སྔར་བཞིན་འཁྱམས་དགོས་བྱུང་།།

བསམ་ཡས་གླིང་ནི་སྒྲ་བསྒྱུར་མཁན་པོས་སྟོངས།།
བཙན་པོ་བཞུད་ཅིང་ཕུན་ཚོགས་མཐའ་དག་འདས།།
མི་རྟག་སྒྱུ་མའི་ཆོས་འདི་སུ་ཡིས་བཟློག།
མི་རྟག་སྒྱུ་མའི་ཆོས་འདི་སུ་ཡིས་བཟློག།

 རྩོམ་སྒྲིག་པ། སྐྱ་བོ།

(མཆོད་མེའི་པར་དབང་གཞན་གྱིས་དགོལ་མི་རུང)

རྩོམ་ཁུངས། ངེད་དྲ་བ།

གཟིམས་པ་མེད་པའི་མཆོད་མེ། དབྱངས་གསལ་སོ་བཞིའི་མཛེས་སྡུག  RSSསྔོན་མངག

སྙན་ངག་པ་དཔའ་རྩེས་བོད་སྐད་དུ་བསྒྱུར་བའི་སྙན་ངག་བདམས་བཀོད།

2016-12-13 དཔའ་རྩེ། ཀློག་གྲངས། མཆན ཡོད།

དཔྱད་མཆན ཡོངས་སུ་གཟིགས།དཔྱད་མཆན།

མིང་མི་འགོད་པར་སྤེལ།