ཀྲུང་དབྱང་མི་རིགས་སློབ་ཆེན་གྱི་སློབ་མའི་སྙན་རྩོམ་ལེགས་བཏུས།

1.jpeg

                           ལས་ཀྱི་ཁུར་པོ་དྲན་པ་ཉེར་གཞག

                                                   གྲི། (དངོས་མིང་ལ་ངག་དབང་རྒྱ་མཚོ།  ཕ་ཡུལ་ལྷོ་ཁ)

                           ༡

ལོ་མ་སེར་པོའི་ཆར་པ་དེའང་འབབ་མཚམས་ཆད་སོང་།
ཁྱོད་རང་ནི་བརྙན་ཡོལ་ངོས་ཀྱི་གཟུགས་རིས་དག་དང་མཚུངས་པར།
མི་སྣང་བའི་པར་མིག་དག་གིས་ཟུར་ངོས་མང་པོ་ནས་གསལ་ཏེ།
ངའི་མིག་དང་སེམས་ཀྱི་སྦུབས་སུ་ཞི་འཇམ་གྱིས་འཁོད་པ་དེ་ཡིན།
ཁྱོད་ཀྱིས་ཨེ་ཤེས།
དུས་ཚིགས་དེའི་སྐྱ་རིས་ཀྱི་ཁྲོད་དུ་ང་ལ་མཁོ་བའི་ཁ་དོག་དེ་ཁོ་ན་ཆད་འདུག

ལྦུ་ཆང་གི་ངར་ཁས་བདག་སེམས་ཚལ་པ་སྟོང་དུ་གས།
གས་ཁ་རེ་རེ་ནས་ཁྱོད་རང་ཁོ་ན་ཐོན།
མཚན་ལམ་རིང་མོའི་བདེ་བ་དང་ངལ་དུབ་ཀྱི་ཁྲོད་དུ།
ཁྱོད་ཀྱི་མཆུ་སྒྲོས་ཁོ་ན།
རྟག་དངོས་གཉིས་ཀྱི་སྲུབས་ཀ་ནས་བཞད་པའི་རྒྱ་སེ་རྐང་གཅིག

                          ༢

ཡང་ན་ངུས་ཤིག   ཡང་ན་འགྲོའོ།།
མཚམས་ཚིགས་མེད་པར་མནར་བའི་ལོ་ཟླའི་བག་ཡངས།
ཇི་ལྟར་ལྟེབ་ཀྱང་ཁྲེལ་མེད་ཀྱིས་འབྱམས་པའི་རང་དོན་ཙག་ཙིག
ཁུར་པོ་དྲུད་ཀྱང་འགུལ་རྒྱུ་མེད་དུས།
སྤྲོ་དགའ་དང་བདེ་བ་ཡོད་ཚད་ལ་དོགས་འཕར་ཞིག་ཀྱང་སྐྱེས་དུས།
ཡང་ན་ངུས་ཤིག  ཡང་ན་འགྲོའོ།།

གང་ལྟར་ཀྱང་།
སྟོན་པས་འཇིག་རྟེན་སྡུག་བསྔལ་དུ་གསུངས་རྗེས།
ང་ཡིས་བློ་ཁོག་ཆེན་པོས་བདེ་བ་བཙལ་བ་ཡིན།

                           ༢༠༡༦-༡༢-༡༥

2.jpeg

                            ཚུར་ཚུར་སླེབས་པའི་མེ་ཏོག

                                                 དཔྱི་ས་པད་ཚེ།(དངོས་མིང་ལ་པད་མ་ཚེ་རིང་།  མདོ་སྨད་རྩེ་ཁོག་གི་དཔྱི་ས་འབྲོག་ནས་སྐྱེས)

མེ་ཏོག་པད་མ།
འཕགས་ཡུལ་གྱི་མཚོ་ཁ་རུ་གསོན་པའི་རིག་བྱེད
རི་བོ་གངས་ཅན་གྱི་ཚུ་རོལ་དུ
གདོང་པད་ཅེས་གྲགས་པའི་སྙན་ངག་ཤི་རོ

འདམ་དྲིས་མ་གོས་པ   བདེན་གྲུབ་ཏུ་ངེས
འོན་ཀྱང ཉི་མའི་གཉེན་ཡིན་ཟེར་བ་ཆ་མ་འཚལ
ཇོ་མོ་བླ་རིའི་མགྲིན་པར་དམ་དུ་འཁྱུད
འཁྱུད་ཅིང་གཡོགས་ཏེ་བསྒྲིབས
བསྒྲིབས་སོང་ཡང་བླ་རི་སྔར་བཞིན
ངས་ཀྱང་ཅི་འདི་མེད་པར་བར་སྣང་ལ་ལག་སྙོབ་ཅིག་བྱས
ལྕགས་ཀྱི་གཟེར་བུའི་པད་མ་ནག་པོ་ཞིག
སྨག་རུམ་གྱི་ཀློང་ནས་ཚུར་ཚུར་སླེབས

གང་དེ་ཚ་རླུང་གི་རླབས་རྩེའི་སྙན་ངག་ཅིག
གངས་ཀྱི་མེ་སྟག་ཅིག
ངས་ཁྱེད་ལ་བརྩེ་འཕྲིན་བྲིས  བསྟོད་གླུ་ཕུལ།
འོན་ཀྱང  ཚུར་ཚུར་སླེབས་པ
དཀར་སིང་ངེའི་མཆེ་བ

3.jpeg 

                              སྙིང་གཏམ་ཤ་ཚ་མ།

                                                 རླུང་དམར།(དངོས་མིང་ཟླ་བ་ཚེ་རིང་།  ཕ་ཡུལ་གཞིས་རྩེ་ཁང་དམར)

སེམས་ཀྱི་ཆར་བས་ཁྱེད་རང་སྦངས་པ།
ཆེས་མཐོང་མི་འདོད་པའི་དཔྱིད་ཀྱི་ངོས་གཞན།
བདེན་པའི་ལོ་མ་ཟག་དུས་ཀྱི་ཟུག་རྔུ།
ཆེས་ཉན་མི་འདོད་པའི་མཚན་གྱི་ཤབ་ཤུབ།

གྲང་ངད་ཀྱིས་ཕྱོགས་སོ་སོ་ནས་གཙེས་དུས།
རྡོ་དང་གྱང་ལ་ཐུག་ཉེན་ཆེ་བའི།
མུན་ནག་གི་བར་དོ་ལས་ལག་པ་བསྐུམས་ཏེ།
ཞི་འཇམ་ངང་ཕ་ཡུལ་ལ་ཁ་པར་ཞིག་གཏོང་དང་།
ཡུལ་མི་ཚོར།   ད་ནི་དགུན་ཁར་སླེབས་པའི་བརྡ་རེ་གཏོང་དང་།

རྨི་ལམ་རྩུབ་པའི་ལོ་ཟླར།
མི་མངོན་པའི་ཐོ་རེངས་ཀྱི་སྐར་ཆེན་དང་ཡང་ཡང་མཇལ་བཞིན།
སེམས་ཀྱི་གངས་རི་དཀར་པོར་རླུར་དར་རེ་གཏོང་དང་།
རང་ཉིད་ཀྱི་བུ་ལོར་སྒུག་བཞིན་པའི་མི་རྐྱང་དེའི་སེམས་པ།
ཁྱོད་གཅིག་པུས་གསོ་དགོས་པས།
ད་ནི་ཁེར་རྐྱང་གི་དུ་བ་རྔུབ་ཞོར་འདུག་ཚོད་བཟོད་དམ།
ལྕགས་ཐབ་འཁྱག་པ་དེར་མེ་ཁ་ཞིག་གསོས་དང་།

ཆང་དང་སྙན་ངག
བརྩེ་བ་དང་ལ་རྒྱ།
མེ་ཏོག་དང་སྤྲིན་དཀར།
དེ་ཚོ་ཁྱོད་ལ་མ་གཞི་ནས་དབང་ཡོད་པས།
མགོ་བོའི་ཐོད་ཀྱི་ཕོ་རོག་ནག་པོ་དེ་ཚོ་སྣང་བའི་རྒྱ་ལས་བཏང་ཆོག
ཁ་བ་དང་བུ་ཡུག་འཚུབ་རུང་སེམས་ཀྱི་མར་མེ་མ་གཟིམ་ན།
དྲོད་ཁོལ་དེས་རྒྱང་རིང་ཞིག་མདུན་དུ་བསུ་འོས།

སྤྲིན་པ་ཡལ་སྲིད་ལ་ཉི་འོད་སླེབས་ངེས་པས།
སང་ཉིན་ནས་ཉི་མར་བསྐྱོད་དང་།
སང་ཉིན་ནས་རྨི་ལམ་ལ་བསྙེས་དང་།
ངས་ཁྱོད་ཀྱི་གཡས་གཡོན་གང་རུང་ནས་བསྐྱོར་ཡོང་།
ང་ཁྱོད་ཀྱི་རྒྱབ་མདུན་གང་རུང་དུ་འགྲེང་ཡོང་།

མི་ཚོགས་ཀྱི་ཀློང་སར།
ང་རེ་བ་དང་བཅས་ཁྱེད་ལ་འཛུམ་ཡོད།
ཁྱེད་ཀྱི་འཁྲིས་སུ།
ཁ་རོག་གེར། ཁུ་སིམ་མེར།
ངས་ཁྱེད་ལ་སྨོན་ལམ་བཏབ་ཡོད།

             ༢༠༡༦/༡༢/༡༣

4.jpeg

                            འཁྲབ་གཞུང་།

                                                 ཉི་ཡག་ཚེ་རིང་།(ཕ་ཡུལ་ཡུལ་ཤུལ)

དུས་དང་གནས་གཏན་ཁེལ་བྱས
མི་སྣ་དང་འཁྲབ་ཚིག་རྣམས་བྱེ་ཐང་དུ་བྲིས
མོ་ཏྲ་གཏོང་མཁན་གྱི་ལག་ཏུ་དངུལ་ལོས་བཀང
པར་མིག་ཆེ་འབྲིང་ཆུང་གསུམ་གཞུང་དུ་བཀར
གདོང་མི་མངོན་པར་ཞྭ་རིང་འོག་ཏུ་བསྐུངས
གླུ་དང་གཞས་ཅིག་ཅར་དུ་བླངས
གར་དང་བྲོ་གང་དགར་འཁྲབ
སྐད་ཆེན་པོས་སྙན་ངག་གྱེར
གདངས་དམའ་མོས་རོལ་དབྱངས་བཀྲོལ
ལྦི་རག་ནང་དུ་ཆུ་བསྲེས་ནས་ཞབས་དག་བརྒྱབ
སྨྱོན་པ་ཞིག་གི་ཟོ་དང་ཉམས་ཚང་མ་འཛོམས་ཚར་དུས
རྒྱ་སེ་རྐང་གཅིག་ཉོས་ནས
ལུས་འོག་ནས་འཕག་འཚག་བརྒྱབ་མྱོང་བའི་བུ་མོ་དེ་ལ
མཛའ་འཕྲིན་བསྐུར   སྙིང་གཏམ་བཤད
དྲི་རྟགས་མོད་པོ་སྒྲོམ་དུ་བཅུག་ནས་གཙང་བོར་འཕེན
ཤོག་གུ་སྣ་རིང་ཞིག་གི་སྟེང་ལ་འགྱོད་བཤགས་བྱས
བསྔོ་སྨོན་ཞུས་ནས་སྐྱབས་འགྲོ་འདོན་རྒྱུའང་འཆར་གཞིར་བཀོད
ད་ནི་འཛུམ་ཞིག་སྟོན་ཆོག་ཨང

                                ༢༠༡༦-༥-༡༨

5.jpeg

                           དེ་ནི།

                                                  ནག་ཚངས་འཕགས་པ་ཤེས་རབ།(ཕ་ཡུལ་མཚོ་བྱང་མདོ་ལ)

དེ་ནི་དཔའ་བོ་ཞིག་གི་གཉོམ་སོ།
སྐྱེས་པ་ཞིག་གི་མཆི་མ།
རྒན་པ་ཞིག་གི་ལོ་ཟླའི་མེ་ཏོག་ཅིག

དེ་ནི་ལུས་ཀྱི་དྭངས་མ།
ངག་གི་ཞུན་མ།
ཡིད་མཚོའི་གཏིང་རིམ་གྱི་མོས་པ་ཞིག

དེ་ནི་དམར་རྗེན་དུ་བཏང་བའི་གསང་བ
བསྟོད་གླུ་རུ་ལེན་པའི་ངག་རྒྱུན
མིང་མེད་པའི་རིན་ཆེན་གྱི་ནོར་བུ་ཞིག

མཚམས་རེར།
དེ་ནི་བསམ་མེད་དག་གི་ཀུ་རེ་རུ།
ཧབ་ཤ་ཅན་གྱི་རྩེད་ཆས་སུ།
རང་ཚུགས་དཀོན་པའི་དན་རྟགས་སུ་གྱུར་དང་འགྱུར་བཞིན།

དེ་དུས་འཛུམ་ཞིག་ལ་ཞེན་པས་དབང་གིས།
དེ་དུས་ཚིག་གཅིག་གིས་བསླུས་པས་དབང་གིས།
དེ་དུས་རང་སེམས་ལ་ཐོལ་བྱུང་གི་གུ་ཡངས་ཤིག་ཤོར་བས་དབང་གིས།

དེ་དུས་དེ་ནི་དེ་ལྟར།
ཐོབ་པ་དང་ཇི་ལྟར་ཤོར་བ་ལ་བསམ་བློ་མ་བཏང་།

དེ་ནི།
ལན་མེད་པའི་དྲི་བ།
དུས་ཀྱིས་བཅད་པའི་བར་ཐག
སེམས་པ་སྡོམ་པོ་ཞིག་གི་གཏམ་རྒྱུད།

                           2016-12-18

6.jpeg

                              ངའི་རང་གཤིས།

                                                ནོར་སྒྲོན།(ཕ་ཡུལ་ལྷོ་ཁ་གོང་དཀར)

སྐྱེས་པའི་དང་པོ་གངས་ཅན་ཁ་བའི་ལྗོངས།།
དད་པའི་ཐོག་མ་ནང་པ་སངས་རྒྱས་ཡིན།།
དགེ་བཅུའི་ལས་ལ་བརྩོན་པ་དང་ལེན་དང་།།
མི་དགེའི་ལས་ལ་སྤང་བླང་བྱེད་མུས་ཡིན།།

སྐྱེས་གསུམ་སྡུག་གསུམ་མི་ཡི་ཚེ་གང་པོ།།
མངར་གསུམ་སྐྱུར་གསུམ་ཚེ་ཡི་བསྐོས་སྐལ་ཡིན།།
རང་བཞིན་མ་གཅིག་གང་ཟག་སྤྱི་ཡི་ནི།།
མི་ཚེའི་བྲོ་བ་ཅིས་ནས་ཆ་མི་ཡོང་།།

དེས་ན་ང་ཡི་རང་བཞིན་བརྗོད་པ་ལ་།།
མཚང་དང་ཡོན་ཏན་ཆ་ལུགས་མི་འདྲ་ཡོད།།
སྦི་རག་ཆང་དང་བཅས་པ་ང་ཡིས་འཐུང་།།
ར་བཟི་བསླ་ཡུས་མེད་པར་ཁུ་སིམ་སྡོད།།

སྒྱིད་ལུག་མི་ལ་མེད་པ་ང་ལ་ཡོད།།
སྒྲུབ་རྒྱུའི་ལས་ལ་འཐུས་ཤོར་ཅིས་ནས་མེད།།
ལེགས་གྲས་མི་བུ་གང་ན་ཕྲག་དོག་ཡོད།།
རྗེས་སུ་ཡི་རང་སློབ་སྦྱོང་ཆབས་ཅིག་ཡོད།།

ཁ་སྟོང་དམ་ཚིག་ཆེད་དུ་འཇོག་མི་སྲིད།།
མདུན་ན་གནས་པའི་མི་ལ་གཅེས་སྤྲས་ཡོད།།
དམ་ཟབ་འབྲེལ་མེད་མི་ལ་སྙིང་གཏམ་མེད།།
ཡ་རབས་གུས་ཞབས་མེད་པ་རྩ་ནས་མིན།།

གཏི་མུག་གཉིད་ལ་དགའ་བ་ང་ཡི་མཚང་།།
བཤད་ཚད་ཡིད་ཆེས་བྱེད་པ་ང་ཡི་མཚང་།།
དགའ་བའི་མི་ལ་རྣམ་འགྱུར་མང་བ་དང་།།
བརྩེ་བའི་མ་ལ་ཁ་ལན་ང་ཡི་མཚང་།།

ཚིག་རྩུབ་ངན་སྨྲས་ཁ་ན་ཕལ་ཆེར་མེད།།
སྐབས་འགར་བླ་བཙག་ཤོར་བ་ངོ་རེ་ཚ།།
ཕན་ཚུན་ལབ་གླེང་མང་བར་མི་སྣང་ཡང་།།
ཞི་འཆམ་མཚོན་པའི་འཛུམ་མདངས་ང་ལ་ཡོད།།

རྫུན་གཏམ་རྫུན་ཚིག་ལབ་པའི་དུས་ནི་མང་།།
སེམས་གསོའི་ལས་ལ་མི་མཁས་ང་ཡི་མཚང་།།
བཀའ་དྲིན་རྗེས་སུ་དྲན་ནས་དྲིན་ལན་འཇལ།།
ཞི་མཐུན་ཀུན་དང་མཐུན་པའི་མི་ཆོས་ཡོད།།

7.jpeg

                           ཀྭ་ཡེ། སྙིང་ཉེ་ལགས།

                                                 བན་དེ་མཁར།(པིར་མིང་ལ་སྨྱུག་ལྡོམ། ཕ་ཡུལ་ཀན་ལྷོ་ཐེ་བོ)

ཀྭ་ཡེ། སྙིང་ཉེ་ལགས།
མཚན་སྨག་གི་འཇིག་རྟེན་འདི་ནས།
སྒྲོན་འོད་ཀྱིས་མུན་པ་སངས་པ་ཨེ་བྱུང་།
དྲོད་ལ་རྔམ་ཕྱིར། སྣང་བར་འཁྲེང་མཐར།
རང་ལུས་སྦར་དུ་མ་འཇུག་ཨང་།

ཀྭ་ཡེ། སྙིང་ཉེ་ལགས།
སྐར་ཚོགས་ཀྱི་གདན་ཁྲིའི་འགྱིང་ན།
ཟླ་འོད་ལ་གྲང་འདར་གཡོ་བ་ཨེ་མཐོང་།
འཁོར་ལ་གཙེས་ཕྱིར། ལན་དུ་སློག་པས།
བསིལ་སྦྱིན་ལ་ཡིད་རྟོན་མ་འཕེར་ཨང་།

ཀྭ་ཡེ། སྙིང་ཉེ་ལགས།
སྟོན་རླུང་གི་བྱིལ་རའི་ངོགས་ནས།
སྡོང་ལོ་ཡི་ཆར་ཞོད་ཆེ་བ་ཨེ་ཚོར།
དུས་ལ་རན་པས། ཐོལ་གྱིས་ཟགས་པ།
ལས་དབང་ལ་སྐྱོ་ངལ་མ་འདོན་ཨང་།

ཀྭ་ཡེ། སྙིང་ཉེ་ལགས།
ཁྲ་ཚོམ་གྱི་ཁྲོམ་པའི་གཞུང་ན།
འགྲུལ་བཞུད་ཀྱི་འཚུབ་མ་འཁྱིལ་བ་ཨེ་ཤེས།
སེམས་ལ་གཤོག་པ་ཐོགས་ཀྱང་། གཙུག་གི་བླ་བོར་བས།
རྐང་པའི་འདེག་འཇོག་བྲན་དུ་མ་བསྒྱུར་ཨང་།

ཀྭ་ཡེ། སྙིང་ཉེ་ལགས།
མི་ཚོགས་ཀྱི་ཉི་གཞོན་ཤར་ནས་འཕགས་དུས།
ཉི་ཟེར་གྱི་གཞུག་མ་ནུབ་ནས་ཡོལ་བ་ཨེ་གསལ།
གོ་ལ་ཟླུམ་ཞིང་། འཇིག་རྟེན་དོག་པས།
འཁང་ར་ཡིས་ནམ་མཁའ་མ་སྒྲིབས་ཨང་།

ཀྭ་ཡེ། སྙིང་ཉེ་ལགས།
གདོང་འབག་གིས་འཆོས་པའི་སྟེགས་བུ་ནས།
སྐྱོ་ཉམས་ཀྱིས་དོད་པའི་ཁྱོད་རང་ཨེ་སད།
སྲ་མཁྲེགས་དུ་སོང་ཞིང་། རྒྱུན་འབྱམས་དུ་གྱུར་བས།
དྭངས་གཙང་ལ་མོས་གུས་མ་ཆེ་བ་ཨང་།

ཀྭ་ཡེ། སྙིང་ཉེ་ལགས།
བདག་སེམས་ཀྱི་མཚོ་མོའི་ཀློང་ནས།
ཁྱེད་ཕྱོགས་ལ་ཡུར་ཆུ་དྲངས་པ་ཨེ་ཤེས་སམ།
དུང་བའི་སེམས་དང་། འཁྱོར་བའི་ངག
ལྷད་འདྲེས་ཀྱི་དོགས་འཆར་མ་འཛིན་ཨང་།

ཀྭ་ཡེ། སྙིང་ཉེ་ལགས།
མག་མོག་གི་ཚིག་མཁྲེང་བར་ནས།
དུང་ཞེན་གྱི་མར་ལོ་འཁྲུངས་བར་སྒུག་གམ།
ཞྭ་མོ་ལྕི་བས། ལྷམ་གོག་ཐེད་པས།
རེ་འབྲས་ཀྱི་ས་ལམ་ཆོད་དཀའ་ཨང་།

               2016/12/07   

8.jpeg

                            ཆ་མེད་ཕོ་མོ།

                                                 བཙན་ཕོ།(དངོས་མིང་བཀྲ་ཤིས་ཕུན་ཚོགས།  ཕ་ཡུལ་མདོ་སྨད་ཅོ་ནེ)

ཀ་ཅ་ཏ་པ་ཙ་རྣམས་ཕོ།།
ཁ་ཆ་ཐ་ཕ་ཚ་མ་ནིང་།།
ག་ཇ་ད་སོགས་མོ་ཡིན་མོད།།
ང་དག་དགའ་རོགས་མེད་རྣམས་ཅི།།
ཅ་ཅོ་འདུ་འཛིའི་ཆང་ཁང་དག།
ཆ་མེད་ཕོ་མོའི་འཛོམས་ས་རེད།།
ཇ་ཡུན་ཆང་དུས་ཙམ་ལ་ཡང་།།
ཉ་མོ་བཟུང་བའི་གཏམ་རྒྱུད་ཐོས།།
ཏ་བག་མཐའ་ཡི་ཤ་སྦྲང་བཞིན།།
ཐ་མ་རྣམས་ནི་ཡང་ཡང་འཁོར།།
ད་ལྟ་ཉིད་དུ་འཐོབ་འདོད་ཆེ།།
ན་ཟླ་འུ་ཚོ་ངོ་རེ་ཚ།།
པ་སངས་ཉིན་ལ་སླེབས་མ་ཐག།།
ཕ་ཚེ་འདྲ་བའི་ཁུར་བོ་ཡང་།།
བ་མོ་མེད་པའི་གླང་རྒན་བཞིན།།
མ་ཐོབ་པ་དག་བསྐྱར་དུ་འཚོལ།།
ཙ་རིའི་སྨྱུག་མའི་གཟུགས་འཛིན་རྣམས།།
ཚ་མོ་སྲིང་མོའི་མིང་འཛིན་ཞོར།།
ཛ་ཡ་མིན་བཞིན་ཕོ་རྐྱང་ཚོ།།
ཝ་སྐྱེས་རྒྱལ་པོར་ཡང་ཡང་བསྐོ།།
ཞ་ཞི་རྣམས་ནི་ནར་སོན་པས།།
ཟ་ཕྲུག་ཆེ་ཡང་ཁག་ཅི་ཡོད།།
འ་ལེ་ལོལ་ལེའི་སྤྱོད་པ་རྣམས།།
ཡ་བོ་མིན་ཡང་འཛིན་པ་མང་།།
ར་རི་ལྡན་ཡང་ཡིད་འོང་མ།།
ལ་གཞས་མེད་ཀྱང་ཕོ་རྐྱང་འགུག།
ཤ་ཁྱི་འདྲ་བའི་ཕོ་གསར་ཚོ།།
ས་ལྡིང་གནམ་ལྡིང་དགའ་མགུས་མྱོས།།
ཧ་ཅང་མང་ཡང་གཏམ་མི་ཚར།།
ཨ་ན་མ་ནའི་རིག་པས་དཔྱོད།།
ཧ་ཅང་མང་ན་འཆལ་འགྲོ་བ།།
ཨ་ཅག་ཨ་ཇོའི་ཡིད་ལ་ཟུངས།།

               ༢༠༡༢ལོའི་ཟླ་༡༢པ།

9.jpeg

                           དུས་ཆད།

                                                ཚེ་རིང་དོན་གྲུབ།(ཕ་ཡུལ་མཚོ་ལྷོ་འབའ་རྫོང་)

ཁོ་མོ   ལྡུམ་རའི་མཐའ་རུ
རེ་སྒུག་ངང་རིང་ཙམ་ལ་འགྲེང
སྨད་ཤམ་དཀར་པོའི་འདབ་ལོ་རླུང་གི་རྒྱུན་ལས་དལ་བུས་གཡོ
སྲིན་བུའི་གྲག་འགུལ་ཙམ་ལའང་སེམས་པ་གླན
རྒྱ་སེ་དམར་པོ་ཞིག་གིས་ཁ་གཏད་དུ་ཁོ་མོར་ཅེར
ཁྲན་ཚན་བྱུག་པ་བཞིན་མིག་ཟུང་འཚེར་སྣང་གིས་ཁེངས
རྒྱ་སེ་དམར་པོས་འདུད་ཙམ་གྱིས་ལག་ཟུང་བརྐྱངས
སེན་རྩེ་སྨད་ཤམ་གྱི་ཐུ་བར་རེག
ལུས་ཡོངས་ཚ་བེར་རེར་བཏང
གོས་ཁུད་དུ་མཚལ་གྱི་ཐིགས་པ་རྡོག་གཅིག་ཕབ
རིམ་གྱིས་གོས་ཀྱི་རྒྱ་ཁྱོན་ཧྲིལ་བོར་ཡན
དམར་པོ  དམར་པོ་དམར་རྐྱང
ཁོ་མོས་དངངས་འཚབ་དང་བཅས་རྒྱ་སེ་དམར་པོ་དེ་རྩ་ནས་བཀོག
སྡོང་བུའི་ཚེར་སྤུ་ལག་མཐིལ་དུ་བརྡབ
ཤ་སྐྱིའི་བར་ལ་འཁྱམས
རྩ་སྦུབས་སུ་ཉུལ
ཁྲག་རྒྱུན་དང་དབྱེར་མེད་དུ་འདྲེས
འདབ་ལོ་སྙིམ་པ་ནས་ཕྱི་ལ་གྲོལ
མཚར་སྡུག་དེ   དུས་མཐའི་མེ་དཔུང་ཇི་བཞིན
ཁོ་མོས་མྱ་ངན་ཡོད་ཚད་བརྗེད
རང་ཉིད་ཀྱི་ཕུང་བོ་ཇེ་ཆུང་དུ་འགྱུར་བཞིན་པའང
ཚོར་བས་མ་ཟིན
དུས་ཀྱི་མཐར  ཁྲག་ཐིགས་ཤིག་འདབ་ལོའི་སྟེང་དུ་ལྷུང
གཞོན་ནུ་མའི་མེ་ཏོག་བཞིན
དགའ་མོས་མཆུ་སྒྲོས་ཀྱིས་བསྒོས་པའི་སྐག་རྩི་བཞིན

                ༡༦། ༦།  ༡༤།

གསལ་བཤད། གོང་དུ་བཀོད་པའི་རྩོམ་དག་ནི་ཀྲུང་དབྱང་མི་རིགས་སློབ་གྲྭ་ཆེན་མོའི་བོད་རིག་པ་ཞིབ་འཇུག་སློབ་གླིང་གི་ 2014ལོའི་རྩོམ་རིག་དང་ལོ་ཙཱ་འཛིན་གྲྭའི་སློབ་མ་འགའི་བྲིས་རྩོམ་ཡིན།


རྩོམ་སྒྲིག་པ། ལྷ་སྐྱིད།


(མཆོད་མེའི་པར་དབང་གཞན་གྱིས་དགོལ་མི་རུང)

རྩོམ་ཁུངས། ངེད་དྲ་བ།

གཟིམས་པ་མེད་པའི་མཆོད་མེ། དབྱངས་གསལ་སོ་བཞིའི་མཛེས་སྡུག  RSSསྔོན་མངག

ཀྲུང་དབྱང་མི་རིགས་སློབ་ཆེན་གྱི་སློབ་མའི་སྙན་རྩོམ་ལེགས་བཏུས།

2017-04-07 གྲི་སོགས། ཀློག་གྲངས། མཆན ཡོད།

1.jpeg

                           ལས་ཀྱི་ཁུར་པོ་དྲན་པ་ཉེར་གཞག

                                                   གྲི། (དངོས་མིང་ལ་ངག་དབང་རྒྱ་མཚོ།  ཕ་ཡུལ་ལྷོ་ཁ)

                           ༡

ལོ་མ་སེར་པོའི་ཆར་པ་དེའང་འབབ་མཚམས་ཆད་སོང་།
ཁྱོད་རང་ནི་བརྙན་ཡོལ་ངོས་ཀྱི་གཟུགས་རིས་དག་དང་མཚུངས་པར།
མི་སྣང་བའི་པར་མིག་དག་གིས་ཟུར་ངོས་མང་པོ་ནས་གསལ་ཏེ།
ངའི་མིག་དང་སེམས་ཀྱི་སྦུབས་སུ་ཞི་འཇམ་གྱིས་འཁོད་པ་དེ་ཡིན།
ཁྱོད་ཀྱིས་ཨེ་ཤེས།
དུས་ཚིགས་དེའི་སྐྱ་རིས་ཀྱི་ཁྲོད་དུ་ང་ལ་མཁོ་བའི་ཁ་དོག་དེ་ཁོ་ན་ཆད་འདུག

ལྦུ་ཆང་གི་ངར་ཁས་བདག་སེམས་ཚལ་པ་སྟོང་དུ་གས།
གས་ཁ་རེ་རེ་ནས་ཁྱོད་རང་ཁོ་ན་ཐོན།
མཚན་ལམ་རིང་མོའི་བདེ་བ་དང་ངལ་དུབ་ཀྱི་ཁྲོད་དུ།
ཁྱོད་ཀྱི་མཆུ་སྒྲོས་ཁོ་ན།
རྟག་དངོས་གཉིས་ཀྱི་སྲུབས་ཀ་ནས་བཞད་པའི་རྒྱ་སེ་རྐང་གཅིག

                          ༢

ཡང་ན་ངུས་ཤིག   ཡང་ན་འགྲོའོ།།
མཚམས་ཚིགས་མེད་པར་མནར་བའི་ལོ་ཟླའི་བག་ཡངས།
ཇི་ལྟར་ལྟེབ་ཀྱང་ཁྲེལ་མེད་ཀྱིས་འབྱམས་པའི་རང་དོན་ཙག་ཙིག
ཁུར་པོ་དྲུད་ཀྱང་འགུལ་རྒྱུ་མེད་དུས།
སྤྲོ་དགའ་དང་བདེ་བ་ཡོད་ཚད་ལ་དོགས་འཕར་ཞིག་ཀྱང་སྐྱེས་དུས།
ཡང་ན་ངུས་ཤིག  ཡང་ན་འགྲོའོ།།

གང་ལྟར་ཀྱང་།
སྟོན་པས་འཇིག་རྟེན་སྡུག་བསྔལ་དུ་གསུངས་རྗེས།
ང་ཡིས་བློ་ཁོག་ཆེན་པོས་བདེ་བ་བཙལ་བ་ཡིན།

                           ༢༠༡༦-༡༢-༡༥

2.jpeg

                            ཚུར་ཚུར་སླེབས་པའི་མེ་ཏོག

                                                 དཔྱི་ས་པད་ཚེ།(དངོས་མིང་ལ་པད་མ་ཚེ་རིང་།  མདོ་སྨད་རྩེ་ཁོག་གི་དཔྱི་ས་འབྲོག་ནས་སྐྱེས)

མེ་ཏོག་པད་མ།
འཕགས་ཡུལ་གྱི་མཚོ་ཁ་རུ་གསོན་པའི་རིག་བྱེད
རི་བོ་གངས་ཅན་གྱི་ཚུ་རོལ་དུ
གདོང་པད་ཅེས་གྲགས་པའི་སྙན་ངག་ཤི་རོ

འདམ་དྲིས་མ་གོས་པ   བདེན་གྲུབ་ཏུ་ངེས
འོན་ཀྱང ཉི་མའི་གཉེན་ཡིན་ཟེར་བ་ཆ་མ་འཚལ
ཇོ་མོ་བླ་རིའི་མགྲིན་པར་དམ་དུ་འཁྱུད
འཁྱུད་ཅིང་གཡོགས་ཏེ་བསྒྲིབས
བསྒྲིབས་སོང་ཡང་བླ་རི་སྔར་བཞིན
ངས་ཀྱང་ཅི་འདི་མེད་པར་བར་སྣང་ལ་ལག་སྙོབ་ཅིག་བྱས
ལྕགས་ཀྱི་གཟེར་བུའི་པད་མ་ནག་པོ་ཞིག
སྨག་རུམ་གྱི་ཀློང་ནས་ཚུར་ཚུར་སླེབས

གང་དེ་ཚ་རླུང་གི་རླབས་རྩེའི་སྙན་ངག་ཅིག
གངས་ཀྱི་མེ་སྟག་ཅིག
ངས་ཁྱེད་ལ་བརྩེ་འཕྲིན་བྲིས  བསྟོད་གླུ་ཕུལ།
འོན་ཀྱང  ཚུར་ཚུར་སླེབས་པ
དཀར་སིང་ངེའི་མཆེ་བ

3.jpeg 

                              སྙིང་གཏམ་ཤ་ཚ་མ།

                                                 རླུང་དམར།(དངོས་མིང་ཟླ་བ་ཚེ་རིང་།  ཕ་ཡུལ་གཞིས་རྩེ་ཁང་དམར)

སེམས་ཀྱི་ཆར་བས་ཁྱེད་རང་སྦངས་པ།
ཆེས་མཐོང་མི་འདོད་པའི་དཔྱིད་ཀྱི་ངོས་གཞན།
བདེན་པའི་ལོ་མ་ཟག་དུས་ཀྱི་ཟུག་རྔུ།
ཆེས་ཉན་མི་འདོད་པའི་མཚན་གྱི་ཤབ་ཤུབ།

གྲང་ངད་ཀྱིས་ཕྱོགས་སོ་སོ་ནས་གཙེས་དུས།
རྡོ་དང་གྱང་ལ་ཐུག་ཉེན་ཆེ་བའི།
མུན་ནག་གི་བར་དོ་ལས་ལག་པ་བསྐུམས་ཏེ།
ཞི་འཇམ་ངང་ཕ་ཡུལ་ལ་ཁ་པར་ཞིག་གཏོང་དང་།
ཡུལ་མི་ཚོར།   ད་ནི་དགུན་ཁར་སླེབས་པའི་བརྡ་རེ་གཏོང་དང་།

རྨི་ལམ་རྩུབ་པའི་ལོ་ཟླར།
མི་མངོན་པའི་ཐོ་རེངས་ཀྱི་སྐར་ཆེན་དང་ཡང་ཡང་མཇལ་བཞིན།
སེམས་ཀྱི་གངས་རི་དཀར་པོར་རླུར་དར་རེ་གཏོང་དང་།
རང་ཉིད་ཀྱི་བུ་ལོར་སྒུག་བཞིན་པའི་མི་རྐྱང་དེའི་སེམས་པ།
ཁྱོད་གཅིག་པུས་གསོ་དགོས་པས།
ད་ནི་ཁེར་རྐྱང་གི་དུ་བ་རྔུབ་ཞོར་འདུག་ཚོད་བཟོད་དམ།
ལྕགས་ཐབ་འཁྱག་པ་དེར་མེ་ཁ་ཞིག་གསོས་དང་།

ཆང་དང་སྙན་ངག
བརྩེ་བ་དང་ལ་རྒྱ།
མེ་ཏོག་དང་སྤྲིན་དཀར།
དེ་ཚོ་ཁྱོད་ལ་མ་གཞི་ནས་དབང་ཡོད་པས།
མགོ་བོའི་ཐོད་ཀྱི་ཕོ་རོག་ནག་པོ་དེ་ཚོ་སྣང་བའི་རྒྱ་ལས་བཏང་ཆོག
ཁ་བ་དང་བུ་ཡུག་འཚུབ་རུང་སེམས་ཀྱི་མར་མེ་མ་གཟིམ་ན།
དྲོད་ཁོལ་དེས་རྒྱང་རིང་ཞིག་མདུན་དུ་བསུ་འོས།

སྤྲིན་པ་ཡལ་སྲིད་ལ་ཉི་འོད་སླེབས་ངེས་པས།
སང་ཉིན་ནས་ཉི་མར་བསྐྱོད་དང་།
སང་ཉིན་ནས་རྨི་ལམ་ལ་བསྙེས་དང་།
ངས་ཁྱོད་ཀྱི་གཡས་གཡོན་གང་རུང་ནས་བསྐྱོར་ཡོང་།
ང་ཁྱོད་ཀྱི་རྒྱབ་མདུན་གང་རུང་དུ་འགྲེང་ཡོང་།

མི་ཚོགས་ཀྱི་ཀློང་སར།
ང་རེ་བ་དང་བཅས་ཁྱེད་ལ་འཛུམ་ཡོད།
ཁྱེད་ཀྱི་འཁྲིས་སུ།
ཁ་རོག་གེར། ཁུ་སིམ་མེར།
ངས་ཁྱེད་ལ་སྨོན་ལམ་བཏབ་ཡོད།

             ༢༠༡༦/༡༢/༡༣

4.jpeg

                            འཁྲབ་གཞུང་།

                                                 ཉི་ཡག་ཚེ་རིང་།(ཕ་ཡུལ་ཡུལ་ཤུལ)

དུས་དང་གནས་གཏན་ཁེལ་བྱས
མི་སྣ་དང་འཁྲབ་ཚིག་རྣམས་བྱེ་ཐང་དུ་བྲིས
མོ་ཏྲ་གཏོང་མཁན་གྱི་ལག་ཏུ་དངུལ་ལོས་བཀང
པར་མིག་ཆེ་འབྲིང་ཆུང་གསུམ་གཞུང་དུ་བཀར
གདོང་མི་མངོན་པར་ཞྭ་རིང་འོག་ཏུ་བསྐུངས
གླུ་དང་གཞས་ཅིག་ཅར་དུ་བླངས
གར་དང་བྲོ་གང་དགར་འཁྲབ
སྐད་ཆེན་པོས་སྙན་ངག་གྱེར
གདངས་དམའ་མོས་རོལ་དབྱངས་བཀྲོལ
ལྦི་རག་ནང་དུ་ཆུ་བསྲེས་ནས་ཞབས་དག་བརྒྱབ
སྨྱོན་པ་ཞིག་གི་ཟོ་དང་ཉམས་ཚང་མ་འཛོམས་ཚར་དུས
རྒྱ་སེ་རྐང་གཅིག་ཉོས་ནས
ལུས་འོག་ནས་འཕག་འཚག་བརྒྱབ་མྱོང་བའི་བུ་མོ་དེ་ལ
མཛའ་འཕྲིན་བསྐུར   སྙིང་གཏམ་བཤད
དྲི་རྟགས་མོད་པོ་སྒྲོམ་དུ་བཅུག་ནས་གཙང་བོར་འཕེན
ཤོག་གུ་སྣ་རིང་ཞིག་གི་སྟེང་ལ་འགྱོད་བཤགས་བྱས
བསྔོ་སྨོན་ཞུས་ནས་སྐྱབས་འགྲོ་འདོན་རྒྱུའང་འཆར་གཞིར་བཀོད
ད་ནི་འཛུམ་ཞིག་སྟོན་ཆོག་ཨང

                                ༢༠༡༦-༥-༡༨

5.jpeg

                           དེ་ནི།

                                                  ནག་ཚངས་འཕགས་པ་ཤེས་རབ།(ཕ་ཡུལ་མཚོ་བྱང་མདོ་ལ)

དེ་ནི་དཔའ་བོ་ཞིག་གི་གཉོམ་སོ།
སྐྱེས་པ་ཞིག་གི་མཆི་མ།
རྒན་པ་ཞིག་གི་ལོ་ཟླའི་མེ་ཏོག་ཅིག

དེ་ནི་ལུས་ཀྱི་དྭངས་མ།
ངག་གི་ཞུན་མ།
ཡིད་མཚོའི་གཏིང་རིམ་གྱི་མོས་པ་ཞིག

དེ་ནི་དམར་རྗེན་དུ་བཏང་བའི་གསང་བ
བསྟོད་གླུ་རུ་ལེན་པའི་ངག་རྒྱུན
མིང་མེད་པའི་རིན་ཆེན་གྱི་ནོར་བུ་ཞིག

མཚམས་རེར།
དེ་ནི་བསམ་མེད་དག་གི་ཀུ་རེ་རུ།
ཧབ་ཤ་ཅན་གྱི་རྩེད་ཆས་སུ།
རང་ཚུགས་དཀོན་པའི་དན་རྟགས་སུ་གྱུར་དང་འགྱུར་བཞིན།

དེ་དུས་འཛུམ་ཞིག་ལ་ཞེན་པས་དབང་གིས།
དེ་དུས་ཚིག་གཅིག་གིས་བསླུས་པས་དབང་གིས།
དེ་དུས་རང་སེམས་ལ་ཐོལ་བྱུང་གི་གུ་ཡངས་ཤིག་ཤོར་བས་དབང་གིས།

དེ་དུས་དེ་ནི་དེ་ལྟར།
ཐོབ་པ་དང་ཇི་ལྟར་ཤོར་བ་ལ་བསམ་བློ་མ་བཏང་།

དེ་ནི།
ལན་མེད་པའི་དྲི་བ།
དུས་ཀྱིས་བཅད་པའི་བར་ཐག
སེམས་པ་སྡོམ་པོ་ཞིག་གི་གཏམ་རྒྱུད།

                           2016-12-18

6.jpeg

                              ངའི་རང་གཤིས།

                                                ནོར་སྒྲོན།(ཕ་ཡུལ་ལྷོ་ཁ་གོང་དཀར)

སྐྱེས་པའི་དང་པོ་གངས་ཅན་ཁ་བའི་ལྗོངས།།
དད་པའི་ཐོག་མ་ནང་པ་སངས་རྒྱས་ཡིན།།
དགེ་བཅུའི་ལས་ལ་བརྩོན་པ་དང་ལེན་དང་།།
མི་དགེའི་ལས་ལ་སྤང་བླང་བྱེད་མུས་ཡིན།།

སྐྱེས་གསུམ་སྡུག་གསུམ་མི་ཡི་ཚེ་གང་པོ།།
མངར་གསུམ་སྐྱུར་གསུམ་ཚེ་ཡི་བསྐོས་སྐལ་ཡིན།།
རང་བཞིན་མ་གཅིག་གང་ཟག་སྤྱི་ཡི་ནི།།
མི་ཚེའི་བྲོ་བ་ཅིས་ནས་ཆ་མི་ཡོང་།།

དེས་ན་ང་ཡི་རང་བཞིན་བརྗོད་པ་ལ་།།
མཚང་དང་ཡོན་ཏན་ཆ་ལུགས་མི་འདྲ་ཡོད།།
སྦི་རག་ཆང་དང་བཅས་པ་ང་ཡིས་འཐུང་།།
ར་བཟི་བསླ་ཡུས་མེད་པར་ཁུ་སིམ་སྡོད།།

སྒྱིད་ལུག་མི་ལ་མེད་པ་ང་ལ་ཡོད།།
སྒྲུབ་རྒྱུའི་ལས་ལ་འཐུས་ཤོར་ཅིས་ནས་མེད།།
ལེགས་གྲས་མི་བུ་གང་ན་ཕྲག་དོག་ཡོད།།
རྗེས་སུ་ཡི་རང་སློབ་སྦྱོང་ཆབས་ཅིག་ཡོད།།

ཁ་སྟོང་དམ་ཚིག་ཆེད་དུ་འཇོག་མི་སྲིད།།
མདུན་ན་གནས་པའི་མི་ལ་གཅེས་སྤྲས་ཡོད།།
དམ་ཟབ་འབྲེལ་མེད་མི་ལ་སྙིང་གཏམ་མེད།།
ཡ་རབས་གུས་ཞབས་མེད་པ་རྩ་ནས་མིན།།

གཏི་མུག་གཉིད་ལ་དགའ་བ་ང་ཡི་མཚང་།།
བཤད་ཚད་ཡིད་ཆེས་བྱེད་པ་ང་ཡི་མཚང་།།
དགའ་བའི་མི་ལ་རྣམ་འགྱུར་མང་བ་དང་།།
བརྩེ་བའི་མ་ལ་ཁ་ལན་ང་ཡི་མཚང་།།

ཚིག་རྩུབ་ངན་སྨྲས་ཁ་ན་ཕལ་ཆེར་མེད།།
སྐབས་འགར་བླ་བཙག་ཤོར་བ་ངོ་རེ་ཚ།།
ཕན་ཚུན་ལབ་གླེང་མང་བར་མི་སྣང་ཡང་།།
ཞི་འཆམ་མཚོན་པའི་འཛུམ་མདངས་ང་ལ་ཡོད།།

རྫུན་གཏམ་རྫུན་ཚིག་ལབ་པའི་དུས་ནི་མང་།།
སེམས་གསོའི་ལས་ལ་མི་མཁས་ང་ཡི་མཚང་།།
བཀའ་དྲིན་རྗེས་སུ་དྲན་ནས་དྲིན་ལན་འཇལ།།
ཞི་མཐུན་ཀུན་དང་མཐུན་པའི་མི་ཆོས་ཡོད།།

7.jpeg

                           ཀྭ་ཡེ། སྙིང་ཉེ་ལགས།

                                                 བན་དེ་མཁར།(པིར་མིང་ལ་སྨྱུག་ལྡོམ། ཕ་ཡུལ་ཀན་ལྷོ་ཐེ་བོ)

ཀྭ་ཡེ། སྙིང་ཉེ་ལགས།
མཚན་སྨག་གི་འཇིག་རྟེན་འདི་ནས།
སྒྲོན་འོད་ཀྱིས་མུན་པ་སངས་པ་ཨེ་བྱུང་།
དྲོད་ལ་རྔམ་ཕྱིར། སྣང་བར་འཁྲེང་མཐར།
རང་ལུས་སྦར་དུ་མ་འཇུག་ཨང་།

ཀྭ་ཡེ། སྙིང་ཉེ་ལགས།
སྐར་ཚོགས་ཀྱི་གདན་ཁྲིའི་འགྱིང་ན།
ཟླ་འོད་ལ་གྲང་འདར་གཡོ་བ་ཨེ་མཐོང་།
འཁོར་ལ་གཙེས་ཕྱིར། ལན་དུ་སློག་པས།
བསིལ་སྦྱིན་ལ་ཡིད་རྟོན་མ་འཕེར་ཨང་།

ཀྭ་ཡེ། སྙིང་ཉེ་ལགས།
སྟོན་རླུང་གི་བྱིལ་རའི་ངོགས་ནས།
སྡོང་ལོ་ཡི་ཆར་ཞོད་ཆེ་བ་ཨེ་ཚོར།
དུས་ལ་རན་པས། ཐོལ་གྱིས་ཟགས་པ།
ལས་དབང་ལ་སྐྱོ་ངལ་མ་འདོན་ཨང་།

ཀྭ་ཡེ། སྙིང་ཉེ་ལགས།
ཁྲ་ཚོམ་གྱི་ཁྲོམ་པའི་གཞུང་ན།
འགྲུལ་བཞུད་ཀྱི་འཚུབ་མ་འཁྱིལ་བ་ཨེ་ཤེས།
སེམས་ལ་གཤོག་པ་ཐོགས་ཀྱང་། གཙུག་གི་བླ་བོར་བས།
རྐང་པའི་འདེག་འཇོག་བྲན་དུ་མ་བསྒྱུར་ཨང་།

ཀྭ་ཡེ། སྙིང་ཉེ་ལགས།
མི་ཚོགས་ཀྱི་ཉི་གཞོན་ཤར་ནས་འཕགས་དུས།
ཉི་ཟེར་གྱི་གཞུག་མ་ནུབ་ནས་ཡོལ་བ་ཨེ་གསལ།
གོ་ལ་ཟླུམ་ཞིང་། འཇིག་རྟེན་དོག་པས།
འཁང་ར་ཡིས་ནམ་མཁའ་མ་སྒྲིབས་ཨང་།

ཀྭ་ཡེ། སྙིང་ཉེ་ལགས།
གདོང་འབག་གིས་འཆོས་པའི་སྟེགས་བུ་ནས།
སྐྱོ་ཉམས་ཀྱིས་དོད་པའི་ཁྱོད་རང་ཨེ་སད།
སྲ་མཁྲེགས་དུ་སོང་ཞིང་། རྒྱུན་འབྱམས་དུ་གྱུར་བས།
དྭངས་གཙང་ལ་མོས་གུས་མ་ཆེ་བ་ཨང་།

ཀྭ་ཡེ། སྙིང་ཉེ་ལགས།
བདག་སེམས་ཀྱི་མཚོ་མོའི་ཀློང་ནས།
ཁྱེད་ཕྱོགས་ལ་ཡུར་ཆུ་དྲངས་པ་ཨེ་ཤེས་སམ།
དུང་བའི་སེམས་དང་། འཁྱོར་བའི་ངག
ལྷད་འདྲེས་ཀྱི་དོགས་འཆར་མ་འཛིན་ཨང་།

ཀྭ་ཡེ། སྙིང་ཉེ་ལགས།
མག་མོག་གི་ཚིག་མཁྲེང་བར་ནས།
དུང་ཞེན་གྱི་མར་ལོ་འཁྲུངས་བར་སྒུག་གམ།
ཞྭ་མོ་ལྕི་བས། ལྷམ་གོག་ཐེད་པས།
རེ་འབྲས་ཀྱི་ས་ལམ་ཆོད་དཀའ་ཨང་།

               2016/12/07   

8.jpeg

                            ཆ་མེད་ཕོ་མོ།

                                                 བཙན་ཕོ།(དངོས་མིང་བཀྲ་ཤིས་ཕུན་ཚོགས།  ཕ་ཡུལ་མདོ་སྨད་ཅོ་ནེ)

ཀ་ཅ་ཏ་པ་ཙ་རྣམས་ཕོ།།
ཁ་ཆ་ཐ་ཕ་ཚ་མ་ནིང་།།
ག་ཇ་ད་སོགས་མོ་ཡིན་མོད།།
ང་དག་དགའ་རོགས་མེད་རྣམས་ཅི།།
ཅ་ཅོ་འདུ་འཛིའི་ཆང་ཁང་དག།
ཆ་མེད་ཕོ་མོའི་འཛོམས་ས་རེད།།
ཇ་ཡུན་ཆང་དུས་ཙམ་ལ་ཡང་།།
ཉ་མོ་བཟུང་བའི་གཏམ་རྒྱུད་ཐོས།།
ཏ་བག་མཐའ་ཡི་ཤ་སྦྲང་བཞིན།།
ཐ་མ་རྣམས་ནི་ཡང་ཡང་འཁོར།།
ད་ལྟ་ཉིད་དུ་འཐོབ་འདོད་ཆེ།།
ན་ཟླ་འུ་ཚོ་ངོ་རེ་ཚ།།
པ་སངས་ཉིན་ལ་སླེབས་མ་ཐག།།
ཕ་ཚེ་འདྲ་བའི་ཁུར་བོ་ཡང་།།
བ་མོ་མེད་པའི་གླང་རྒན་བཞིན།།
མ་ཐོབ་པ་དག་བསྐྱར་དུ་འཚོལ།།
ཙ་རིའི་སྨྱུག་མའི་གཟུགས་འཛིན་རྣམས།།
ཚ་མོ་སྲིང་མོའི་མིང་འཛིན་ཞོར།།
ཛ་ཡ་མིན་བཞིན་ཕོ་རྐྱང་ཚོ།།
ཝ་སྐྱེས་རྒྱལ་པོར་ཡང་ཡང་བསྐོ།།
ཞ་ཞི་རྣམས་ནི་ནར་སོན་པས།།
ཟ་ཕྲུག་ཆེ་ཡང་ཁག་ཅི་ཡོད།།
འ་ལེ་ལོལ་ལེའི་སྤྱོད་པ་རྣམས།།
ཡ་བོ་མིན་ཡང་འཛིན་པ་མང་།།
ར་རི་ལྡན་ཡང་ཡིད་འོང་མ།།
ལ་གཞས་མེད་ཀྱང་ཕོ་རྐྱང་འགུག།
ཤ་ཁྱི་འདྲ་བའི་ཕོ་གསར་ཚོ།།
ས་ལྡིང་གནམ་ལྡིང་དགའ་མགུས་མྱོས།།
ཧ་ཅང་མང་ཡང་གཏམ་མི་ཚར།།
ཨ་ན་མ་ནའི་རིག་པས་དཔྱོད།།
ཧ་ཅང་མང་ན་འཆལ་འགྲོ་བ།།
ཨ་ཅག་ཨ་ཇོའི་ཡིད་ལ་ཟུངས།།

               ༢༠༡༢ལོའི་ཟླ་༡༢པ།

9.jpeg

                           དུས་ཆད།

                                                ཚེ་རིང་དོན་གྲུབ།(ཕ་ཡུལ་མཚོ་ལྷོ་འབའ་རྫོང་)

ཁོ་མོ   ལྡུམ་རའི་མཐའ་རུ
རེ་སྒུག་ངང་རིང་ཙམ་ལ་འགྲེང
སྨད་ཤམ་དཀར་པོའི་འདབ་ལོ་རླུང་གི་རྒྱུན་ལས་དལ་བུས་གཡོ
སྲིན་བུའི་གྲག་འགུལ་ཙམ་ལའང་སེམས་པ་གླན
རྒྱ་སེ་དམར་པོ་ཞིག་གིས་ཁ་གཏད་དུ་ཁོ་མོར་ཅེར
ཁྲན་ཚན་བྱུག་པ་བཞིན་མིག་ཟུང་འཚེར་སྣང་གིས་ཁེངས
རྒྱ་སེ་དམར་པོས་འདུད་ཙམ་གྱིས་ལག་ཟུང་བརྐྱངས
སེན་རྩེ་སྨད་ཤམ་གྱི་ཐུ་བར་རེག
ལུས་ཡོངས་ཚ་བེར་རེར་བཏང
གོས་ཁུད་དུ་མཚལ་གྱི་ཐིགས་པ་རྡོག་གཅིག་ཕབ
རིམ་གྱིས་གོས་ཀྱི་རྒྱ་ཁྱོན་ཧྲིལ་བོར་ཡན
དམར་པོ  དམར་པོ་དམར་རྐྱང
ཁོ་མོས་དངངས་འཚབ་དང་བཅས་རྒྱ་སེ་དམར་པོ་དེ་རྩ་ནས་བཀོག
སྡོང་བུའི་ཚེར་སྤུ་ལག་མཐིལ་དུ་བརྡབ
ཤ་སྐྱིའི་བར་ལ་འཁྱམས
རྩ་སྦུབས་སུ་ཉུལ
ཁྲག་རྒྱུན་དང་དབྱེར་མེད་དུ་འདྲེས
འདབ་ལོ་སྙིམ་པ་ནས་ཕྱི་ལ་གྲོལ
མཚར་སྡུག་དེ   དུས་མཐའི་མེ་དཔུང་ཇི་བཞིན
ཁོ་མོས་མྱ་ངན་ཡོད་ཚད་བརྗེད
རང་ཉིད་ཀྱི་ཕུང་བོ་ཇེ་ཆུང་དུ་འགྱུར་བཞིན་པའང
ཚོར་བས་མ་ཟིན
དུས་ཀྱི་མཐར  ཁྲག་ཐིགས་ཤིག་འདབ་ལོའི་སྟེང་དུ་ལྷུང
གཞོན་ནུ་མའི་མེ་ཏོག་བཞིན
དགའ་མོས་མཆུ་སྒྲོས་ཀྱིས་བསྒོས་པའི་སྐག་རྩི་བཞིན

                ༡༦། ༦།  ༡༤།

གསལ་བཤད། གོང་དུ་བཀོད་པའི་རྩོམ་དག་ནི་ཀྲུང་དབྱང་མི་རིགས་སློབ་གྲྭ་ཆེན་མོའི་བོད་རིག་པ་ཞིབ་འཇུག་སློབ་གླིང་གི་ 2014ལོའི་རྩོམ་རིག་དང་ལོ་ཙཱ་འཛིན་གྲྭའི་སློབ་མ་འགའི་བྲིས་རྩོམ་ཡིན།


རྩོམ་སྒྲིག་པ། ལྷ་སྐྱིད།


(མཆོད་མེའི་པར་དབང་གཞན་གྱིས་དགོལ་མི་རུང)

རྩོམ་ཁུངས། ངེད་དྲ་བ།

དཔྱད་མཆན ཡོངས་སུ་གཟིགས།དཔྱད་མཆན།

མིང་མི་འགོད་པར་སྤེལ།