རྨོག་རུ་ཤེས་རབ་རྡོ་རྗེའི་སྙན་ངག་གསར་པ་བདམས་བཀོད།

རྨོག་རུ་ཤེས་རབ་རྡོ་རྗེ། མཆོད་མེ་བོད་ཀྱི་རྩོམ་རིག་དྲ་བ། 2017-09-17

0A4CE311-27E8-47CE-A261-849F6703DE6D-207-00000015FCD507A7_tmp.JPG

                                     བརྩེ་བ།

ཁྱོད་ཀྱི་མིག་གི་གཏིང་ལ་འཁྱིལ་བའི་བརྩེ་བ་དེ
དྲག་པོ་རླུང་གིས་ཀྱང་གཡོ་བར་མ་ནུས

ཁྱོད་ཀྱི་འཇམ་པོ་ངག་ལ་ཆགས་པའི་སྐད་ཆ་དེ
དྲག་པོ་ཆར་གྱིས་ཀྱང་དག་པར་མ་གྱུར

ཁྱོད་ཀྱི་མིག་གི་གཏིང་ལ་འཁྱིལ་བའི་བརྩེ་བ་དེ
ང་ཡི་ཕྱོགས་སུ་ཆུ་རིས་ཤིག་ཤིག་གཡོས་བྱུང

ཁྱོད་ཀྱི་འཇམ་པོ་ངག་ལ་ཆགས་པའི་སྐད་ཆ་དེ
ང་ཡི་ཡིད་ལ་བརྩེ་བ་ལྷུང་ལྷུང་བཞུར་བྱུང

ཁྱོད་ཀྱི་མིག་གི་གཏིང་ལ་འཁྱིལ་བའི་སྐྱོ་གདུང་དེ
དྲག་པོ་རླུང་གིས་ཀྱང་གཡོ་བར་མ་ནུས

ཁྱོད་ཀྱི་འཇམ་པོ་ངག་ལ་ཆགས་པའི་མགུར་མ་དེ
དྲག་པོ་ཆར་གྱིས་ཀྱང་དཀྲོལ་བར་མ་གྱུར

ཁྱོད་ཀྱི་མིག་གི་གཏིང་ལ་འཁྱིལ་བའི་སྐྱོ་གདུང་དེ
ང་ཡི་བྲང་གཞོང་ཧྲིལ་བོར་ལྟེམས་ལྟེམས་འཁྱིལ་བྱུང

ཁྱོད་ཀྱི་འཇམ་པོ་ངག་ལ་ཆགས་པའི་མགུར་མ་དེ
ང་ཡི་རྣ་བར་རི་མོ་འཁྱུག་འཁྱུག་དོད་བྱུང

                                    ༢༠༡༧.༢.༡༤

                                     དགུ་རྒྱབ་ཉི་མ་དགུ་ཡི་ཁ་བ།

རང་ཡུལ་གྱི་ཁ་བ
གཞན་ཡུལ་དུ་བབས་ཏེ
དཔྱིད་ཀ་ཡོངས་སུ་བཀླུབས

གཞན་ཡུལ་གྱི་ཁ་བ
རང་ཡུལ་དུ་བབས་ཏེ
དཔྱིད་ཀ་ཡོངས་སུ་བཀླུབས

དགུ་རྒྱབ་ཉི་མ་དགུ་ཡི་ཁ་བ
གཞན་ཡུལ་ནས་བབས་ཤིང
རང་ཡུལ་ནས་ཀྱང་བབས
སེམས་ཀྱི་དཔྱིད་ཀ་ཁོ་ན
ཁ་བས་ཡོངས་སུ་བཀླུབས

དཔྱིད་ཀ་ཐག་མི་རིང་ཡང
གྲང་ངར་ཁོ་ན་ཤ་རུས་སུ་ལྡིང་འཁོར་རྒྱག
ན་ཚོད་རྒས་ཀྱང
ཁྱོད་རང་ཁོ་ན་ཁ་བ་བཞིན་སེམས་ཀྱི་སྒང་གཞོང་ཀུན་ཏུ་བཀླུབས

                                       ༢༠༡༧.༤.༠༢ མཚན་གུང་། 

2A486823-8878-43DB-AC3A-1C8DDE901B0B-207-00000015E985873C_tmp.JPG
                                     ཕོ་ལོ་སུམ་ཅུ་བརྒལ་དུས།


ཕོ་ལོ་སུམ་ཅུ་བརྒལ་དུས
འགྲོ་རོགས་རླུང་དང་འདུག་རོགས་གྲིབ་མ
ཕོ་ལོ་སུམ་ཅུ་བརྒལ་དུས
ལག་ཏུ་སྒོར་མོ་མེད་ལ་སེམས་སུ་དམིགས་ཡུལ་མེད
ཕོ་ལོ་སུམ་ཅུ་བརྒལ་དུས
སྔོན་གྱི་འགྲོགས་བཟང་ཚོས་ཀྱང་རྒྱང་ནས་རང་གི་བུས་ཕྲུག་ཁྲིད་དེ་རང་གི་ཁྱིམ་དུ་འགྲོ

ཕོ་ལོ་སུམ་ཅུ་བརྒལ་དུས
མགྲིན་པ་ནས་གླུ་ཞིག་འགགས་ཤིང
སོར་རྩེ་ནས་སྙན་ངག་ཅིག་ལུས

ཕོ་ལོ་སུམ་ཅུ་བརྒལ་དུས
འགྲོ་རོགས་གྲོགས་ཤིག་དྲན་ཞིང
འདུག་རོགས་མོ་སྨན་ཞིག་དྲན

ཕོ་ལོ་སུམ་ཅུ་བརྒལ་དུས
ཕོ་ལོ་བཞི་བཅུ་དྲན

                        ༢༠༡༧.༤.༣

2E8BBE0D-AD5F-41EC-912F-73B49BB2A25E-207-00000015F2AC3AAC_tmp.JPG

                                    མདང་གི་རྨི་ལམ།

མདང་ནུབ་རྨི་ལམ་དུ་བགྲེས་མོ་གཉིས་ཤི་བ་རྨིས
གཉིས་ཀ་ངའི་གཉེན་ཉེའང་རེད
ངས་ཤི་བའི་གོ་རིམ་དེ་དག་གསལ་བོར་རྨིས་བྱུང
ད་དུང་ཆོས་ཀྱང་བྱས་པ་ཡིན

ཞོགས་པ་གཉིད་ལས་སད་རྗེས
ཞེ་ལ་བརྣགས་པའི་དོན་ཞིག་འདུག
འདང་རེ་བརྒྱབ་པས
ཅིའང་དྲན་རྒྱུ་མི་འདུག
ནམ་རྒྱུན་ལྟར་ཉིན་རེའི་འཚོ་བའི་འགོ་ཁ་འདོན་ནས་ཚུགས

ཉིན་གུང་ཞིག་ལ་བགྲེས་མོ་དེ་གཉིས་རེ་རེ་བཞིན་ཡིད་ལ་དྲན
མདང་གི་རྨི་ལམ་ཡང་ཡིད་ལ་དྲན
ཁོང་གཉིས་ཤི་མེད་པའང་ཡིད་ལ་དྲན

ཕྱི་དྲོ་ནུབ་ཕྱོགས་ཀྱི་དེང་རབས་རིང་ལུགས་སྐོར་གྱི་དེབ་ཅིག་བཀླག
མཚམས་ཤིག་ལ་གློ་བུར་དུ་རྨི་ལམ་དེ་དྲན
ང་ལ་རྨི་ལམ་ནས་མངོན་སུམ་བཞིན་བསྟན་པའི་བྱུང་བ་དེ་ཚོ་དྲན
དེ་ཡིན་འདི་ཡིན་མེད་པར་ཚིག་རྐང་འདི་ཚོ་བསྒྲིགས
སྲོག་རྩ་ན་བ་འཇོམས་ཕྱིར་དབུགས་རིང་བོ་རིང་བོ་ཞིག་རྔུབ་ཅིང་བཏང

                                      ༢༠༡༧.༥.༤


                                     གློ་བུར་གྱི་བཞུར་སྟངས་ཤིག


སོག་སྲུབས་ན་བའི་ནད་དེ་སླར་ཡང་འཕར །།
སྙིང་གི་ཚབ་ཏུ་རྡོ་ཡི་ཕོ་ལོང་ལྡིང་།།
སྐད་ཆའི་དཔུང་ཡང་ལྕེ་ཡི་ཁྲིམས་ཀྱིས་བཀག།
གཞིས་ལ་མོ་རྩིས་འཁྲུགས་པས་དལ་བ་མེད །།
བུ་མོ་ངུས་པས་འཁོར་བའི་གླུ་ཆུང་ངུས །།
གོས་མེད་གཅེར་བུའི་གཟུགས་དེ་འདེད་པ་ལ །།
ཞེ་སྡང་རླུང་བུ་བཞོན་པས་མི་ཕན་འདྲ །།
རྟ་ཕོ་ཤ་མེད་དབུགས་ཉིད་ཆད་པ་འདྲ །།
གློ་ལུ་སྟོང་སྟོང་མཚན་མོའི་མུན་པ་བརྒལ །།
དམིགས་ཡུལ་མེད་པར་རྒྱུས་མེད་མི་ཞིག་ལ །།
ཚིག་རྒྱན་ཁ་ཤས་བསླེས་ཏེ་བསྐུར་བ་ན །།
ངག་ནས་སླར་ཡང་ཚིག་གྲུབ་མང་བོ་བཞུར །།

སྟོང་བསམ་རླུང་ལ་བསྐུར་བའི་ངག་གི་རྟར །།
སྒྱུ་མའི་གཤོག་པ་ཐོགས་ཏེ་འཕུར་བ་ན །།
འཇའ་ཚོན་སྣ་ལྔས་བཀུགས་པའི་གཞུ་ལྟོང་ལ །།
སྤྲད་པའི་འཕྲུལ་གྱི་མདའ་མོ་གཅེར་བུ་མས །།
སུ་ཞིག་སྨྲེང་བ་ཤ་ལེར་འགྲོ་བའམ །།
སུ་ཞིག་ཁོག་འཛུམ་གྱི་ལེར་རྒྱང་ལྟ་བྱེད །།
མ་ངེས་འགྲོ་བའི་ཁམས་སུ་གླུ་ཞིག་བླངས །།

མར་མེ་སྟོང་མཆོད་ཅིག་གི་འོད་ངོགས་སུ །།
སྲོག་གི་གར་ལ་འགྲོ་བའི་མེ་ལྕེབས་དག །།
འདི་རུ་གང་ནས་འོང་བ་མ་ངེས་ལ །།
དེ་ནས་གང་ལ་འགྲོ་བའང་མ་མཁྱེན །།
ཁྱོད་ནི་འདས་པོའི་རྣམ་ཤེས་ཡིན་ངེས་ན །།
འོད་ཀྱིས་གར་ཁྱབ་ཕྱོགས་སུ་འཕུར་བར་འཚལ །།

ཁ་ཆར་འདྲེས་མ་འབབ་པའི་ཡུལ་ལྗོངས་སུ །།
སྣང་བའི་རི་མོ་ཡིད་ལ་བཞེངས་བྱེད་ཀྱི །།
འགྱུར་ཁུག་སྙན་མོ་དེ་ཉིད་གང་ནས་འོང་།།
ཚིག་གི་རྨི་ལམ་དེ་ཉིད་གང་ནས་འཁྲུངས །།
འཁྱག་དྲེགས་ཅན་གྱི་སྲིན་འཛུབ་ལས་ཕྱུང་བའི །།
བྱོན་ལེགས་དྲན་རྟེན་འདི་ལ་སྐྱོན་མ་གོས །།

ཀེ་ཐྲར་ཁུར་བའི་གཞོན་ནུ་དབུལ་བོ་ཞིག།
སྲང་ལམ་དེ་ནས་མི་སྣང་ཡལ་བར་གྱུར །།
སྣ་ཚོགས་སྐྱོ་བ་འདར་བའི་གླུ་དབྱངས་ཤིག།
ཆང་ཁང་ཞིག་ལས་དལ་མོར་གྲགས་ཤིང་འོང་།།
དེ་ལ་འདུས་པའི་བཟི་བོ་ཁ་ཤས་ཀྱང་།།
སྐྱོ་ཞིང་གདུང་བའི་སྣང་བའི་སྨུག་པར་དཔྱངས །།

ལང་ཚོའི་རྟ་ཁྱུ་ཞོགས་ཏེ་རི་ལ་ཐལ །།
ཚོར་བའི་ལུག་ཁྱུ་ཡངས་མོ་སྤང་ལ་ཡན །།
རིག་པའི་རལ་གྲི་བཙའ་ཡིས་རལ་བ་ཞིག །
ཤུབས་མེད་རྣོ་མེད་གོ་ཁར་ལྷུང་བས་སྐྱོ །།

གཉིད་ནི་མཐོན་པོ་རི་ཡི་ཁ་བ་བཞིན །།
རླུང་གིས་བདའ་སྟེ་མཚན་མོ་སྟོང་ཕྲག་བརྒལ །།
གཞིས་ཀྱི་རྨི་ལམ་བོར་བའི་སྐྱེ་བོ་ཞིག །།
ཚིག་དང་ཐ་སྙད་བསླེ་བཞིན་ཡོང་བ་ན །།
ལང་ཚོའི་མེ་སྟག་ཡངས་མོའི་ཐང་ནས་ཡལ །།
རྒ་བའི་གླུ་ཞིག་ངག་ནས་ཡང་ཡང་ཤོར།།

9A5E0B03-9E73-4940-9DFE-B67F1993D098-207-00000015DD9EB25B_tmp.JPG

                                    རྒས་སླ་བ་ལ།

གཉོམ་ལྷུང་ལྷུང་གི་སེམས་པ་རུམ་ཏེ
མུན་ནག་ནང་ཡུལ་ལ་ལོག་དུས
བརྩེ་བ་མ་ལུས་ང་དང་རྒྱང་དུ་བྱེར་སྣང་བྱུང

ཡིད་ཀྱི་དགུ་ལ
མནའ་ཚིག་གི་མདུད་པར་བརྒྱུས་པ་དག་དྲན་ཡང
དེ་ནི་དུས་ཀྱི་རི་མོ་ཞིག་ལས
ད་ལྟའི་ང་དང་ཁ་ཐག་རིང

མཉམ་དུ་བཏབ་པའི་གསོལ་འདེབས་དག་རླངས་པ་རུ་འགྱུར་འདུག
གདོང་ལ་སྨྲས་པའི་སྐད་ཆ་དག་བཟི་བཤད་ལ་འགྱུར་འདུག

ཁ་ཁོག་པའི་གཏིང་གི
ཨུ་ཚུགས་དེར་སེར་ག་མ་བྱུགས
གློ་རྒྱུ་མའི་བར་གྱི་
སྙིང་གཏམ་དེ་རླུང་ལ་མ་བསྐུར

ན་ནིང་གི་གཞོན་ནུ་དེས
ད་ལོ་བསླབ་བྱ་གཏོང་ཞིང་
རྒན་གཏམ་བྱེད

ན་ནིང་གི་ང་རྒྱལ་དེ
ད་ནངས་ཀྱི་ཁ་བ་བཞིན
དུས་ཀྱི་ཉི་མས་ཁྱེར་ཟིན

སྣང་བའི་རྒྱལ་ཁམས་སྟོང་བར་གྱུར
རྐང་བ་འདམ་བག་ནང་ལ་སྤོས

རྒས་སླ་བ་ལ རྒས་སླ་བ་ལ

                             ༢༠༧༧.༥.༨


                                     ནགས་ཚལ་གྱི་གླུ་སྐད།


འཇོལ་མོ་འཕུར་བས
རྔ་སྒྲོའང་འཕུར
དུས་ཀྱི་ཁ་དོག་ཡང་ཡང་འགྱུར
མགྲིན་པའི་ཁ་དོག་ཡང་ཡང་དྲན
ནགས་ཚལ་གྱི་གླུ་སྐད
འཇོལ་མོའི་ངག་ལ་མནབས
ང་ཡི་སྨྲེང་ཤ་ཁོ་ན
ང་ཡིས་བསྐྱོར

ང་དང་འབྲེལ་བ་མེད་པའི་འཇོལ་མོ
རྒྱང་རིང་ལ་འཕུར
ལྗང་མདོག་རྒྱང་རིང་ལ་འཕུར
ལྷགས་རླུང་ཁོ་ན་ཤུལ་དུ་ལུས
ང་ཡིས་གླུ་ཆུང་ཞིག
ཁྱོད་ལ་ཡང་ཡང་བླངས
 
             ༢༠༡༧.༦.༦

166AD69F-2183-4529-934A-BAD366904D88-207-000000160CA89F73_tmp.JPG

                                     རྨ་སྟོད་ཀྱི་མཚན་མོ་ཞིག་ལ།

ཟླ་འོད་ཀྱིས་ལྷིང་འཇགས་ཁོ་ན་རུམ
ཐང་སྟོང་གི་རྐྱང་ཁྱུ་ལའང་རྨིག་སྒྲ་དབེན

རྩོལ་མེད་ཡོང་འབབ་སྒུག་པའི་ཡུལ་མི་རྣམས
སྨྲ་བ་མེད་པར་གནས་ཡོད་ཟེར

སྤྲིན་དཀར་འཁྱིལ་བའི་འབའ་སྒྲ་ཞིག་ཡལ་ནས
ཡུན་རིང་ཡུན་རིང་ཕྱིན་སོང་ཟེར

གླིང་ཀའི་ནང་གི་གེ་སར་དང་འབྲུག་མོའང
ཕན་ཚུན་འཕྲད་ཐབས་གཏན་ནས་མེད

གླིང་ཀའི་མཐའ་སྐོར་གྱི་འཁོར་ལོ་དག་ཀྱང
སྒྲ་མེད་པར་འཁོར

གནས་འདི་ཡི་ཁེར་རྐྱང་གི་མུ་མཐའ
ཁེར་རྐྱང་གི་མུ་མེད་ཀྱིས་སྲུང་འདུག


               ༢༠༡༧.༧.༡༧ རྨ་སྟོད་རྫོང་དུ།

                                      བྲང་འོག་གི་ལུས་པོ་འཁྱག་པ་འདི།


བྲང་འོག་གི་ལུས་པོ་འཁྱག་པ་འདི
བརྩེ་བ་རལ་བའི་སྐད་ཆ་གྲང་མོ་འདི
ལག་གཡས་པར་བཟུང་བའི་རྒྱ་སེ་སྐམ་པོ་འདི
པུས་མོ་ཐེད་པའི་ཉོས་ཙེ་དོར་མ་འདི

གློ་ཁུག་ལས་ཟགས་པའི་རྨི་ལམ་དག
ལམ་ནས་ཟད་པའི་ལང་ཚོའི་འཇའ་སྤྲིན་དག
གདུང་གླུ་ཐར་ཐོར་གྱི་འགྱུར་ཁུག་སྙན་མོ་དག
མིག་བཙུམ་ཡང་ཆ་བྱད་ཞེ་ལ་འཆར་བའི་རྒྱུས་མེད་མགྲོན་པོ་དག

ངས་གཉིད་འོག་ནས་མིང་གིས་འབོད་ས་དེ
ཁྱོད་རང་མིན
དུད་ནག་འཐེན་ཏེ་མིག་རྩ་དམར་བའི་བུ་མོ་ཞིག་ཡིན
ངས་ཁོ་མོ་འཁྲུལ་སྣང་ལས་དྲང་འདོད
ངས་ཁོ་མོ་མགྱོགས་པོར་ཕ་མའི་འཁྲིས་སུ་སྐྱེལ་འདོད

ཆང་ནད་ཀྱིས་མནར་བའི་གདོང་བ
ཡི་ཆད་ཀྱི་འཛུམ་ཆུང
སུ་ཞིག་གིས་སེམས་ཀྱི་ཟབ་སར་བཞག་པའི་རྨ་ཁ
མིག་གིས་མཐོང་ཡང་ཡིད་ཀྱིས་རེག་ཐབས་མེད་པ་དག

ཁྲོམ་ཚོགས་སྤྲིན་པ་འཁྲིགས་ཀྱང
ནང་སེམས་ཀྱི་ཁེར་རྐྱང་དང་སྐྱོ་དུབ་སེལ་བར་དཀའ
རླུང་གིས་བསླངས་པ་དག
གངས་རི་བཞིན་སེམས་ནས་བཞུ་མ་ཐུབ

མུན་པ་འཐིབས་ཉེས་སོང་ངམ
ཆར་ནག་འབབ་ཉེས་སོང་ངམ
གཅིག་པུར་འཁྱམས་པའི་ཁྱོད་ལ་ཕ་ཡུལ་མེད་དོན

འུར་ཟིང་གི་རྩེད་མོ་སྣ་ཚོགས་ལ་རོལ་ཡང
མིག་མདངས་སུ་འཐིབས་པ་ནི་ཐེ་ཚོམ་གྱི་ན་བུན

གང་དུ་སོང་ཡང་ས་མཐའ་དང
གང་ནས་བསྡད་ཀྱང་མགྲོན་པོ་སྟེ
་་་ ་་་
               
     ༢༠༡༧.༠༨.༢༧__༢༨ཤར་སྒོ་ཆང་ཁང་ནས། 


རྩོམ་སྒྲིག་པ། ལྷ་སྐྱིད།

(མཆོད་མེའི་པར་དབང་གཞན་གྱིས་དགོལ་མི་རུང)


རྩོམ་ཁུངས། ངེད་དྲ་བ།

གཟིམས་པ་མེད་པའི་མཆོད་མེ། དབྱངས་གསལ་སོ་བཞིའི་མཛེས་སྡུག  RSSསྔོན་མངག

རྨོག་རུ་ཤེས་རབ་རྡོ་རྗེའི་སྙན་ངག་གསར་པ་བདམས་བཀོད།

2017-09-17 རྨོག་རུ་ཤེས་རབ་རྡོ་རྗེ། ཀློག་གྲངས། མཆན ཡོད།

0A4CE311-27E8-47CE-A261-849F6703DE6D-207-00000015FCD507A7_tmp.JPG

                                     བརྩེ་བ།

ཁྱོད་ཀྱི་མིག་གི་གཏིང་ལ་འཁྱིལ་བའི་བརྩེ་བ་དེ
དྲག་པོ་རླུང་གིས་ཀྱང་གཡོ་བར་མ་ནུས

ཁྱོད་ཀྱི་འཇམ་པོ་ངག་ལ་ཆགས་པའི་སྐད་ཆ་དེ
དྲག་པོ་ཆར་གྱིས་ཀྱང་དག་པར་མ་གྱུར

ཁྱོད་ཀྱི་མིག་གི་གཏིང་ལ་འཁྱིལ་བའི་བརྩེ་བ་དེ
ང་ཡི་ཕྱོགས་སུ་ཆུ་རིས་ཤིག་ཤིག་གཡོས་བྱུང

ཁྱོད་ཀྱི་འཇམ་པོ་ངག་ལ་ཆགས་པའི་སྐད་ཆ་དེ
ང་ཡི་ཡིད་ལ་བརྩེ་བ་ལྷུང་ལྷུང་བཞུར་བྱུང

ཁྱོད་ཀྱི་མིག་གི་གཏིང་ལ་འཁྱིལ་བའི་སྐྱོ་གདུང་དེ
དྲག་པོ་རླུང་གིས་ཀྱང་གཡོ་བར་མ་ནུས

ཁྱོད་ཀྱི་འཇམ་པོ་ངག་ལ་ཆགས་པའི་མགུར་མ་དེ
དྲག་པོ་ཆར་གྱིས་ཀྱང་དཀྲོལ་བར་མ་གྱུར

ཁྱོད་ཀྱི་མིག་གི་གཏིང་ལ་འཁྱིལ་བའི་སྐྱོ་གདུང་དེ
ང་ཡི་བྲང་གཞོང་ཧྲིལ་བོར་ལྟེམས་ལྟེམས་འཁྱིལ་བྱུང

ཁྱོད་ཀྱི་འཇམ་པོ་ངག་ལ་ཆགས་པའི་མགུར་མ་དེ
ང་ཡི་རྣ་བར་རི་མོ་འཁྱུག་འཁྱུག་དོད་བྱུང

                                    ༢༠༡༧.༢.༡༤

                                     དགུ་རྒྱབ་ཉི་མ་དགུ་ཡི་ཁ་བ།

རང་ཡུལ་གྱི་ཁ་བ
གཞན་ཡུལ་དུ་བབས་ཏེ
དཔྱིད་ཀ་ཡོངས་སུ་བཀླུབས

གཞན་ཡུལ་གྱི་ཁ་བ
རང་ཡུལ་དུ་བབས་ཏེ
དཔྱིད་ཀ་ཡོངས་སུ་བཀླུབས

དགུ་རྒྱབ་ཉི་མ་དགུ་ཡི་ཁ་བ
གཞན་ཡུལ་ནས་བབས་ཤིང
རང་ཡུལ་ནས་ཀྱང་བབས
སེམས་ཀྱི་དཔྱིད་ཀ་ཁོ་ན
ཁ་བས་ཡོངས་སུ་བཀླུབས

དཔྱིད་ཀ་ཐག་མི་རིང་ཡང
གྲང་ངར་ཁོ་ན་ཤ་རུས་སུ་ལྡིང་འཁོར་རྒྱག
ན་ཚོད་རྒས་ཀྱང
ཁྱོད་རང་ཁོ་ན་ཁ་བ་བཞིན་སེམས་ཀྱི་སྒང་གཞོང་ཀུན་ཏུ་བཀླུབས

                                       ༢༠༡༧.༤.༠༢ མཚན་གུང་། 

2A486823-8878-43DB-AC3A-1C8DDE901B0B-207-00000015E985873C_tmp.JPG
                                     ཕོ་ལོ་སུམ་ཅུ་བརྒལ་དུས།


ཕོ་ལོ་སུམ་ཅུ་བརྒལ་དུས
འགྲོ་རོགས་རླུང་དང་འདུག་རོགས་གྲིབ་མ
ཕོ་ལོ་སུམ་ཅུ་བརྒལ་དུས
ལག་ཏུ་སྒོར་མོ་མེད་ལ་སེམས་སུ་དམིགས་ཡུལ་མེད
ཕོ་ལོ་སུམ་ཅུ་བརྒལ་དུས
སྔོན་གྱི་འགྲོགས་བཟང་ཚོས་ཀྱང་རྒྱང་ནས་རང་གི་བུས་ཕྲུག་ཁྲིད་དེ་རང་གི་ཁྱིམ་དུ་འགྲོ

ཕོ་ལོ་སུམ་ཅུ་བརྒལ་དུས
མགྲིན་པ་ནས་གླུ་ཞིག་འགགས་ཤིང
སོར་རྩེ་ནས་སྙན་ངག་ཅིག་ལུས

ཕོ་ལོ་སུམ་ཅུ་བརྒལ་དུས
འགྲོ་རོགས་གྲོགས་ཤིག་དྲན་ཞིང
འདུག་རོགས་མོ་སྨན་ཞིག་དྲན

ཕོ་ལོ་སུམ་ཅུ་བརྒལ་དུས
ཕོ་ལོ་བཞི་བཅུ་དྲན

                        ༢༠༡༧.༤.༣

2E8BBE0D-AD5F-41EC-912F-73B49BB2A25E-207-00000015F2AC3AAC_tmp.JPG

                                    མདང་གི་རྨི་ལམ།

མདང་ནུབ་རྨི་ལམ་དུ་བགྲེས་མོ་གཉིས་ཤི་བ་རྨིས
གཉིས་ཀ་ངའི་གཉེན་ཉེའང་རེད
ངས་ཤི་བའི་གོ་རིམ་དེ་དག་གསལ་བོར་རྨིས་བྱུང
ད་དུང་ཆོས་ཀྱང་བྱས་པ་ཡིན

ཞོགས་པ་གཉིད་ལས་སད་རྗེས
ཞེ་ལ་བརྣགས་པའི་དོན་ཞིག་འདུག
འདང་རེ་བརྒྱབ་པས
ཅིའང་དྲན་རྒྱུ་མི་འདུག
ནམ་རྒྱུན་ལྟར་ཉིན་རེའི་འཚོ་བའི་འགོ་ཁ་འདོན་ནས་ཚུགས

ཉིན་གུང་ཞིག་ལ་བགྲེས་མོ་དེ་གཉིས་རེ་རེ་བཞིན་ཡིད་ལ་དྲན
མདང་གི་རྨི་ལམ་ཡང་ཡིད་ལ་དྲན
ཁོང་གཉིས་ཤི་མེད་པའང་ཡིད་ལ་དྲན

ཕྱི་དྲོ་ནུབ་ཕྱོགས་ཀྱི་དེང་རབས་རིང་ལུགས་སྐོར་གྱི་དེབ་ཅིག་བཀླག
མཚམས་ཤིག་ལ་གློ་བུར་དུ་རྨི་ལམ་དེ་དྲན
ང་ལ་རྨི་ལམ་ནས་མངོན་སུམ་བཞིན་བསྟན་པའི་བྱུང་བ་དེ་ཚོ་དྲན
དེ་ཡིན་འདི་ཡིན་མེད་པར་ཚིག་རྐང་འདི་ཚོ་བསྒྲིགས
སྲོག་རྩ་ན་བ་འཇོམས་ཕྱིར་དབུགས་རིང་བོ་རིང་བོ་ཞིག་རྔུབ་ཅིང་བཏང

                                      ༢༠༡༧.༥.༤


                                     གློ་བུར་གྱི་བཞུར་སྟངས་ཤིག


སོག་སྲུབས་ན་བའི་ནད་དེ་སླར་ཡང་འཕར །།
སྙིང་གི་ཚབ་ཏུ་རྡོ་ཡི་ཕོ་ལོང་ལྡིང་།།
སྐད་ཆའི་དཔུང་ཡང་ལྕེ་ཡི་ཁྲིམས་ཀྱིས་བཀག།
གཞིས་ལ་མོ་རྩིས་འཁྲུགས་པས་དལ་བ་མེད །།
བུ་མོ་ངུས་པས་འཁོར་བའི་གླུ་ཆུང་ངུས །།
གོས་མེད་གཅེར་བུའི་གཟུགས་དེ་འདེད་པ་ལ །།
ཞེ་སྡང་རླུང་བུ་བཞོན་པས་མི་ཕན་འདྲ །།
རྟ་ཕོ་ཤ་མེད་དབུགས་ཉིད་ཆད་པ་འདྲ །།
གློ་ལུ་སྟོང་སྟོང་མཚན་མོའི་མུན་པ་བརྒལ །།
དམིགས་ཡུལ་མེད་པར་རྒྱུས་མེད་མི་ཞིག་ལ །།
ཚིག་རྒྱན་ཁ་ཤས་བསླེས་ཏེ་བསྐུར་བ་ན །།
ངག་ནས་སླར་ཡང་ཚིག་གྲུབ་མང་བོ་བཞུར །།

སྟོང་བསམ་རླུང་ལ་བསྐུར་བའི་ངག་གི་རྟར །།
སྒྱུ་མའི་གཤོག་པ་ཐོགས་ཏེ་འཕུར་བ་ན །།
འཇའ་ཚོན་སྣ་ལྔས་བཀུགས་པའི་གཞུ་ལྟོང་ལ །།
སྤྲད་པའི་འཕྲུལ་གྱི་མདའ་མོ་གཅེར་བུ་མས །།
སུ་ཞིག་སྨྲེང་བ་ཤ་ལེར་འགྲོ་བའམ །།
སུ་ཞིག་ཁོག་འཛུམ་གྱི་ལེར་རྒྱང་ལྟ་བྱེད །།
མ་ངེས་འགྲོ་བའི་ཁམས་སུ་གླུ་ཞིག་བླངས །།

མར་མེ་སྟོང་མཆོད་ཅིག་གི་འོད་ངོགས་སུ །།
སྲོག་གི་གར་ལ་འགྲོ་བའི་མེ་ལྕེབས་དག །།
འདི་རུ་གང་ནས་འོང་བ་མ་ངེས་ལ །།
དེ་ནས་གང་ལ་འགྲོ་བའང་མ་མཁྱེན །།
ཁྱོད་ནི་འདས་པོའི་རྣམ་ཤེས་ཡིན་ངེས་ན །།
འོད་ཀྱིས་གར་ཁྱབ་ཕྱོགས་སུ་འཕུར་བར་འཚལ །།

ཁ་ཆར་འདྲེས་མ་འབབ་པའི་ཡུལ་ལྗོངས་སུ །།
སྣང་བའི་རི་མོ་ཡིད་ལ་བཞེངས་བྱེད་ཀྱི །།
འགྱུར་ཁུག་སྙན་མོ་དེ་ཉིད་གང་ནས་འོང་།།
ཚིག་གི་རྨི་ལམ་དེ་ཉིད་གང་ནས་འཁྲུངས །།
འཁྱག་དྲེགས་ཅན་གྱི་སྲིན་འཛུབ་ལས་ཕྱུང་བའི །།
བྱོན་ལེགས་དྲན་རྟེན་འདི་ལ་སྐྱོན་མ་གོས །།

ཀེ་ཐྲར་ཁུར་བའི་གཞོན་ནུ་དབུལ་བོ་ཞིག།
སྲང་ལམ་དེ་ནས་མི་སྣང་ཡལ་བར་གྱུར །།
སྣ་ཚོགས་སྐྱོ་བ་འདར་བའི་གླུ་དབྱངས་ཤིག།
ཆང་ཁང་ཞིག་ལས་དལ་མོར་གྲགས་ཤིང་འོང་།།
དེ་ལ་འདུས་པའི་བཟི་བོ་ཁ་ཤས་ཀྱང་།།
སྐྱོ་ཞིང་གདུང་བའི་སྣང་བའི་སྨུག་པར་དཔྱངས །།

ལང་ཚོའི་རྟ་ཁྱུ་ཞོགས་ཏེ་རི་ལ་ཐལ །།
ཚོར་བའི་ལུག་ཁྱུ་ཡངས་མོ་སྤང་ལ་ཡན །།
རིག་པའི་རལ་གྲི་བཙའ་ཡིས་རལ་བ་ཞིག །
ཤུབས་མེད་རྣོ་མེད་གོ་ཁར་ལྷུང་བས་སྐྱོ །།

གཉིད་ནི་མཐོན་པོ་རི་ཡི་ཁ་བ་བཞིན །།
རླུང་གིས་བདའ་སྟེ་མཚན་མོ་སྟོང་ཕྲག་བརྒལ །།
གཞིས་ཀྱི་རྨི་ལམ་བོར་བའི་སྐྱེ་བོ་ཞིག །།
ཚིག་དང་ཐ་སྙད་བསླེ་བཞིན་ཡོང་བ་ན །།
ལང་ཚོའི་མེ་སྟག་ཡངས་མོའི་ཐང་ནས་ཡལ །།
རྒ་བའི་གླུ་ཞིག་ངག་ནས་ཡང་ཡང་ཤོར།།

9A5E0B03-9E73-4940-9DFE-B67F1993D098-207-00000015DD9EB25B_tmp.JPG

                                    རྒས་སླ་བ་ལ།

གཉོམ་ལྷུང་ལྷུང་གི་སེམས་པ་རུམ་ཏེ
མུན་ནག་ནང་ཡུལ་ལ་ལོག་དུས
བརྩེ་བ་མ་ལུས་ང་དང་རྒྱང་དུ་བྱེར་སྣང་བྱུང

ཡིད་ཀྱི་དགུ་ལ
མནའ་ཚིག་གི་མདུད་པར་བརྒྱུས་པ་དག་དྲན་ཡང
དེ་ནི་དུས་ཀྱི་རི་མོ་ཞིག་ལས
ད་ལྟའི་ང་དང་ཁ་ཐག་རིང

མཉམ་དུ་བཏབ་པའི་གསོལ་འདེབས་དག་རླངས་པ་རུ་འགྱུར་འདུག
གདོང་ལ་སྨྲས་པའི་སྐད་ཆ་དག་བཟི་བཤད་ལ་འགྱུར་འདུག

ཁ་ཁོག་པའི་གཏིང་གི
ཨུ་ཚུགས་དེར་སེར་ག་མ་བྱུགས
གློ་རྒྱུ་མའི་བར་གྱི་
སྙིང་གཏམ་དེ་རླུང་ལ་མ་བསྐུར

ན་ནིང་གི་གཞོན་ནུ་དེས
ད་ལོ་བསླབ་བྱ་གཏོང་ཞིང་
རྒན་གཏམ་བྱེད

ན་ནིང་གི་ང་རྒྱལ་དེ
ད་ནངས་ཀྱི་ཁ་བ་བཞིན
དུས་ཀྱི་ཉི་མས་ཁྱེར་ཟིན

སྣང་བའི་རྒྱལ་ཁམས་སྟོང་བར་གྱུར
རྐང་བ་འདམ་བག་ནང་ལ་སྤོས

རྒས་སླ་བ་ལ རྒས་སླ་བ་ལ

                             ༢༠༧༧.༥.༨


                                     ནགས་ཚལ་གྱི་གླུ་སྐད།


འཇོལ་མོ་འཕུར་བས
རྔ་སྒྲོའང་འཕུར
དུས་ཀྱི་ཁ་དོག་ཡང་ཡང་འགྱུར
མགྲིན་པའི་ཁ་དོག་ཡང་ཡང་དྲན
ནགས་ཚལ་གྱི་གླུ་སྐད
འཇོལ་མོའི་ངག་ལ་མནབས
ང་ཡི་སྨྲེང་ཤ་ཁོ་ན
ང་ཡིས་བསྐྱོར

ང་དང་འབྲེལ་བ་མེད་པའི་འཇོལ་མོ
རྒྱང་རིང་ལ་འཕུར
ལྗང་མདོག་རྒྱང་རིང་ལ་འཕུར
ལྷགས་རླུང་ཁོ་ན་ཤུལ་དུ་ལུས
ང་ཡིས་གླུ་ཆུང་ཞིག
ཁྱོད་ལ་ཡང་ཡང་བླངས
 
             ༢༠༡༧.༦.༦

166AD69F-2183-4529-934A-BAD366904D88-207-000000160CA89F73_tmp.JPG

                                     རྨ་སྟོད་ཀྱི་མཚན་མོ་ཞིག་ལ།

ཟླ་འོད་ཀྱིས་ལྷིང་འཇགས་ཁོ་ན་རུམ
ཐང་སྟོང་གི་རྐྱང་ཁྱུ་ལའང་རྨིག་སྒྲ་དབེན

རྩོལ་མེད་ཡོང་འབབ་སྒུག་པའི་ཡུལ་མི་རྣམས
སྨྲ་བ་མེད་པར་གནས་ཡོད་ཟེར

སྤྲིན་དཀར་འཁྱིལ་བའི་འབའ་སྒྲ་ཞིག་ཡལ་ནས
ཡུན་རིང་ཡུན་རིང་ཕྱིན་སོང་ཟེར

གླིང་ཀའི་ནང་གི་གེ་སར་དང་འབྲུག་མོའང
ཕན་ཚུན་འཕྲད་ཐབས་གཏན་ནས་མེད

གླིང་ཀའི་མཐའ་སྐོར་གྱི་འཁོར་ལོ་དག་ཀྱང
སྒྲ་མེད་པར་འཁོར

གནས་འདི་ཡི་ཁེར་རྐྱང་གི་མུ་མཐའ
ཁེར་རྐྱང་གི་མུ་མེད་ཀྱིས་སྲུང་འདུག


               ༢༠༡༧.༧.༡༧ རྨ་སྟོད་རྫོང་དུ།

                                      བྲང་འོག་གི་ལུས་པོ་འཁྱག་པ་འདི།


བྲང་འོག་གི་ལུས་པོ་འཁྱག་པ་འདི
བརྩེ་བ་རལ་བའི་སྐད་ཆ་གྲང་མོ་འདི
ལག་གཡས་པར་བཟུང་བའི་རྒྱ་སེ་སྐམ་པོ་འདི
པུས་མོ་ཐེད་པའི་ཉོས་ཙེ་དོར་མ་འདི

གློ་ཁུག་ལས་ཟགས་པའི་རྨི་ལམ་དག
ལམ་ནས་ཟད་པའི་ལང་ཚོའི་འཇའ་སྤྲིན་དག
གདུང་གླུ་ཐར་ཐོར་གྱི་འགྱུར་ཁུག་སྙན་མོ་དག
མིག་བཙུམ་ཡང་ཆ་བྱད་ཞེ་ལ་འཆར་བའི་རྒྱུས་མེད་མགྲོན་པོ་དག

ངས་གཉིད་འོག་ནས་མིང་གིས་འབོད་ས་དེ
ཁྱོད་རང་མིན
དུད་ནག་འཐེན་ཏེ་མིག་རྩ་དམར་བའི་བུ་མོ་ཞིག་ཡིན
ངས་ཁོ་མོ་འཁྲུལ་སྣང་ལས་དྲང་འདོད
ངས་ཁོ་མོ་མགྱོགས་པོར་ཕ་མའི་འཁྲིས་སུ་སྐྱེལ་འདོད

ཆང་ནད་ཀྱིས་མནར་བའི་གདོང་བ
ཡི་ཆད་ཀྱི་འཛུམ་ཆུང
སུ་ཞིག་གིས་སེམས་ཀྱི་ཟབ་སར་བཞག་པའི་རྨ་ཁ
མིག་གིས་མཐོང་ཡང་ཡིད་ཀྱིས་རེག་ཐབས་མེད་པ་དག

ཁྲོམ་ཚོགས་སྤྲིན་པ་འཁྲིགས་ཀྱང
ནང་སེམས་ཀྱི་ཁེར་རྐྱང་དང་སྐྱོ་དུབ་སེལ་བར་དཀའ
རླུང་གིས་བསླངས་པ་དག
གངས་རི་བཞིན་སེམས་ནས་བཞུ་མ་ཐུབ

མུན་པ་འཐིབས་ཉེས་སོང་ངམ
ཆར་ནག་འབབ་ཉེས་སོང་ངམ
གཅིག་པུར་འཁྱམས་པའི་ཁྱོད་ལ་ཕ་ཡུལ་མེད་དོན

འུར་ཟིང་གི་རྩེད་མོ་སྣ་ཚོགས་ལ་རོལ་ཡང
མིག་མདངས་སུ་འཐིབས་པ་ནི་ཐེ་ཚོམ་གྱི་ན་བུན

གང་དུ་སོང་ཡང་ས་མཐའ་དང
གང་ནས་བསྡད་ཀྱང་མགྲོན་པོ་སྟེ
་་་ ་་་
               
     ༢༠༡༧.༠༨.༢༧__༢༨ཤར་སྒོ་ཆང་ཁང་ནས། 


རྩོམ་སྒྲིག་པ། ལྷ་སྐྱིད།

(མཆོད་མེའི་པར་དབང་གཞན་གྱིས་དགོལ་མི་རུང)


རྩོམ་ཁུངས། ངེད་དྲ་བ།

དཔྱད་མཆན ཡོངས་སུ་གཟིགས།དཔྱད་མཆན།

མིང་མི་འགོད་པར་སྤེལ།