གསར་བུའི་སྙན་ངག་ཚན་པ་ལྔ།

གསར་བུ། དངོས་མིང་ལ་སྐལ་བཟང་འཇམ་དབྱངས་སུ་འབོད། ༡༩༩༥ལོར་བོད་ལྗོངས་མཚོ་སྣ་རྫོང་ཁོངས་ཞིང་གྲོང་ཞིག་ཏུ་སྐྱེས། ༢༠༡༨ལོར་བོད་ལྗོངས་སློབ་ཆེན་རིག་གཞུང་སློབ་གླིང་བོད་དགེ་འོས་ཚང་ནས་སློབ་མཐར་ཕྱིན། བོད་ལྗོངས་སློབ་ཆེན་རིག་གཞུང་སློབ་གླིང་དཔེ་ཀློག་ལྟ་སྦྱོང་གི་ཁོངས་མི་དང་བུམ་པ་རི་རྩོམ་སྒྲིག་ཚོགས་ཆུང་གི་ཚོགས་མི་ཡིན།《སྦྲང་ཆར》དང་《བོད་ཀྱི་རྩོམ་རིག་སྒྱུ་རྩལ》《གངས་རྒྱན་མེ་ཏོག》《ལྷོ་ཁའི་རྩོམ་རིག་སྒྱུ་རྩལ》《བྱང་ཐང་》《ཤྭ་སྐྱ》《བོད་ལྗོངས་ཉིན་རེའི་ཚགས་པར》མཆོད་མེ་བོད་ཀྱི་རྩོམ་རིག་དྲ་བ་སོགས་ལྗོངས་ཕྱི་ནང་གི་ཚགས་དེབ་དྲ་གསུམ་དུ་རྩོམ་ཡིག་རེ་གཉིས་སྤེལ། ༢༠༡༩ལོའི་ལོ་འགོར་མཛའ་ཆེ་བའི་གྲོགས་པ་འགའ་དང་མཉམ་དུ་སྙན་དེབ《རྒྱང་རིང》ཞེས་པ་པར་དུ་བསྐྲུན། ད་ལྟ་ནག་ཆུ་གྲོང་ཁྱེར་མཐོ་རིམ་སློབ་འབྲིང་དུ་དགེ་རྒན་གྱི་བྱ་བར་འབད་བཞིན་ཡོད།

གཤོག་པ་ཐོགས་པའི་རྨི་ལམ།

ངས་མུན་པ་འགམས་ནས་ས་མཐར་འཁྱམས།
ངའི་འཕུར་ལམ་རེག་མྱོང་མཁན་སུ་ཡང་མེད།
ཐ་ན་འུག་པ་རྒད་པོས་ཀྱང་མཐོང་མ་མྱོང་ཟེར།

ཕྱི་རོལ་གི་གླེན་པ་དེ་ཚོ་ལྷས་སུ་མ་སླེབས་ན།
ངས་སྒེའུ་ཁུང་གི་འགྲམ་དུ་རླུང་གི་གཡོར་གྲུ་ལ་སྒུག་གི་ཡིན།

ང་ནི་སྡེ་པ་གཞུང་གི་དཔོན་པོའི་གླ་པ་མིན།
ང་ནི་སྣང་རྩེ་ཤག་གི་བཙོན་པའང་མ་ཡིན།
ང་ནི་ཧི་མ་ལ་ཡའི་རྒྱལ་སྲས་སྨྱོན་པ་དེ་ཡིན།

ང་རང་ཧི་མ་ལ་ཡའི་ཡང་རྩེ་རུ་ཡོད།
ངས་ཁ་བའི་གཡང་ཊི་ཞིག་གནས་འདི་གའི་སྦོ་འོག་ཏུ་སྦས་མྱོང་།
མིང་ལ་ཀུན་སྐྱིད་ཟེར་བའི་བུ་མོ་ཞིག་ལ་གསང་བ་ཞིག་ཀྱང་ལབ་མྱོང་།

ང་རང་གཙང་པོ་བརྒལ་ནས་གྲུ་ཁར་སླེབས་དུས།
ཁོང་མོ་ཤི་བའི་གཏམ་ངན་ཞིག་གོ་བྱུང་བས་ཤིན་ཏུ་སྐྱིད་བྱུང་།
མོས་ངའི་གསང་བ་འཁྱེར་ནས་སྨྲ་བ་འགགས་པའི་བྱ་རྒོད་དང་མཉམ་དུ་ཡིབ་ཡོད་ངེས།

                                     2019-10-19

ཟླ་དང་པོ།

ལྕེ་རྩེར་མེ་འབར་བའི་འགྲུལ་པ་དེ། ངེད་ཚང་གི་སྤུན་ཟླར་གྲགས།
ཁ་སྔོན་མུན་ནག་གི་འགག་འཕྲང་བརྒྱུད་ནས་ཡུལ་ངེས་མེད་དུ་ཉུལ་སོང་ཟེར།

ཁོས༡༩ལོའི་ལོ་འཇུག་ཏུ་འཁྱེར་ཡོང་བའི་ལེགས་སྐྱེས་དེ།
དྲི་མས་འབགས་པའི་རུལ་མྱགས་ཀྱི་འོབས་དོང་ཞིག་ཡིན་པ་སུ་ལའང་ཆ་རྒྱུས་མེད།

ཁོས་རོགས་ཟླ་མང་པོ་ཞིག་མཉམ་དུ་ཁྲིད་ནས་ཕ་ཡུལ་དུ་ལོག་སོང་ཟེར།
ཁོས་ཕ་ཡུལ་གྱི་ས་སྟོང་གང་སར་ཁང་མིག་དཀར་པོ་མང་དག་ཅིག་བཞེངས་སོང་ཟེར།

                                    2020\1\26

བྲོད་སེམས་ཀྱི་རྣམ་རྟོག

ཁ་སྔོན། ངས་ཁྱེད་ཀྱི་ལག་མཐིལ་ནང་ཡི་གེ་ཞིག་རེག་བྱུང་།
རྔུལ་ཆུས་བྲིས་པའི་གཞུང་ཡིག་ཅིག་ཡིན་པ་འདྲ།
མཇུག་ཏུ་མིག་ཆུའི་ཐམ་ཀ་ཞིག་ཀྱང་བཏབ་འདུག

ངས་ག་ལེར་ཞིབ་ཀློག་ཅིག་བྱས་པ་ཡིན།
ཡིག་འགོ་རུ་མེ་ཏོག་ཅིག་བྲིས་འདུག
དབུས་སུ་འདབ་ལོ་རྙིད་མ་ཞིག་བྲིས་འདུག
མཇུག་མཐར་མེ་ཏོག་ལས་མཚར་བའི་ཁོག་མ་ཞིག་བྲིས་འདུག

ཡིན་ནའང་། ཁྱེད་ཀྱིས།
མེ་ཏོག་སྟེང་གི་ཟིལ་བ་མི་འབྲི་བ་ཅི་ཡིན།
འདབ་ལོའི་ངོས་ཀྱི་ནག་ཐིག་མི་འབྲི་བ་ཅི་ཡིན།
ཁོག་མའི་ལོགས་ཀྱི་གྲིབ་གཟུགས་དེ་མི་འབྲི་བ་ཅི་ཡིན།

སང་ཉིན། ཁྱེད་ཀྱི་རྐང་འོག་ཏུ་བཞག་པའི་རྗེས་ཤུལ་དེར།
འབྲི་འཕྲོར་ལུས་པའི་ཟངས་ལྕགས་ཀྱི་མེ་ཏོག་ཅིག་འབྲི་རོགས།

                                     2020\2\29

མགོ་རས་དམར་པོ།

ཨུ་ཚུགས་ཀྱི་འཕྲང་ལམ་དུ་བརྫངས་པའི་ང་རོས།
རང་ཉིད་ཀྱི་དཔྲལ་བ་ལ་རྒྱབ་ལྟོས་ཁོ་ན་བྱེད།

ལྷ་ཀླུའི་པང་བ་ན་ལུས་པའི་མགོ་རས་དམར་པོ།
ལ་རྩེའི་དར་ལྕོག་ལ་ཁེན་པའི་གནམ་ཡིག་ནག་པོ།
བཙོན་ཁང་དང་ལྷ་ཁང་ནོར་ནས་ལོ་མང་འགོར་སོང་།

                                                 2020\3\2

ལམ།

ངས་སྤྲིན་ཚོམ་སྙིམ་པ་གང་བཏུས་ཏེ།
གྱང་ངོས་སུ་ལྷན་པ་དཀར་པོ་ཞིག་བརྒྱབ་རྗེས།
ཞིག་རལ་དུ་སོང་བའི་མེ་ལོང་ནང་།
མིག་ཆུའི་རྣམ་ཐར་སྐྱོང་བཞིན་ཡོད།

ངས་སོལ་བ་ཐུར་མ་གང་འཁྱེར་ནས།
མེ་ཏོག་གི་འདབ་མའི་དབུས་སུ་བརྡལ་རྗེས།
རྨ་ཤུལ་གྱི་ཟམ་པ་ཞིག་གི་འོག་ཏུ།
འཁྲིག་སྤྱོད་ཀྱི་མན་ངག་ལ་སློབ་བཞིན་འདུག

སྔ་དྲོ།ངས་སྐྱེད་ཚལ་རྒྱབ་ཏུ་ཁུར་ཤུལ་དུ།
རི་ལུང་ཐམས་ཅད་མུ་གེས་མནར་སོང་།

                                       2020/3/19

རྩོམ་སྒྲིག་པ། གངས་དགའ།

རྩོམ་ཁུངས། ངེད་དྲ་བ།

གཟིམས་པ་མེད་པའི་མཆོད་མེ། དབྱངས་གསལ་སོ་བཞིའི་མཛེས་སྡུག  RSSསྔོན་མངག

གསར་བུའི་སྙན་ངག་ཚན་པ་ལྔ།

2020-04-12 གསར་བུ།(ནག་ཆུ) ཀློག་གྲངས། མཆན ཡོད།

དཔྱད་མཆན ཡོངས་སུ་གཟིགས།དཔྱད་མཆན།

མིང་མི་འགོད་པར་སྤེལ།