སྐྱོ་སྐྱོའི་སྙན་ངག་བདམས་བཀོད།

སྐྱོ་སྐྱོ།(རྨ་ཆུ) མཆོད་མེ་བོད་ཀྱི་རྩོམ་རིག་དྲ་བ། 2020-05-06
གུས་པོའི་མིང་ལ་སྐྱོ་སྐྱོ་ཟེར་ཞིང་དེ་ནི་ང་ཧ་ཅང་སྐྱོ་བཞིན་ཡོད་པའི་དོན་མིན་ཏེ། ངའི་མི་ཚེའི་ནང་རང་ཉིད་དགའ་སའི་རྩོམ་པ་པོ་དང་གླུ་པ། རི་མོ་བ་དང་འཁྲབ་སྟོན་པ་སོགས་སྣང་བའི་ང་རྒྱལ་དང་ཞི་མོ་དགའ་ས་མ་དང་ཁ་ཏ་འགྲོས་བཟང་ཡང་འགའ་རེ་ཡོད་པས་རང་ཉིད་ལས་ཆེན་ཞིག་རེད་བསམ་ཡོད། སྙིང་ཉེ་ཚོས་ངའི་མིང་ལ་བདེན་སྙེག་དང་དབང་བྷོ་ཞེས་འབོད།


དབྱར་གྱི་མཛེས་སྡུག་བཞིན།

སྤྲིན་གྱི་གྲུ་ཆུང་གི་རྩིབས་མ
རླུང་གི་མདུང་མོས་གཏེད
གྲུ་ནང་གི་བརྗེད་ཆུ
མི་རྣམས་ཀྱི་སྟེང་ལ་བྱོས
ན་ཆུང་དུས་ཀྱི་བརྩེ་དུང་བརྗེད་པར་གྱུར

མེ་ཏོག་དཀར་དམར་གྱིས་གར་འཁྲབ
མིག་དབང་འཁྲུལ་བར་བྱས
ཁྱོད་ཀྱིས་རང་ཉིད་གར་མ་ཞིག་ལ་བརྫུས་ནས
ངའི་སེམས་རྔོན་འདང་བྱས
དབྱར་གྱི་མཛེས་སྡུག་བཞིན
ཁྱོད་ཀྱི་ནང་སེམས་དེ་འདྲའི་མི་རྟག་ན་ཡང
                                   07-07-2019

ཆ་ཡོད།
སྐྱེ་བ་གོང་མར་ཡིན་ནམ
མིག་གི་འཛུམ་ཆུང་ཆ་ཡོད
གཏིང་རིང་བའི་རྨི་ལམ་གྱི་ཕུག་པ

སྐྲ་དང་རྒྱབ་གཟུགས་ཆ་ཡོད
འཇའ་ལུས་ཀྱི་ཡུ་མོ
མངོན་སུམ་སྣང་རྗེས་ཡལ་འགྲོ

རྩི་རྐང་ཞིག་བྱེའུར་ཆགས་པའི་གཏམ་རྒྱུད
དར་ལ་འབྱར
            09-12-2019

ཁ་བའི་མགྲོན་པོ།

མགོ་དཀྲིས་འོག་གི་མིག་ཟུང
ཆུ་མགོ་ཆུང་ཆུང་ཞིག
ཁ་བ་ཅན་གྱི་ཁ་བ
ཁྱོད་མིག་ཆུ་མགོར་འབབ
འཁྱག་སབ་སིབ
དུངས་བན་བུན

གྲང་ངར་ཆུ་བཞིན་བཏུང་རྗེས
ནོར་ཁྱུ་ལྷས་ལ་སྐོར་རན
ལག་ཟུང་འཁྱག་པ་རྡོ
ཁ་པར་གྱི་བརྡ་རྟགས
ཡར་ཁྱོགས་དཀའ་ཡང
རྒྱང་གི་མི་ལ་འཕྲིན་ཞིག་གཏོང

སྒྱེད་རྩ་ན་སྒྲོལ་མ་བསོག་པའི་བྱི་ལར
སེམས་ཁུར་ཅི་ཡང་མེད
ཕོར་པར་བླུགས་པའི་ལྷོ་ཇ
དྲོད་ཀྱིས་ལྟེམས
མདང་དགོང་རྨི་ལམ་ནང་ལ
སྐྱེས་པ་གདོང་སྨུག་པོ་ཅན་ཞིག
མགྲོན་པོར་ཡོང་ཡོད
                                   18-01-2020

ཐག་རིང་སོང་བས།

རླུང་བུས་སྤྲིན་པ་བཅིབ་ནས་གང་ལ་འགྲོ
ཟླ་འོད་ཟེགས་མ་ཁེར་ཧྲེང་ངང
ཆུ་འགྲམ་གྱི་གྲམ་ཐང་ཉུལ
དལ་འགྲོ་རིང་མོས
སུ་ཡི་ཆེད་དུ་གཞས་གཏོང
སྐར་མའི་དཔུང་ཐུག་རྒྱག་སའི
བར་སྣང་སྟོང་ཤུར་ཤུར
ད་ལྟ་ཐག་རིང་སོང་བས
ངས་ཁྱོད་མི་མཐོང་ན་ཡང
ད་ལྟ་ཐག་རིང་སོང་བས
ངས་ཁྱོད་མི་ཟིན་ན་ཡང
སེམས་ལ་སེམས་ཐག་ཉེ་བསམ
                                    15-02-2020

བརྡ་རྟགས།

ལམ་དེ་རྡོ་མའི་སྐ་རགས
རླངས་འཁོར་ཚོགས་ནི
དཔལ་འབར་བཟུང་བའི་འབུ་བཞིན་གཤར
ལམ་གྱི་སྣེ་མོར
པད་དཀར་ལྟ་བུའི་སུ་ཡིས་སྒུག
པད་མ་འདམ་གྱིས་སྦགས་མ

བདག་སེམས་རྡེའུ་དཀར་ནག
ཉོན་སྒྲིབ་མུན་ནང་རེས་དཀར་རེས་ནག
འཁོར་བའི་ཁང་རྙིང་ནང་ལ
ལས་འཕྲོའི་སྡོམ་ཐག་བསྣར་ན
ཁྱོད་རང་ཟིན་ནམ

འུ་གཉིས་ཇ་ལོ་བཞིན
འུ་གཉིས་རྒྱ་སེ་བཞིན
དམ་བེའི་གཏིང་ན་ཡོད
དམ་བེའི་ཁ་ན་ཡོད

དཔྱིད་སང་གནང་ཐོན་ན
ཁྱོད་རང་ནམ་ཐོན།
                                    29/02/2020

ཐུགས་སེམས་གཞན་ལ་མ་འཁྲེང་།

དཔྱིད་ཉི་མཐོ་སྒང་གི་ལུང་པ་ཞིག་ལ་དྲོ་ཞོར
ཁ་བ་མི་ཁྱིམ་ཞིག་གི་སྒོ་ཁར་བབས
ཐྲིག་ཐྲིག་སྒྲ་བཅས་ཁྱོད་ཆུ་ལ་འགྲོ་དགོས
ཆུ་མོ་ལྷ་ཡི་བདུད་རྩི
ཆུ་ཞབས་རྡོ་བ་ཀྲིག་ཀྲིག
ཁྱོས་ཐུགས་སེམས་གཞན་ལ་འཁྲེང་ནས
འཐུང་ཆུ་རག་སྐྱོགས་ཀྱིས་བཅུ་དུས
ང་ཉ་མོ་ཁ་སྤུ་ཅན་ཞིག་ཏུ་སྤྲུལ་ནས
ཁྱོད་ཀྱི་ཟོ་ནང་ན་ཡོད

དཔྱིད་ཉི་མཐོ་སྒང་གི་ལུང་པ་ཞིག་ལ་དྲོ་ཞོར
རླུང་བུ་མི་ཁྱིམ་ཞིག་གི་སྒོ་ཁར་ལྡང
ཤུར་ཤུར་སྒྲ་བཅས་ཁྱོད་རི་ལ་འགྲོ་དགོས
རྫི་མོ་མི་ཡི་བུ་མོ
རྫི་གླུ་དུངས་བ་བན་བུན
ཁྱོས་ཐུགས་སེམས་གཞན་ལ་འཁྲེང་ནས
དྲན་པ་གདུང་དབྱངས་ཀྱིས་མཚོན་དུས
ང་སྦྲང་མ་སྟག་ལྤགས་ཅན་ཞིག་ཏུ་སྤྲུལ་ནས
ཁྱོད་ཀྱི་རྐང་སྣེ་ན་ཡོད
                                    21/03/2020 ཕྱི་དྲོ།

མཚན་མོ་བརྩེ་དུང་ཅན་མ།
                          
              
ཟླ་བ་སྐྱོ་ཉམས་ཅན་ཞིག་སྤྲིན་པའི་གོང་ཁ་ནས་འཆར་དུས
ཁྱོད་ཀྱིས་མི་ཞིག་དྲན་སྲིད་པའི་དུས་ཚོད་ཡིན
ཆར་བ་ཤག་སྒྲ་ཅན་ཞིག་ནོར་ལུག་ལྷས་ལ་འབབ་དུས་ཀྱང
ཁྱོད་ཀྱིས་མི་ཞིག་དྲན་སྲིད་པའི་དུས་ཚོད་ཡིན
དྲན་སྲིད་པའི་དུས་ཚོད་ནང་གི་ཁྱོད་ཀྱི་བརྩེ་དུང་ནི
མཚོ་སྔོན་པོའི་འཇིངས་དང་འདྲ

ལོ་མང་པོའི་རྗེས་སུ
ང་ཁྱོད་ཀྱི་གམ་ལ་ཡོང་ནས
རློན་ཤ་ཞིག་ཟ་བཞིན་ཡོད
ཁྱོད་ཀྱིས་ཆམ་པ་ཞིག་གི་དོ་ཡ་ལ
རྟ་ཟི་དམར་པོ་ཞིག་འཐུང
དེ་དུས་ཟླ་བ་སྐྱོ་ཉམས་ཅན་དེས
འུ་ཅག་ལ་ལྐོག་ཉན་བྱས་ཡོད

ཁུ་འཕངས་ཤིག་བབས་ན་ཁྱོད་རང་བྲེལ་དགོས
ཐང་གི་ཨོང་བ་རློན་འགྲོ
ཚིར་སྒྲ་ཞིག་གྲགས་ན་ཁྱོད་རང་འཚབ་དགོས
ཐབ་ཀྱི་འོ་མ་འཕྱུར་འཇོག
མཚན་མོ་ཁོ་ན་ཁྱོད་ལ་བྱམས་པས
ང་ཁྱོད་ལ་གནང་ཡོད
མཚན་མོ་བརྩེ་དུང་ཅན་མ
བརྩེ་དུང་ཅན་མ།
                                    01/04/2020མཚན་མོར།

Doue
ཁ་བ་འབབ
ལྕུག་ཕྲན་སྟེང་ལ་འབབ
ཟླ་གསུམ་གྱི་རྗེས་ལ་འབབ
ཁྱོད་བཞིན་ང་ཡི་སེམས་ལ་འབབ

ཁངས་འདི་བབས་རྗེས་ཁྱོད་འགྲོ་ངེས་ན
ཁྱོད་ཀྱང་ང་ལ་མི་དགོས།
                                    21/04/2020 
                                   
སྒྲོན་འོག་སྙན་ངག

གླང་རྫི་དང་ཐགས་མོ
དགུ་ཚིགས་དམག་སྤྱི་དང་ཟླ་དཀར་ལྷ་མོ
དེ་དག་གི་བརྩེ་དུང་ཐང་རྙིང་ལ
མཚར་སྣང་གིས་ལྟ་མཁན་མེད་དེ
གཏམ་རྒྱུད་སྔ་མོ་ནས་རླུང་བུས་ཁུར་ཟིན
ཁྱི་སྐད་ལྷང་ལྷུང་རླུང་དང་འགྲོགས

ཟླ་བ་ཚེས་ག་ཞིག་ཆུ་ནང་དུ་ལྷུང
སྐར་མ་ཟ་ཟི་ཕྲ་རྒྱན་ཆུང་ཆུང་ཡིན
ཟླ་བ་ལ་བློ་སེམས་དཀར་མཁན
སྤྲེའུ་གླེན་པ་དེ་ཚོ་ད་ལྟ་མེད
                                    16/04/2020 

ཤད།

ཇ་ཁང་ནས་བྱ་སྒོང་བརྔོས་པའི་དྲི་མཆེད
ཇ་ནང་དུ་བཅའ་སྒ་རློན་པའི་དྲི་བྲོ
གཙག་འབུ་ཞིག་གློག་ཀླད་ངོས་སུ་འབབ
གཅིག་པུ་ཡིན་དོན་དགའ་རོགས་ཀྱིས་བསྐྱུར་བ་ཡིན་ནམ

ཟླ་བས་སྐད་འཕྲིན་རྩེ་བཞིན་ཨེ་འདུག
ཁྱི་རྣམས་སྐར་མར་ཟུག་གིན་འདུག་གམ
ཁྱོད་གོ་ཁར་འཁོར་ནས
ནུབ་ཚལ་ཅི་ཞིག་ལས་འདང་ཡིན

དབྱར་མགོ་མའི་དྲུག་རྒྱལ
འདྲི་མི་དགོས་བོ་ལོའི་བག་སྐར
ང་དོ་ནུབ་ཡོང་ན
ཁྱོས་ངའི་རྗེས་འདེད་དམ                                 
                                      28/04/2020

རྩོམ་སྒྲིག་པ། དབང་མོ།

 

རྩོམ་ཁུངས། ངེད་དྲ་བ།

གཟིམས་པ་མེད་པའི་མཆོད་མེ། དབྱངས་གསལ་སོ་བཞིའི་མཛེས་སྡུག  RSSསྔོན་མངག

སྐྱོ་སྐྱོའི་སྙན་ངག་བདམས་བཀོད།

2020-05-06 སྐྱོ་སྐྱོ།(རྨ་ཆུ) ཀློག་གྲངས། མཆན ཡོད།
གུས་པོའི་མིང་ལ་སྐྱོ་སྐྱོ་ཟེར་ཞིང་དེ་ནི་ང་ཧ་ཅང་སྐྱོ་བཞིན་ཡོད་པའི་དོན་མིན་ཏེ། ངའི་མི་ཚེའི་ནང་རང་ཉིད་དགའ་སའི་རྩོམ་པ་པོ་དང་གླུ་པ། རི་མོ་བ་དང་འཁྲབ་སྟོན་པ་སོགས་སྣང་བའི་ང་རྒྱལ་དང་ཞི་མོ་དགའ་ས་མ་དང་ཁ་ཏ་འགྲོས་བཟང་ཡང་འགའ་རེ་ཡོད་པས་རང་ཉིད་ལས་ཆེན་ཞིག་རེད་བསམ་ཡོད། སྙིང་ཉེ་ཚོས་ངའི་མིང་ལ་བདེན་སྙེག་དང་དབང་བྷོ་ཞེས་འབོད།


དབྱར་གྱི་མཛེས་སྡུག་བཞིན།

སྤྲིན་གྱི་གྲུ་ཆུང་གི་རྩིབས་མ
རླུང་གི་མདུང་མོས་གཏེད
གྲུ་ནང་གི་བརྗེད་ཆུ
མི་རྣམས་ཀྱི་སྟེང་ལ་བྱོས
ན་ཆུང་དུས་ཀྱི་བརྩེ་དུང་བརྗེད་པར་གྱུར

མེ་ཏོག་དཀར་དམར་གྱིས་གར་འཁྲབ
མིག་དབང་འཁྲུལ་བར་བྱས
ཁྱོད་ཀྱིས་རང་ཉིད་གར་མ་ཞིག་ལ་བརྫུས་ནས
ངའི་སེམས་རྔོན་འདང་བྱས
དབྱར་གྱི་མཛེས་སྡུག་བཞིན
ཁྱོད་ཀྱི་ནང་སེམས་དེ་འདྲའི་མི་རྟག་ན་ཡང
                                   07-07-2019

ཆ་ཡོད།
སྐྱེ་བ་གོང་མར་ཡིན་ནམ
མིག་གི་འཛུམ་ཆུང་ཆ་ཡོད
གཏིང་རིང་བའི་རྨི་ལམ་གྱི་ཕུག་པ

སྐྲ་དང་རྒྱབ་གཟུགས་ཆ་ཡོད
འཇའ་ལུས་ཀྱི་ཡུ་མོ
མངོན་སུམ་སྣང་རྗེས་ཡལ་འགྲོ

རྩི་རྐང་ཞིག་བྱེའུར་ཆགས་པའི་གཏམ་རྒྱུད
དར་ལ་འབྱར
            09-12-2019

ཁ་བའི་མགྲོན་པོ།

མགོ་དཀྲིས་འོག་གི་མིག་ཟུང
ཆུ་མགོ་ཆུང་ཆུང་ཞིག
ཁ་བ་ཅན་གྱི་ཁ་བ
ཁྱོད་མིག་ཆུ་མགོར་འབབ
འཁྱག་སབ་སིབ
དུངས་བན་བུན

གྲང་ངར་ཆུ་བཞིན་བཏུང་རྗེས
ནོར་ཁྱུ་ལྷས་ལ་སྐོར་རན
ལག་ཟུང་འཁྱག་པ་རྡོ
ཁ་པར་གྱི་བརྡ་རྟགས
ཡར་ཁྱོགས་དཀའ་ཡང
རྒྱང་གི་མི་ལ་འཕྲིན་ཞིག་གཏོང

སྒྱེད་རྩ་ན་སྒྲོལ་མ་བསོག་པའི་བྱི་ལར
སེམས་ཁུར་ཅི་ཡང་མེད
ཕོར་པར་བླུགས་པའི་ལྷོ་ཇ
དྲོད་ཀྱིས་ལྟེམས
མདང་དགོང་རྨི་ལམ་ནང་ལ
སྐྱེས་པ་གདོང་སྨུག་པོ་ཅན་ཞིག
མགྲོན་པོར་ཡོང་ཡོད
                                   18-01-2020

ཐག་རིང་སོང་བས།

རླུང་བུས་སྤྲིན་པ་བཅིབ་ནས་གང་ལ་འགྲོ
ཟླ་འོད་ཟེགས་མ་ཁེར་ཧྲེང་ངང
ཆུ་འགྲམ་གྱི་གྲམ་ཐང་ཉུལ
དལ་འགྲོ་རིང་མོས
སུ་ཡི་ཆེད་དུ་གཞས་གཏོང
སྐར་མའི་དཔུང་ཐུག་རྒྱག་སའི
བར་སྣང་སྟོང་ཤུར་ཤུར
ད་ལྟ་ཐག་རིང་སོང་བས
ངས་ཁྱོད་མི་མཐོང་ན་ཡང
ད་ལྟ་ཐག་རིང་སོང་བས
ངས་ཁྱོད་མི་ཟིན་ན་ཡང
སེམས་ལ་སེམས་ཐག་ཉེ་བསམ
                                    15-02-2020

བརྡ་རྟགས།

ལམ་དེ་རྡོ་མའི་སྐ་རགས
རླངས་འཁོར་ཚོགས་ནི
དཔལ་འབར་བཟུང་བའི་འབུ་བཞིན་གཤར
ལམ་གྱི་སྣེ་མོར
པད་དཀར་ལྟ་བུའི་སུ་ཡིས་སྒུག
པད་མ་འདམ་གྱིས་སྦགས་མ

བདག་སེམས་རྡེའུ་དཀར་ནག
ཉོན་སྒྲིབ་མུན་ནང་རེས་དཀར་རེས་ནག
འཁོར་བའི་ཁང་རྙིང་ནང་ལ
ལས་འཕྲོའི་སྡོམ་ཐག་བསྣར་ན
ཁྱོད་རང་ཟིན་ནམ

འུ་གཉིས་ཇ་ལོ་བཞིན
འུ་གཉིས་རྒྱ་སེ་བཞིན
དམ་བེའི་གཏིང་ན་ཡོད
དམ་བེའི་ཁ་ན་ཡོད

དཔྱིད་སང་གནང་ཐོན་ན
ཁྱོད་རང་ནམ་ཐོན།
                                    29/02/2020

ཐུགས་སེམས་གཞན་ལ་མ་འཁྲེང་།

དཔྱིད་ཉི་མཐོ་སྒང་གི་ལུང་པ་ཞིག་ལ་དྲོ་ཞོར
ཁ་བ་མི་ཁྱིམ་ཞིག་གི་སྒོ་ཁར་བབས
ཐྲིག་ཐྲིག་སྒྲ་བཅས་ཁྱོད་ཆུ་ལ་འགྲོ་དགོས
ཆུ་མོ་ལྷ་ཡི་བདུད་རྩི
ཆུ་ཞབས་རྡོ་བ་ཀྲིག་ཀྲིག
ཁྱོས་ཐུགས་སེམས་གཞན་ལ་འཁྲེང་ནས
འཐུང་ཆུ་རག་སྐྱོགས་ཀྱིས་བཅུ་དུས
ང་ཉ་མོ་ཁ་སྤུ་ཅན་ཞིག་ཏུ་སྤྲུལ་ནས
ཁྱོད་ཀྱི་ཟོ་ནང་ན་ཡོད

དཔྱིད་ཉི་མཐོ་སྒང་གི་ལུང་པ་ཞིག་ལ་དྲོ་ཞོར
རླུང་བུ་མི་ཁྱིམ་ཞིག་གི་སྒོ་ཁར་ལྡང
ཤུར་ཤུར་སྒྲ་བཅས་ཁྱོད་རི་ལ་འགྲོ་དགོས
རྫི་མོ་མི་ཡི་བུ་མོ
རྫི་གླུ་དུངས་བ་བན་བུན
ཁྱོས་ཐུགས་སེམས་གཞན་ལ་འཁྲེང་ནས
དྲན་པ་གདུང་དབྱངས་ཀྱིས་མཚོན་དུས
ང་སྦྲང་མ་སྟག་ལྤགས་ཅན་ཞིག་ཏུ་སྤྲུལ་ནས
ཁྱོད་ཀྱི་རྐང་སྣེ་ན་ཡོད
                                    21/03/2020 ཕྱི་དྲོ།

མཚན་མོ་བརྩེ་དུང་ཅན་མ།
                          
              
ཟླ་བ་སྐྱོ་ཉམས་ཅན་ཞིག་སྤྲིན་པའི་གོང་ཁ་ནས་འཆར་དུས
ཁྱོད་ཀྱིས་མི་ཞིག་དྲན་སྲིད་པའི་དུས་ཚོད་ཡིན
ཆར་བ་ཤག་སྒྲ་ཅན་ཞིག་ནོར་ལུག་ལྷས་ལ་འབབ་དུས་ཀྱང
ཁྱོད་ཀྱིས་མི་ཞིག་དྲན་སྲིད་པའི་དུས་ཚོད་ཡིན
དྲན་སྲིད་པའི་དུས་ཚོད་ནང་གི་ཁྱོད་ཀྱི་བརྩེ་དུང་ནི
མཚོ་སྔོན་པོའི་འཇིངས་དང་འདྲ

ལོ་མང་པོའི་རྗེས་སུ
ང་ཁྱོད་ཀྱི་གམ་ལ་ཡོང་ནས
རློན་ཤ་ཞིག་ཟ་བཞིན་ཡོད
ཁྱོད་ཀྱིས་ཆམ་པ་ཞིག་གི་དོ་ཡ་ལ
རྟ་ཟི་དམར་པོ་ཞིག་འཐུང
དེ་དུས་ཟླ་བ་སྐྱོ་ཉམས་ཅན་དེས
འུ་ཅག་ལ་ལྐོག་ཉན་བྱས་ཡོད

ཁུ་འཕངས་ཤིག་བབས་ན་ཁྱོད་རང་བྲེལ་དགོས
ཐང་གི་ཨོང་བ་རློན་འགྲོ
ཚིར་སྒྲ་ཞིག་གྲགས་ན་ཁྱོད་རང་འཚབ་དགོས
ཐབ་ཀྱི་འོ་མ་འཕྱུར་འཇོག
མཚན་མོ་ཁོ་ན་ཁྱོད་ལ་བྱམས་པས
ང་ཁྱོད་ལ་གནང་ཡོད
མཚན་མོ་བརྩེ་དུང་ཅན་མ
བརྩེ་དུང་ཅན་མ།
                                    01/04/2020མཚན་མོར།

Doue
ཁ་བ་འབབ
ལྕུག་ཕྲན་སྟེང་ལ་འབབ
ཟླ་གསུམ་གྱི་རྗེས་ལ་འབབ
ཁྱོད་བཞིན་ང་ཡི་སེམས་ལ་འབབ

ཁངས་འདི་བབས་རྗེས་ཁྱོད་འགྲོ་ངེས་ན
ཁྱོད་ཀྱང་ང་ལ་མི་དགོས།
                                    21/04/2020 
                                   
སྒྲོན་འོག་སྙན་ངག

གླང་རྫི་དང་ཐགས་མོ
དགུ་ཚིགས་དམག་སྤྱི་དང་ཟླ་དཀར་ལྷ་མོ
དེ་དག་གི་བརྩེ་དུང་ཐང་རྙིང་ལ
མཚར་སྣང་གིས་ལྟ་མཁན་མེད་དེ
གཏམ་རྒྱུད་སྔ་མོ་ནས་རླུང་བུས་ཁུར་ཟིན
ཁྱི་སྐད་ལྷང་ལྷུང་རླུང་དང་འགྲོགས

ཟླ་བ་ཚེས་ག་ཞིག་ཆུ་ནང་དུ་ལྷུང
སྐར་མ་ཟ་ཟི་ཕྲ་རྒྱན་ཆུང་ཆུང་ཡིན
ཟླ་བ་ལ་བློ་སེམས་དཀར་མཁན
སྤྲེའུ་གླེན་པ་དེ་ཚོ་ད་ལྟ་མེད
                                    16/04/2020 

ཤད།

ཇ་ཁང་ནས་བྱ་སྒོང་བརྔོས་པའི་དྲི་མཆེད
ཇ་ནང་དུ་བཅའ་སྒ་རློན་པའི་དྲི་བྲོ
གཙག་འབུ་ཞིག་གློག་ཀླད་ངོས་སུ་འབབ
གཅིག་པུ་ཡིན་དོན་དགའ་རོགས་ཀྱིས་བསྐྱུར་བ་ཡིན་ནམ

ཟླ་བས་སྐད་འཕྲིན་རྩེ་བཞིན་ཨེ་འདུག
ཁྱི་རྣམས་སྐར་མར་ཟུག་གིན་འདུག་གམ
ཁྱོད་གོ་ཁར་འཁོར་ནས
ནུབ་ཚལ་ཅི་ཞིག་ལས་འདང་ཡིན

དབྱར་མགོ་མའི་དྲུག་རྒྱལ
འདྲི་མི་དགོས་བོ་ལོའི་བག་སྐར
ང་དོ་ནུབ་ཡོང་ན
ཁྱོས་ངའི་རྗེས་འདེད་དམ                                 
                                      28/04/2020

རྩོམ་སྒྲིག་པ། དབང་མོ།

 

རྩོམ་ཁུངས། ངེད་དྲ་བ།

དཔྱད་མཆན ཡོངས་སུ་གཟིགས།དཔྱད་མཆན།

མིང་མི་འགོད་པར་སྤེལ།