ཙ་རྡེའུ་ནག་གི་སྙན་ངག་བདམས་བཀོད།

ངའི་སྨྱུག་མིང་ལ་ཙ་རྡེའུ་ནག་ཟེར་ཞིང་། དངོས་མིང་ལ་འཕགས་པ་ཚེ་རིང་ཟེར།  ད་ལྟ་མདོ་ལྷོ་བསང་ཁོག་སློབ་ཆུང་ནང་གི་བྱིས་རྫི་ཞིག་ཡིན་ལ། བྱིས་པ་ཚོའི་ངོ་གདོང་གི་མེ་ཏོག་བཏུས་ནས་མི་ཚེ་བསྐྱལ་འདང་ཡོད།  ཆུང་དུས་ནས་སྙན་ངག་ཟེར་བའི་རོལ་རྩེད་འདིར་འཐམས་ཤིང་། ལྷག་ཏུ་སློབ་ཆེན་སྐབས་ནས་བཟུང་མཐའ་གཅིག་ཏུ་རང་མོས་སྙན་ངག་གམ་ཕྱེ་མ་ལེབ་དག་གཅིར་བྱེད་ཀྱི་སྙན་ངག་གི་རྡོ་བའི་ཐ་སྙད་དག་བསྒྲིགས་ནས་གོ་དཀའ་བའི་སྙན་ངག་གི་འགད་རྫས་ཤིག་བསྒྲུབས།  དུས་དེ་ནས་བཟུང་ང་རང་ཁེར་རྐྱང་གི་སྙན་ངག་འབྲི་མཁན་ཞིག་ཏུ་གྱུར་སོང་ལ། དུས་དེ་ནས་བཟུང་། ང་ནི་ནག་པོའི་བསྐྱེད་རིམ་ཕྱི་མའི་གསེང་ནས་ནས་སྒྱུ་འཕྲུལ་གྱི་བསླུ་བྲིད་མྱོང་མཁན་ཞིག་ཏུ་གྱུར།

ཆག་རོ།

ཆར་བ་འབབ་པའི་སྒྲ་དེ་ཆག་སོང
འདབ་ཆགས་ཀྱིས་འཐུང་བའི་ཉི་འོད་ཀྱི་སྐུད་པ་ཆད་སོང
མུན་པའི་ལྕེ་ཐོག་ཏུ་འབྱར་བའི་དུས་ཚོད་ཀྱི་གྲོག་མའང་ས་ལ་ཟགས

སྦྲུལ་ཤུན་དུ་བཅུག་པའི་ཡི་གེ་ཆུ་ལ་བསྐུར་དུས
མགོ་དཀྲིས་འོག་གི་ཟླ་འོད་དམར་ཆེམ་ཆེམ་འབར

གློ་བུར་དུ  བརྩེ་དུང་མེད་པའི་མི་ཞིག་སླེབས་བྱུང
བར་སྣང་དུ་སྤྲིན་པ་འདེབས་བཞིན
མེ་ལོང་ཆག་རོའི་ནང་གི
རྡོ་བ་རློན་པ་ཞིག་ཏུ་གྱུར
            
ཁ་བྱང་མེད།

ཕྱི་རོལ་ཏུ་དུས་ཚོད་ཀྱི་ཞལ་ལྕེ་འབབ
ལང་ཚོས་འཐག་པའི་སེང་རས་ཀྱི་མེ་ཏོག
ངལ་དུབ་ཀྱི་རྫིང་བུའི་ཁ་རུ་གཡེང

བརྩེ་དུང་གིས་བཟུང་བའི་བཙོན་མ་དེ་ནི
ཆར་ནག་གི་ལྭ་བ་གྱོན་ནས
དཀའ་སྡུག་གི་མེ་མདའ་འཁུར་མཁན་དེ་ཡིན་སྲིད

མཚན་མོའི་ཁོག་ཏུ་འབུས་པའི   རྒྱུ་སྐར་གྱི་སྡོང་བོ་གཡོ་ཞིང
ཟླ་འོད་ཀྱིས་སྐྱུགས་པའི་རྡོ་བ་རློན་པ་དག
ཕན་ཚུན་ལ་འབྱར
 ཁང་སྟོང་།

གྲིབ་མའི་རྒྱུད་སྐུད་ཀྱི་སྟེང་ལ་གླང་ཆེན་ཞིག་ཉལ་འདུག
གླང་ཆེན་གྱི་དྲུག་མགོ་རུ་ཟླ་བ་ཞིག་ཉལ་འདུག
ཟླ་བའི་ནང་ལ་དུས་ཚོད་ཀྱི་གློ་གྲི་ཞིག་ཐག་སེར་ལྷུང་སོང

བྲང་ཁོག་ཏུ་བརྡོལ་བའི་ཤྭ་འོད་ཇེ་རྒོད་དུ་གྱུར
ཤུལ་དུ་ཉལ་བའི་གྲོག་མོ་ཇེ་ཟབ་ཏུ་གྱུར
ཤ་རུས་ཀྱི་བང་སོ་ལས་བཏང་བའི་ཤ་ཁྱིས
དུས་ཚོད་ཀྱི་ཁང་སྟོང་ཡང་ཡང་ཉུལ

གྲོག་ཚང་དུ་ལྷུང་བའི་མཚམས་སྤྲིན་སྨྱོས་སོང
རྫིང་བུའི་ཁ་ཡི་བྱ་སྒྲོ་ཆག་སོང
རྫ་བུམ་དུ་བསྙལ་བའི་ཞེ་འདང་གི་ཚེས་རིས་ཀྱང
འདར་ལྕུག་ལྕུག་བྱེད
             མེ་ཏོག་གཉིད་སོང་།
 
མེ་ཏོག་གཉིད་སོང
མེ་ཏོག་ནང་གི་ཉི་མས་འོད་སྣང་འཁྲིད་ནས་བུད་སོང

ཤུལ་དུ   ཞེན་ཆགས་ཀྱི་སྤྲིན་པས་མེ་ལྕེ་ལྡག
བྲང་ཁོག་ཏུ་བབས་པའི་རྡོ་ཡི་ཆར་བ་དག
ཤིན་ཏུ་རྩུབ་ལ་བྲོ་ཡང་ལྡིང

འདབ་ཆགས་ཀྱི་མེ་མདས་ཟླ་འོད་འཐུང
དུས་ཚོད་ཀྱི་ཆང་མས
ལྕེ་སྣེ་རུ་ཝ་མོ་འཁྲིད
 
              ཡི་གེའི་མཚོན་ཆ།

སྒེའུ་ཁུང་གི་འདབ་ཁར
སྐར་མདའ་ཤི་བོ་ཞིག་ལྷུང
དམག་ལྭ་རྙིང་པ་ཞིག་གིས་གཅིད་རྗེས
ཨ་མེ་རི་ཀའི་བོའུ་སྐད་ཅིག་གི་ནང་དུ་རྫོངས
 
ཆང་སྣོད་ཀྱི་ཁ་རུ་ལྷན་དུ་འདྲེས་ཀྱིན་པའི
རྡོ་དང་ཞེ་སྡང་གི་མེ་ཏོག
གྲིབ་མའི་ནང་ནས་ཕྱིར་བཤམས་པའི
དུས་ཚོད་ཀྱི་ལྐོག་ཇུས

ང་རང་གྲོག་མ་ལྟར
བསམ་གཞིག་གི་སྒྱེ་མོ་སྐྱེལ
ནམ་ཕྱེད་ལ  ཁྲོན་པའི་ནང་གི་ཟླ་འོད་འཕྱུར་ནས
གཉིད་ལ་ལོག་པའི་བྱིས་པ་འཁུར
                                       
འཚོ་བའི་གཏིང་གི་ནད།
     
འཚོ་བ་ནི་ལག་ཏུ་མེ་ལྕེ་རྩེ་ཐུབ་པའི་གཙང་བོ་ཞིག
ངལ་དུབ་ཀྱི་སྨུག་པ་འཐག་ནས
བུ་ལོན་གྱི་ཆང་མང་དུ་བཏུང་དགོས

ལན་རེར   ནད་ཀྱི་མེ་ཏོག་གིས་བཀུག་པའི
སེམས་ཀྱི་རྭ་བར་ཏུ
ལྕགས་ནག་གི་མདུད་པ་ཞིག་བཀལ་ནས་བུད་འགྲོ

ལན་རེར   སྤྲིན་ནག་སྨྱོན་པ་རེ
དུས་ཚོད་ཀྱི་གློ་མཆིན་གསེབ་ཏུ་བསྐུངས་ཏེ
མ་འོངས་པའི་ཡི་གེ་རེ་རེའི་མགོ་ལ་ཆུ་བླུགས

ལན་རེར    ཕྱེ་ལེབ་ཤི་བོ་རེ་ཡང
རང་གི་རྡུལ་ཚོན་གྱི་གཤོག་པའི་སྟེང་དུ་ཉལ་ཏེ
ཞེན་ཆགས་ཀྱི་ལྕགས་རི་བསྙིལ
གཅེས་ཕྲུག
 
གློ་དང་མཆིན་པའི་སྟེང་ནས
མེ་ཏོག་རློན་པ་ཞིག་ལྷུང་ཚེ
ཐང་གི་རྡོ་བ་ཡང་ཇེ་སྙི་རུ་སོང་ནས
སྙིམ་པ་བཞིན་མཁའ་ལ་བཟེད

ཤ་དང་རུས་པའི་གསེང་ལ
རྒུན་འབྲུམ་ལྟ་བུའི་འཛུམ་ཆུང་དག་འཐོར་འོང་ཚེ
སྡིག་སྒྲིབ་ཀྱི་སོག་མ་ཡང
འཇའ་ཚོན་འཐག་མ་ཞིག་ལྟར
མཛེས་སྡུག་གི་བསླུ་བྲིད་ཅིག་གོ
         སོ་ནམ་པ།

དཔྱིད་ཀ     གྱང་ངོས་སུ་ལྭ་བ་སྲབ་མོ་ཞིག
བརྩེ་དུང་གིས་ཚིག་གིན་འདུག
རླུང་གཅེར་བུ་ཞིག་གིས་ཞིང་ནང་གི་ཡུར་ཆུ་དག
རང་གི་བརླ་བར་དུ་དྲངས

ང་རང་གན་རྐྱལ་དུ་ཉལ
འཆི་བདག་ཀྱང་ང་ཡི་གུད་དུ་གན་རྐྱལ་དུ་ཉལ
ངེད་གཉིས་ཀྱི་བར་ནས་མེ་ཏོག་འགའ་ཡང་ཞུ་ནས
མཚམས་སྤྲིན་དུ་གྱུར

སོ་ནམ་པ  དུས་ཚོད་ཀྱི་ཐུགས་ཀ་ནས་ཐོན
འོབས་སུ་ལྷུང་བའི་ཉི་མ་འཁྲིད་ནས
རྣང་མའི་བར་གྱི་ངལ་བ་འཐུང
 
རྩོམ་སྒྲིག་པ། ལྷ་སྐྱིད།

རྩོམ་ཁུངས། ངེད་དྲ་བ།

གཟིམས་པ་མེད་པའི་མཆོད་མེ། དབྱངས་གསལ་སོ་བཞིའི་མཛེས་སྡུག  RSSསྔོན་མངག

ཙ་རྡེའུ་ནག་གི་སྙན་ངག་བདམས་བཀོད།

2020-06-09 ཙ་རྡེའུ་ནག ཀློག་གྲངས། མཆན ཡོད།

དཔྱད་མཆན ཡོངས་སུ་གཟིགས།དཔྱད་མཆན།

མིང་མི་འགོད་པར་སྤེལ།