བོད་ཀྱི་བུད་མེད་སྙན་ངག་པའི་ཉེ་དུས་ཀྱི་ཚབ་མཚོན་སྙན་ངག་ཕྱོགས་བསྒྲིགས།(ཁག་གསུམ་པ)

གྲུ་བ་བདེ་སྒྲོལ་སོགས། མཆོད་མེ་བོད་ཀྱི་རྩོམ་རིག་དྲ་བ། 2021-06-23

གྲུ་བ་བདེ་སྒྲོལ། མདོ་སྨད་ཐང་སྐོར་སྡེ་བར་སྐྱེས། ༢༠༠༣ལོ་ནས་ད་ལྟའི་བར་དུ་བོད་སྐད་ཡིག་གི་དགེ་རྒན་བྱས། དགའ་ཕྱོགས་སྙན་ངག་གིས་གཙོས་པའི་རྩོམ་རིག་སྒྱུ་རྩལ་ཡིན།
 
མགོ་རྒྱན།
   
དོ་ནུབ།
དྲན་པའི་རི་སུལ་དུ།
འཆར་ཡན་གྱི་ཆུ་བོ་བཞུར་གྱིན་འདུག
ཆུ་བོའི་ཀློང་དུ།
ངས་འཁྲུལ་སྣང་གི་ཀོ་གྲུ་བཏང་སྟེ།
གནམ་མཐའི་སྐར་མ་འོད་ཆེན་མགྲོན་དུ་བོས་ཡོད།

དོ་ནུབ།
ཡིད་ཀྱི་སྤང་ཐང་དུ།
ཕྱི་དྲན་གྱི་ཆར་བ་འབབ་བཞིན་འདུག
ཆར་ཞོད་ཀྱི་ནང་དུ།
ངས་མེ་ཏོག་སྣ་ལྔའི་མགོ་རྒྱན་བསླེས་ཏེ།
སེམས་ཀྱི་ཕྱེ་ལེབ་མགྲོན་དུ་བོས་ཡོད།

དོ་ནུབ།
མེས་པོའི་སྦྲ་གུར་ནང་།
འདུ་འཛོམས་ཀྱི་དགོད་སྒྲས་གང་འདུག
སྒྱེད་པུ་ཡི་འགྲམ་དུ།
ངས་ཁྱེད་ལ་འཛུམ་མདངས་ལྟ་བུའི་སྙན་ངག་འབྲི་བཞིན་ཡོད།

དོ་ནུབ།
མཚན་མོའི་རྩྭ་ཐང་དུ།
སྒོ་ཁྱི་ཡི་ཟུག་སྐད་མཆེད་འོང་།
སྦྲ་ནག་གི་ཁ་ཚུབ་ལས།
ངས་མི་ཡུལ་ལ་ཟུར་མིག་གི་རོལ་དབྱངས་འཁྲོལ་བཞིན་ཡོད།

ཀླུ་མོ་སྐྱིད།  ཀན་ལྷོ་ཀླུ་ཆུའི་མི་ཡིན། སྔ་ཕྱིར་《བོད་ལྗོངས་ཞིབ་འཇུག་》དང་《བོད་ཀྱི་གསོ་རིག་ཞིབ་འཇུག》《ཟླ་ཟེར》《ཀན་ལྷོའི་ཉིན་རེ་ཚགས་པར་》དེ་མིན་《ལྷ་བྱ་དཀར་མོ་》དང་མཚོ་སྔོན་པོ་བོད་ཡིག་ཟིན་བྲིས། མཐོ་སྒང་བུ་མོ་སོགས་སུ་དཔྱད་རྩོམ་དང་བརྩམས་སྒྲུང་། སྙན་ངག་སོགས་ཐེངས་མང་སྤེལ་ཞིང་ད་ལྟ་ཀླུ་ཆུ་རྫོང་བོད་ལུགས་སྨན་ཁང་དུ་སྨན་པའི་བྱ་བ་སྒྲུབ་བཞིན་ཡོད།

བུད་མེད།

དབྱར་གསུམ་མཚར་སྡུག་དང་སྒེག་ཉམས་ཁྲོད།
སྤྲོ་དགའི་རླུང་ཁར་ཡན་སླ་བ་དེ་བུད་མེད་ཡིན།
དགུན་གསུམ་གྲང་ངར་དང་གདུག་རྩུབ་ཁྲོད།
སྡུག་བསྔལ་གྱི་གཏིང་རིམ་དུ་ཟུག་སྐྱེན་པ་དེའང་བུད་མེད་ཡིན།
 
བུད་མེད་ཅེས་པ་ཆུའི་གོང་བུ་ཞིག་ཡིན
ཁྱོད་ཀྱི་བཀྲེས་སྐོམ་དང་སྲེད་པ་སེལ་ཐུབ།
བུད་མེད་ཅེས་པ་མེ་ཡི་ཕུང་བོ་ཞིག་ཡིན།
ཁྱོད་ལ་དྲོད་ཁོལ་དང་འོད་སྣང་བསྩལ་ཐུབ།
ཚ་དྲགས་ན་གདུ་སླ་བ་དང་འཁྱག་དྲགས་ན་འཁེང་སླ་བ་དེའང་བུད་མེད་ཡིན།
 
ཁྱིམ་ཚང་ཞིག་ལ་མཚོན་ན།
ཁྱོ་གའི་འདོད་འདུན་ལ་རེ་བའི་མེ་ལྕེ་སྦར་མཁན་ཆུང་མ་ཡིན།
བུས་པའི་མདུན་ལམ་ལ་འོད་ཀྱི་ས་བོན་འདེབས་མཁན་ཨ་མ་ཡིན།
རྒན་པའི་བདེ་སྐྱིད་དང་བདེ་ཐང་སྲུང་མཁན་ནི་མའམ་བུ་མོ་ཡིན།
 
བུད་མེད་ཅེས་པ་འདི་ཆེར་བསྐྱེད་ན་གནམ་ས་གཉིས་ཀྱི་ཕྱེད་ཀ་ཡིན།
ཆུང་དུ་བསྡུས་ན་སུ་ཡིས་ཀྱང་སྣང་བ་མི་གཏོང་སའི།
ཆེས་ཆུང་བའི་མཁའ་དབུགས་ཀྱི་གྲུབ་ཆ་ཞིག་ཡིན།
མདོར་ན།   བུད་མེད་ཅེས་པ་སྐྱེས་པ་དང་མཉམ་གནས་ཀྱི་དབུགས་རྒྱུན་ཞིག་ཡིན།
                                          2021.3.8

རྔ་བ་ཚེ་རིང་སྐྱིད། ཕ་ཡུལ་རྔ་བ་རྫོང་རྨེའུ་རུ་མ་ཡིན། “སྲང་ལམ་སྙན་རྩོམ་འགྲན་བསྡུར”ཁྲོད་ནས《ང་རང་བརྒལ་ཆོག》ཅེས་པའི་སྙན་ངག་ལ་ཨང་གསུམ་པའི་བྱ་དགའ་ཐོབ། ༢༠༡༧ལོར་བརྩམས་སྒྲུང་《ལྷམ་ཡ་གཅིག》ཅེས་པ་ཀན་སུའུ་མི་རིགས་དཔེ་ཁང་ནས་དཔར་བསྐྲུན་བྱས། ༢༠༡༨ལོར་ལྷོ་ཁའི་རིག་གནས་ཚད་ཡོད་སྡེ་ཁག་ནས་རྒྱལ་ཡོངས་ལ་སྤེལ་བའི་སྐབས་དང་པོའི“བོད་ཀྱི་ཨེ་པ་ཚང་རྩོམ་རིག་བུམ་པའི”འགྲན་བསྡུར་ཁྲོད་ནས་བརྩམས་སྒྲུང《ལྷམ་ཡ་གཅིག་ལ》ཨང་གཉིས་པའི་བྱ་དགའ་ཐོབ།

རྒྱུགས་ཀྱིས་སིལ་བུར་གཏོར་བའི་རྣམ་ཤེས།  
                                     
མཚན་མོའི་ཟླ་འོད་ལ་སྨོན་པའི་མི་ལ།
ཁེར་རྐྱང་དང་གསང་བ་མོད།
དབྱར་གྱི་མེ་ཏོག
དགུན་ཁར་བཞད་མི་སྲིད་དེ།
ཁྱོད་ཀྱི་རྒྱུགས་སྐར་གྱིས་ཀྱང་ཁྱོད་ཉིད་གསལ་བཤད་མི་ཐུབ།
 
ནམ་མཁའ་དང་རྒྱ་མཚོ། རྩྭ་ཐང་གིས་ཁྱོད་ལ།
གུ་ཡངས་དང་ལྷིང་འཇགས། ཞི་འཇམ་གྱིས་མཛེས་རྒྱན་སྤྲས་ཀྱང་།
མཚན་མོའི་མུན་པར་འཐབ་པའི་རྣམ་ཤེས་མེད་ན། 
རྒྱུགས་ཤོག་གི་གམ་ནས་ཁྱོད་ཉིད་རོ་དང་མཚུངས།
 
དབྱར་ཁའི་ཆར་བ་ལ་སྡང་བའི་མི་ལ།
རྨི་ལམ་དང་བརྩེ་དུང་དཀོན།
ཟམ་པ་མེད་པའི་ཆུ་ཆེན་ལ།
ལྷམ་ཕུད་ཀྱང་བརྒལ་མི་ཐུབ་སྟེ།
རྒྱུགས་ཤོག་གི་ཐེམ་སྐས་སུ་ཇི་ལྟར་འགོས་ཀྱང་།
ཁྱོད་ཉིད་ལ་དབང་བའི་རི་བོ་ནམ་ཡང་མི་ཐོབ།
 
རེ་བའི་སྨྱུ་གུ་སེམས་ནས་ཡལ་རྗེས།
སྒེའུ་ཁུང་གམ་གྱི་དབྱར་ཁ་འདིའང་ལག་པས་མི་སྙོབས།
སྤྱི་ཚོགས་ཀྱི་རྙོག་དྲ་དང་།
ཉེ་འགྲམ་གྱི་སུན་གཙེར་ལ་མགོ་སྒུར་བ་ནི།
རྒྱུགས་ལ་འཐབ་རྗེས་ཀྱི་ངལ་དུབ་དང་ཕམ་ཁའི་ནང་ནས་མངོན།
དེ་དུས་སྐྱ་རེངས་དང་པོ་ཚེས་ཀྱང་།
དུས་ཚོད་ཀྱི་དུང་བརྡ་སྙན་ཡང་།
ཁྱོད་ཀྱི་རྣམ་ཤེས་སྔར་བཞིན་གཉིད་དུ་ཡུར་བ་མ་ཡིན་ནམ།
                  ༢༠༢༡.༦.༢༠ཉིན།

ནོར་འཛིན་ནམ་སྒྲ་དབྱངས་སྲས་མོ། ཕ་ཡུལ་ཁམས་བྲག་མགོ་ཡིན། སྡོད་གནས་ནི་གསེར་ཐང་བླ་རུང་པདྨ་མཁའ་འགྲོའི་འདུ་གླིང་ངོ་།།

འཆར་སྣང་གི་ན་ཟུག
            
ཚོར་བའི་རླབས་རིས་ཀྱི་ཕྱི་ནང་སློག་དུས།
དྲན་འཛིན་གྱི་ངོས་སུ་འཇའ་མདངས་ཀྱི་ཁ་དོག་འཐེན།
འཇའ་ཚོན་དེའི་བར་གསེང་ན།
ཚིག་འབྲུ་ལས་ཐོན་པའི་ཆར་ཐིགས་རེ་རེས།
རྒྱབ་ངོས་དང་བྲང་གཞུང་དག་བརླན་པར་བྱས།
སྨུག་སྤྲིན་ལས་བརྡོལ་བའི་ཐ་སྙད་དེའི་བརྗོད་གཞི་མཐའ་དག་འལ་མ་འོལ།
 
བསམ་གཞིག་གི་འགྲམ་ཟུར་བརྒྱུད་དེ།
ལྗང་མདོག་གི་ནེམ་ལོ་ལྟ་བུའི་མཐོང་ལམ་གསེབ་ན།
འོད་ཀྱིས་གསོས་པའི་ཨུ་དུམ་ཝ་ར་ཞིག
ལུས་ཀྱི་དཀྱིལ་དབུས་དང་སྙིང་ཆུང་གི་ཁ་རྒྱན་དུ་བཏབ།

སེམས་ཀྱི་སྟོབས་ཤུགས་དེས།
ཡིན་མདོག་མདོག་གི་ཞྭ་མོ་ཞིག་གྱོན་ཏེ།
ངོས་མི་གཅིག་པའི་གྲུ་ཟུར་སྔོག་གིན།
ཐོས་ཐོས་རིག་རིག་ལ།
ཞྭ་མོ་དེ་ནི་ཚེར་སྣེ་གཟེངས་བའི་ཞྭ་མོ་རུ་གྱུར།
གདོང་འབག་མང་བའི་ལྭ་བས་གཡོགས་པའི་སྐོར་ཁྱམས་སུ།
དཀར་པོ་ནས་ལྗང་གུ་ལྗང་གུ་ནས་རིམ་བཞིན་མདངས་མོག་པའི་དར་ཡུག་རལ་བོ་ཞིག
 
ཡིད་ཀྱི་འཁོར་ཁྱིམ་དང་སེམས་པའི་ལྟེབ་ཁུག་ན།
གཡའ་གོས་པའི་གྲིབ་གཟུགས་ཀྱི་རྡུལ་ཕུང་དག
ནན་གྱིས་ཕྱིས་ནའང་འདོར་དཀའ་བའི་དྲི་མ།
ཡིད་ཀྱི་དབང་སྒྱུར་མཁན་འདིས་ག་ལེར་ག་ལེར།
གད་སྙིགས་ལྟ་བུའི་ངང་ཚུལ་དག་རྒྱང་ནས་རྒྱང་དུ་བྱབས་ཁྲུས་གསོལ།
 
ཞེ་སེམས་ཀྱིས་ཕྱིར་འདང་རེ་སྐོར་ན།
ང་རང་དངོས་གནས་གསོག་གསོབ་དང་རྫུན་གཟུགས་ལ།
ཤ་ཐང་ཆད་ཆད་དུ་གྱུར་བའི་བསམ་མེད་བྱིས་པ་ཞིག་ཅི་ལ་མིན།
ཡིན་ནའང་ཆད་ལ་ཉེ་བའི་སྐུད་སྣེ་རེ་རེ།
དཔེ་སྟོན་གྱིས་བསྩལ་བའི་གོམ་འགྲོས་དང་འགྲོགས་ཏེ།
མ་འོང་པའི་གཟིགས་མཐོང་ལ་བལྟས་ན།
ཁྲག་རྒྱུན་གྱི་འཕར་རྩ་རུ་རྒྱུ་མི་ཐུབ་ཅིང་།
ཚེ་ལུས་རླུང་རྟ་ཡི་གྲོགས་སུ་གསོན་མི་སྲིད་པའི།
ཁུར་འཁྲིས་དག་ཨུ་ཚུགས་ཀྱིས་མདུན་དུ་སྤུངས།

བྲག་ཆ་ལ་རྣ་བ་བླགས་ཏེ།
མདུན་ཕྱོགས་སུ་གོམ་འདེགས་ཀྱིས་གཞལ་དུས།
ཚུགས་ཀ་དང་འདུན་མ་ཡོད་ཚད།
རྨི་ལམ་ནང་གི་དངོས་པོ་བཞིན།
མི་རྟག་ཕྲ་རགས་ཀྱིས་རྒྱས་བཏབ་པའི།
ཚོར་འདུ་ཡི་ཟིལ་ཁ་ནས་འཚུབ་པའི་དྲག་རླུང་གིས་བསེད།
རྒྱུན་ལྡན་མ་ཡིན་པའི་མྱོས་བྱེད་ཅིག་གིས།
ཤ་རུས་ཀྱི་གསེང་དང་གློ་སྙིང་གི་སྦུབས་སུ་ན་ཟུག་གི་ཁྲག་རྗེས་ཕབ།

བྱ་མདོ་བདེ་སྐྱིད་སྒྲོལ་མ། མཚོ་སྔོན་པོའི་ལྷོ་ཕྱོགས་ཀྱི་འབྲོག་སྡེ་ཞིག་ནས་སྐྱེས། མཚོ་སྔོན་མི་རིགས་སློབ་ཆེན་ནས་དངོས་གཞི་མཐར་ཕྱིན།
 
ང་རང་གི་ལྟ་བས་གཅིར།
  
གསང་ཐབས་བྲལ་བའི་གཉེར་རིས་དག་ནི
མེ་ཡིས་འཚིག་བཞིན་པའི་ན་སོ་ཡིན
ལོ་རྒྱུས་ལ་ཕྱིར་མིག་བལྟས་པ་ལྟར
དུས་ཚོད་ཀྱིས་ང་ལ་མེ་ལོང་ཆག་ཐོ་ཞིག་གཡར

ཁ་རོགས་གེར་སྡོད་པ་ནི
སྐད་ཆ་ཁ་ཤས་ཀྱི་དོན་སྙིང་གླེང་བ་དང་མཚུངས

ངས་ཤོག་བྱང་འགའ་ལ་མེ་ཁ་བསྒོས་ཏེ
ནང་སེམས་ཀྱི་ཐབ་ཚང་ལ་དྲོད་ཁོལ་སྟེར་དུས
ཏག་ཏག་དཔྱིད་ཀ་ཚེས་བྱུང

དེ་ལྟ་ནའང
མགོ་བོ་བྲང་ཁར་ལྷུང་ནས
ཉི་ནུབ་ཀྱི་ཁ་གཏད་དུ་བསྡད་པ་ནི
ཕུགས་བསམ་ལ་ཐན་པ་བྱུང་བ་བཞིན
ཕམ་ཁ་བྲིས་འདུག

ཐ་སྙད་འགའི་ཡང་ལྕི་རྩོད་པ་ལ
རིན་ཐང་ཅི་ཡང་མེད་ཀྱང
ཕོར་བའི་མཁྲེགས་ཚད་གླེང་བའི་དུས་རབས་ནང
ང་རང་གི་ལྟ་བས་གཅིར

གཞས་ཁེར་མ། དངོས་མིང་ལ་བདེ་ཆེན་སྒྲོལ་མ་ཟེར། ཕ་ཡུལ་མགོ་ལོག་དགའ་བདེ་ཡིན། ༢༠༡༧ལོར་ནུབ་བྱང་མི་རིགས་སློབ་གྲྭ་ནས་སློབ་མཐར་ཕྱིན། ད་ལྟ་ཕ་ཡུལ་གྱི་སློབ་ཆུང་ཞིག་ན་དགེ་རྒན་གྱི་བྱ་བ་གཉེར་བཞིན་ཡོད། འཇིག་རྟེན་འདིའི་མངར་སྐྱུར་འདྲེས་མའི་འཚོ་བ་དག་ལོངས་སུ་སྤྱོད་ཤེས་པ་ནས་ཡིད་ཀྱི་རྒྱ་མཚོ་སྐྱོམ་པའི་ནང་སེམས་ཀྱི་དགའ་སྐྱོ་ཆགས་སྡང་དག་ཡིག་ངོར་ཕབ་པར་ཤིན་ཏུ་དུངས།
 
ནོར་འཁྲུལ།

ངའི་ནང་སེམས་ཀྱི་ཆེས་མཛེས་ས་རུ་བཞད་པའི་མི་ལགས
ང་ནི་དངོས་གནས་གླེན་མ་ཞིག་རེད
ཚེ་གང་འགོག་ཐབས་བྲལ་བའི
བདག་གི་ཡིད་གཞུང་འདིའིདྭངས་གཙང་གི་ཆུ་མིག
ཁྱེད་སར་བཞུར་སོང་བ་མི་ཤེས་པ་ཅི་ཡིན་ནམ

ངའི་ཁྱེད་ཕྱོགས་བལྟས་པའི་མིག་ཟུང་དང
ཁྱེད་ལ་བཅང་བའི་རྣམ་དག་གི་བརྩེ་བ་འདི་ཤིན་ཏུ་ཡག་ན་ཡང
དབྱར་ཁའི་འཇའ་ཚོན་བཞིན་ཡལ་འགྲོ་ངེས་བསམ་མོད
ད་ནི་ཡ་ཁོག་གི་སྙིང་གསོན་པོ་བཞིན
འཇིག་རྟེན་འདི་དང་གཏན་དུ་མ་གྱེས་ཚེ
ཁྱེད་ཀྱི་ཡི་གར་འོང་བའི་ནང་སེམས་དང
སྙིང་དུ་སྡུག་པའི་ཕྱིར་དྲན་དག་གསུབ་ཐབས་བྲལ
            2021/6/18ཉིན་བྲིས།

སྙན་སྲས་ལྷ་མོ། མིང་དངོས་ལ་ལྕང་བཟའ་ཆོས་ལྷ་ཟེར། མགོ་ལོག་ཁུལ་རྩོམ་པ་པོའི་མཐུན་ཚོགས་ཀྱི་ཚོགས་མི་ཡིན།  ༡༩༩༩ལོར་བྱ་བར་བཞུགས་ཤིང་ད་བར་མགོ་ལོག་ཁུལ་དར་ལག་རྫོང་མི་རིགས་སློབ་འབྲིང་ན་སློབ་གསོའི་བྱ་བ་གཉེར་གྱིན་ཡོད།
 
ལོག་ཕེབས་ཀྱི་ལམ་མདོ།
                          
སྒྲོན་མེ་བཞིན་འཚེར་ཡོང་བའི་ཉི་འོད་དང་ལྷན་དུ།
ཁྱོད་ཚོས་རེ་བ་ཐེག་ཚོད་ཅིག་དང་།
དག་གཙང་ཡང་གཙང་གི་མལ་ཆས་དག་ཁུར་ནས་ལམ་ལ་ཆས།
ངས་ནང་སེམས་ནས་མཆོད་ཆང་ཞིག་མཐོ་རུ་བཀྱགས་ཏེ།
ཁྱོད་ཚོའི་མདུན་སྐྱོད་ལ་སྐྱེལ་མ་བྱས་ཡོད།
བྲལ་མི་འདོད་པའི་ན་ཟུག་མིག་མདངས་ལས་མཆེད་པ་དང་།
གྱེས་མི་བསམ་པའི་ཕྱིར་མིག་ལག་བརྡ་ཡིས་མཚོན་པ་ལས།
གནམ་སྔོན་མོའི་འོག་གི་ཆེས་མཛེས་སྡུག་དང་དྲོད་ཁོལ་ཅན་དེ་ནི
མི་སེམས་ཀྱི་མཛའ་བའི་འདྲེས་སྦྱོར་ལགས།
གཅེས་ཕྲུག་ཚོ། རེ་བ་དང་སྨོན་འདུན་གྱིས་མཐོ་རུ་བཏེགས་པའི་མཆོད་ཆང་འདིས།
མི་ལོ་གསུམ་གྱི་བརྩེ་བ་བློས་མི་ཐོངས་བའི་འཁྱག་སིབ་སིབ་ཀྱི་སེམས་ངོར་བྱབས་ཁྲུས་གནོངས་ལ།
མཁའ་ཡི་གླག་མོ་བཞིན།
སྤང་གི་རྟ་རྒོད་ལྟར།
ཡིད་ཆད་དང་ཚམ་ཚོམ་མེད་པར་རང་རང་གི་དམིགས་སར་སྐྱོད་དང་།
ངས་མ་འོངས་བའི་ཁྱོད་ཚོའི་རྒྱལ་ཁའི་གླུ་ངག་ལ་སྨོན་འདུན་ཁྲི་སྟོང་གི་ཁ་བཏགས་བསྒྲོན་ནས།
ལོག་ཕེབས་ཀྱི་ལམ་མདོ་རེ་བས་བསྲུང་འདུག
             
 ཁ་བ་མེད་པའི་བཅུ་བའི་བཅོ་བརྒྱད།
                                           
མུན་པ་རབ་ཏུ་སྟུག་པའི་མཚན་མོ་ཞིག་གི་ཁ་བ།
ཟླ་ཚེས་ཤིག་གི་སྲོག་ཤིང་དུ་གྱུར།
དུས་དེ་ནས་བཟུང་། 
ཨ་གསར་མིན་པའི་དགའ་དུང་ཞིག་གིས་ཁ་བ་ལ་ཞེན་ཆགས་བྲིས།
ས་སྲོད་ཅིག་གི་དྲན་པ་ཡོད་ཚད་ཀྱང་ཕྲེང་བའི་བརྒྱ་དཔོན་བཞིན་དུང་སེམས་ཀྱི་དྭངས་མར་གྱུར།
ནང་སེམས་ཀྱི་ཆེས་སྙི་ས་དེ།
རེ་སྒུག་སྟོང་ཕྲག་གི་བྲང་གཞུང་ལ་ཁེན་ནས
ལོ་ཟླའི་འཁོར་སྐྱོད་ཀྱི་དབྱངས་འགྲོས་རེ་རེ་བཞིན་རྗོད་ཀྱིན
སྒེའུ་ཁུང་ལས་འཕུར་ཡོང་བའི་ཁ་བའི་འདབ་མ་ཞིག་བྲིས།
གྲང་ངར་གྱིས་སྟོན་འཇུག་གི་ཡུལ་ཁམས་ཧྲིལ་བོ་སེར་བོར་བཏང་རུང་།
ཙན་དན་ཤིང་ལོའི་རང་གཤིས་སྔར་བཞིན།
ཁ་བའི་ཀློང་གི་མཛེས་རྒྱན་ཁོ་ནའོ།།
                    ༢༠༡༩.༡༠.༡༨

དཀར་མོ། མིང་དངོས་ལ་སྐལ་བཟང་སྒྲོལ་མ་ཟེར། དུས་རབས་གོང་མའི་ལོ་རབས་དགུ་བཅུ་པའི་དུས་མཇུག་ཏུ་མདོ་སྨད་རྨ་ཆུའི་དངུལ་རྭ་ནས་སྐྱེས།

ལེགས་སྐྱེས།

རེ་དོགས་ཐོབ་ཤོར་ལས་གྲུབ་པ་དག
སྐད་ཅིག་ཙམ་ལ་ངོ་མཚར་གྱི་གཟུགས་སུ་སྣང་ན་ཡང
སྡུག་ཡུས་ཀྱི་མིག་མདངས
འུར་ཟིང་ལ་བཤོལ་བའི་ལོ་ཟླ་མཐའ་དག
སྤྲིན་རུམ་ནས་ཕྱུང་བའི་འོད་ཟེར་གཉོམ་པོ་དང་འདྲ་བར
གྲིབ་མ་ནག་པོ་དེ་མདུན་དུ་འཐེན
རིང་དུ་བཏང

སྡེ་འདབས་ནས་རྒྱང་ལ་བསྲིངས་པའི་རྐང་ལམ
ལྐོག་གྱུར་གྱི་བཟོ་ལྟ་སྟོན་པར་བྱང་བའི་རྒྱུས་མེད་ཀྱི་ངོ་གདོང
ཆར་བ་ཟམ་ཟིམ་དེ་ཆད་མགོ་བརྩམས་དུས
ཡིད་ཆད་ཀྱི་འདས་སོང་ལ་བསྐྱར་ཟློས་མེད་པར
ནམ་མཁའ་གཞན་ཞིག་རྙེད

མཛངས་འཛུམ། མིང་དངོས་ལ་ཚེ་རིང་སྐྱིད་དུ་འབོད། ༡༩༩༤ལོར་ཕ་ཡུལ་མདོ་སྨད་ཛམ་ཐང་དུ་སྐྱེས།  ད་ལྟ་བོད་ཡིག་གི་ལམ་ནས་རྩོམ་ཡིག་ཐར་ཐོར་རེ་འབྲི་བཞིན་ཡོད།

དུས་རབས་ཤིག་གི་རྒོད་པོ།
              
ཁྱོད་རང་ཤི་འཕྲོ་གསོད་འཐོར་གྱི་མི་རབས་ཤིག་ཏུ་སྐྱེས།
ཁྱོད་རང་ལྟས་ངན་བརྒྱད་ཅུ་དང་།
འགོང་པོ་དགུ་བཅུས་སྔུན་རྒྱབ་ཏུ་བསྣུན་པ​འི་མི་རབས་ཤིག་ཏུ་སྐྱེས།
ཁྱོད་རང་དངོས་མེད་དང་ལྷ་སྒྲུང་ལ་ཞེན་པའི་དུས་རབས་ཤིག་ཏུ་སྐྱེས།
མཐོང་ཐོས་མི་ནུས་པ་མང་དག་ཅིག
གཅིན་སྐྱག་གི་ནང་རྫོང་དང་ལྷན་དུ།
ཧ་ཅང་གཅེས་མདོག་གིས་རུལ་དུ་བཅུག་པ་དེས།
ཁྱོད་ལ་སྨྱོ་ཆང་ལྡུད་པ་ལོས་ཡིན།
ཁྱོད་རང་འཁྱམ་པོ་དང་སྤྲང་པོ་ཡིན་དུས།
བདེན་དུང་རྟུལ་ཕོད་ཀྱིས་ཟས་གོས་བྱས་ཚུལ་དེས།
རྨོངས་པའི་ཁུར་འོག་ཏུ་དུད་པ་རྣམས།
ཅི་བྱ་གཏོལ་བྲལ་ཏུ་གྱུར་ཏེ།
མཐར་ཁྱོད་ཀྱི་རིག་པའི་རྩ་ཆེན་ལ་འདྲེ་ལག་བསྲིངས་པ་ལོས་ཡིན་ཨང་།

ཁྱོད་རང་སྐྱེས་པ་འཕྱི་དྲགས་སོང་།
རིགས་ཀྱི་བླ་རྐང་མི་ཡུལ་དུ་ཡོད་དུས་ཁྱོད་རང་ཅིའི་ཕྱིར་མ་སྐྱེས་པ་ཡིན།
རྡོ་རིང་དང་ཕོ་བྲང་ཐེལ་ཙེ་སོགས་ཆག་འཇིག་གི་གྲུ་ཁར་མ་ལྷུང་སྔོན་ཁྱོད་རང་ཅིའི་ཕྱིར་མ་སྐྱེས་པ་ཡིན།
རིགས་ཀྱི་ལོ་རྒྱུས་འཕྲུལ་བཟོ་དང་བསྐྱར་བཅོས་མ་བྱས་པར་དེབ་ཐེར་དུ་བཀོད་མཁན་ཁྱོད་ཡིན་ན་ཅིའི་ཕྱིར་མ་ཆོག་པ་རེད།
མིའི་དཀའ་སྡུག་དང་བཀྲེས་སྐོམ་ངལ་རྩོལ་བློ་གྲོས་སམ་ཤེས་དཔྱོད་བཅས།
རྡོ་གནམ་ལ་འཕུར་བ་དང་ཐོག་ལག་པས་བཟུང་ཚུལ་ཙམ་གྱིས།
ཡོད་ཚད་ཉོག་དྲིལ་བྱེད་དུས་ཁྱོད་རང་ཅིའི་ཕྱིར་མ་སྐྱེས་པ་ཡིན།
མིའི་བྱས་རྗེས་མིས་ཁྱུར་མིད་བཏང་སྟེ།
མིའི་མིང་བྱང་དང་རྔུལ་ཆུ་ཡིས།
རྟོགས་སྒྲུང་དང་རང་འདོད་ལ་ལྷན་པ་བརྒྱབས་དུས་ཁྱོད་རང་ཅིའི་ཕྱིར་མ་སྐྱེས་པ་ཡིན།
བཙན་པོའི་སྙིང་སྟོབས་དང་ཐབས་ཇུས་ཀྱིས་ས་ཆེན་སྒུལ་དུས།
སྤྲུལ་འགྱུར་གྱི་སྒྱུ་མ་མཁན་ཞིག་ཏུ་བརྫུ་རུ་མ་བཅུག་ན་ཅིའི་ཕྱིར་མ་ཆོག་པ་ཡིན།
དུས་རབས་ཤིག་གི་ཀ་ཆེན།
ཁྱོད་རང་སྐྱེས་པ་འཕྱི་དྲགས་པས་ང་ལ་ཞེ་འགྱོད་ཤིན་ཏུ་ཆེ།

ཡང་གཅིག་ལབ་ན།
ཁྱོད་རང་བཞུད་པ་སྔ་དྲགས་སོང་།
མི་རབས་དུ་མ་ཞིག་གི་བདེན་པའི་དཔང་པོ།
ལོ་རྒྱུས་ཀྱི་དེབ་ཐེར་ཕྱེད་ཀ་དེ་མཐོང་དུས།
ངས་ཁྱོད་རང་བཞུད་རྒྱུ་སྔ་དྲགས་པ་ཤེས་སོང་།
འཕྲུལ་འཁོར་དང་རྟ་དྲེལ་ཅི་གང་མེད་པར།
རིག་པ་དང་རྐང་བས་ས་ཆེན་བརྒལ་པས།
དཔྱད་རྟོགས་གཏམ་རྒྱུད་ཀྱི་ཡིག་ཚགས་ཀློག་དུས།
ངས་ཁྱེད་རང་བཞུད་རྒྱུ་སྔ་དྲགས་པ་ཤེས་སོང་།
མཆོག་དམན་དབྱེ་འབྱེད་ཀྱི་འདུ་ལོང་རྒོད་དུས།
བདེན་དོན་གཙིགས་བཀུར་གྱི་སྐད་ཆ་དེ་མཐོང་དུས།
ངས་ཁྱོད་བཞུད་པ་སྔ་དྲགས་པ་ཤེས་སོང་།
མི་རབས་ཤིག་གི་རྡོ་རིང་།
ཁྱེད་ཉིད་བཞུད་པ་སྔ་དྲགས་པ་དེ།
ཁ་བ་དང་གངས་རི་གྲང་དྲགས་པར་འབྲེལ་བ་ཡོད་དམ།
                    2021/6/6

ཉང་ཁ་ལ་ཡུག མིང་དངོས་ལ་རིན་ཆེན་མཚོ་ཟེར། ཕ་ཡུལ་མདོ་སྨད་ཀླུ་ཆུ་ཡིན། ད་ལྟ་སློབ་ཆེན་ལོ་རིམ་གཉིས་པའི་སློབ་མ་ཡིན།

སྙིང་ཉེ།  
                
གངས་རི་གླེང་ན་སེམས་པ་གཟེར་འོངས།
ཉི་ཟླ་དྲན་ན་གྲང་འདར་བརྒྱབ་འོངས།
རང་ཉིད་མཐོང་ན་མིག་མཐའ་བརླན་འགྲོ།
སྨྲ་བ་མེད་པའི་ཟུག་གཟེར་གྱིས་ཤ་ཁྲག་གི་ཕུང་བོར་གཙེས་དུས།
ངས་ཨམ་གཙིགས་བསྡམས་དགོས་སམ།
ཡང་ན་རྒྱང་རིང་རྒྱང་རིང་ཞིག་ཏུ་ཕྱིར་འོངས་མེད་པར་ད་ནས་ཆས་དགོས།
སྙིང་ཉེ་སྙིང་ཉེ།
ཁྱོད་ཀྱིས་ངའི་གོམ་འགྲོས་བར་གྱི་ངལ་དུབ་ཚོར་བྱུང་ངམ།
ཁྱོད་ཀྱིས་ངའི་དགོད་སྒྲའི་ཚལ་གྱི་འུ་ཐུག་རྙེད་བྱུང་ངམ།

དགུན་གྱི་མཚན་མོ་འདི་ཅི་འདྲའི་གྲང་བ་ལ།
ཕ་ཡུལ་གྱི་མཛེས་སྡུག་གི་སང་ཉིན་མང་དག་འཁྱག་རོམ་གྱི་སྒྲོམ་ལ་བཅུག་སོང་།
སྙིང་ཉེ།
ངས་ཁྱོད་ཀྱི་གྲང་འདར་གྱི་སོ་སྒྲ་མ་ཐོས་ཀྱང་།
ཕུ་རུང་དུ་བཅུག་པའི་ལག་པ་གཉིས་ཀ་སྔ་མོ་ནས་འཁྱག་རེངས་སུ་གྱུར་པ་ཚོར་ཡོད།
མཚན་སྨག་དང་གྲང་ངར་གྱི་ངོ་གདོང་ནས།
ངས་ནང་སེམས་ཀྱི་སྐྱོ་གདུང་ཁྱོད་ཀྱི་སྙིང་གར་སྦྱོར་བ་ཙམ་ལས།
དུང་ཞེན་གྱིས་སྒུལ་བའི་ལག་འཇུ་ཐེངས་ཤིག་ཀྱང་བྱ་ཁག་སོང་།
གུ་ཡངས་གནང་བར་ཞུ།
ཕྱི་མིག་གིས་ཡང་ཡང་འཚོ་འདོད་པའི།
ང་ཡི་ཟླ་དཀར་གཞོན་ནུ།

ཤི་འཕོས་འབྱུང་མི་སྲིད་པའི་དཔའ་རྒོད་དག་གི་ཕྲག་པར་འགྲེང་ནས།
འཇིག་རྟེན་གཞན་ཞིག་གི་འོད་སྣང་ལ་མིག་ཟུང་གཡོར་དུས།
ཁེར་རྐྱང་དུ་ལུས་པའི་ང་ཡི་བརྩེ་དུང་གི་བུམ་པར།
དྲོད་ཁོལ་ཕྲན་ཙམ་ལ་བཞག་པའི་ནམ་མཁའ་ལས་ཅི་ཡང་མེད།
ནམ་མཁའ་དེར་ཁྱོད་གཅིག་པུས་ནམ་འཕང་ཅི་དགར་གཅད་ཆོག་ཨང་།

མི་ཚོགས་ལ་ཁ་གཏད་དེ་ཀི་རིང་ཞིག་འདེབས་འདོད་དུས།
རང་ཉིད་ཀྱི་སྐད་འགག་འདུག་པ་གཞི་ནས་ཚོར།
ད་ནི་ན་ཟུག་རུམ་པའི་གླེགས་བམ་དག་སྔས་སུ་བྱས་ནས།
སྐྱོ་གདུང་གིས་མ་ཐེག་པའི་མིག་ཆུ་ཁྱོར་གང་ཁོག་ཏུ་མིད་པ་ལས་ཅི་བྱ།
ང་ཡི་སྙིང་ཉེ་ལགས།
ངས་ཀྱང་ཁྱོད་ཀྱི་མིག་ཟུང་ལས་རུས་པ་སྲ་མོའི་ང་རྒྱལ་ཞིག་མཐོང་ཐུབ་ན་བསམ།
ད་དུང་ཁྱོད་ཀྱི་བྲང་གཞུང་ལ།
ཞེ་སྡང་གིས་བསྐྱོམ་པའི་ཨུ་ཚུགས་རྣལ་མ་ཞིག་བརྐོ་ཐུབ་ན་སྙམ།

གུ་ཡངས་མེད་པའི་མཚན་མོ་འདི་གདུག་རྩུབ་ཆེ་བ་ལ།
ད་ཡང་ངས་མིག་ཆུ་བསྲན་ཐུབ་ཀྱི་མི་འདུག
ག་དུས་ཡིན་ཡང་མིག་ཆུ་ཡི་ནུས་མེད་ཚོར་འོང་གིན་འདུག
མིག་ཆུ་ནི་ནམ་ཡང་གྲ་སྒྲིག་གང་ཡང་མེད་སྐབས་དང་བསྟུན་ནས་བཞུར་འོངས་ལ།
སླར་ཡང་བསམ་བཞིན་མིན་པའི་བར་སྐབས་ནས་ཆད་འགྲོ།
དེ་ནི་རྒྱུ་རྐྱེན་མེད་པར་ཁྱོད་ཉིད་ཡང་ཡང་དྲན་སྟངས་དང་ཅི་འདྲའི་མཚུངས་པ་ལ།
འཇིགས་སྐྲག་གིས་སྦོས་པའི་མིག་རྩ་དམར་པོར་འགྱུར་ཐེངས་རེ་རེ་ནི།
ངས་ཏག་ཏག་དབུལ་ཕོངས་དང་ཁེར་རྐྱང་བསྲུང་བའི་རང་ཉིད་ཀྱི་ནང་ཁྲོལ
ལ་སྤར་བགྲད་བྱེད་ཐེངས་རེ་རེ་ཡིན།
སྙིང་ཉེ།
ས་ཆེན་ཟང་ཟིང་གིས་བསྐྱོམ་དུས།
ང་སྔར་བཞིན་ཁྱོད་ཀྱི་རྒྱབ་ཕྱོགས་ནས་བརྟན་བརླིང་གིས་འགྲེང་ཐུབ་ངེས་དྲན་ན།
ཁྱེད་ཀྱིས་ངའི་མཚན་སྨག་ཁྲོད་འཇིགས་སྐྲག་གིས་བགྲད་པའི་མིག་ཟུང་ལ་བསམ་ཤེས་བྱ་དགོས་ཨང་།

ཤེས་ཚོད་ལ་ཁྱོད་ཀྱི་སྣང་བརྙན་དག
ད་ནི་ངའི་དོན་ལྔ་སྣོད་དྲུག་ཏུ་སིམ་ཚར་འདུག
ངས་ནམ་ཡང་།
ངའི་དོན་ལྔ་སྣོད་དྲུག་གིས་ལུས་པོ་མི་ལྕོགས་པའི་དུས་དེ།
ན་ཚོད་ཀྱིས་ཀྱང་མ་ལྕོགས་པས་ཡིན་པར་རེ་བ་རྒྱག་གིན་ཡོད།
ཡིན་ནའང་།
གངས་རི་ཞུ་ཤུལ་གྱི་ས་གཞི་ནས་བདེ་སྐྱིད་རྙེད་མི་དཔེ་བ་བསམ་ན།
མུན་པ་འཐིབས་རྗེས་ཀྱི་རྩྭ་ཐང་ནས་ནོར་ལུག་འབོར་སླ་བ་དྲན་ན།
ངས་རང་ཉིད་མི་ཡུལ་ནས་ཡུན་རིང་འཚོ་རྒྱུར་རེ་བ་ཅི་ཡང་རྒྱག་མི་ཕོད།
ང་རང་སྔ་ས་ནས་སྐད་ཡིག་དང་མཉམ་དུ་ཡལ་སོང་ན་ཅི་འདྲའི་འདོད་ཨང་།
དགོངས་དག་ཞུ།   ང་ཡི་སྙིང་ཉེ།
ངས་རྨི་ལམ་གྱི་ཤ་ཞེན་གྱིས་སྒུལ་བའི་སང་ཉིན་གྱི་ངོ་གདོང་ཁྲག་གིས་བརྫིས་པར་བསམ་ཡན་བྱ་མི་ཕོད།
ངས་གློ་ཁུག་ཏུ་བསྡུས་པའི་འཆར་ཡན་གྱི་ནང་ཁྲོལ་རྡོག་པས་བརྫིས་པའི་ན་ཟུག་བསྲོན་དཀའ་སོང་།

སྙིང་ཉེ།
སྐྱེ་བ་གྲངས་མེད་རེས་སུ་འཁོར་རྗེས།
འུ་གཉིས་ཡང་བསྐྱར་ལག་རྡང་སྦྲེལ་ཆོག་ཨང་།

དབྱངས་གསལ་མེ་ཏོག མིང་དངོས་ལ་སྐལ་བཟང་སྒྲོལ་མ་ཟེར།  ཁོང་མོ་ནི་དུས་རབས་གསར་པའི་ནང་དུ་ནག་ཆུ་འབྲི་རུ་ནས་བོད་ཀྱི་དུད་ཁྱིམ་དཀྱུས་མ་ཞིག་ལ་སྐྱེས། ཐོབ་དང་གོ་ས་ཅི་ཡང་མེད་པའི་སྤྱིར་བཏང་གི་བུ་མོ་ཞིག་ཡིན། ཁོང་མོའི་རྣམ་ཤེས་ལ་སྨྱུ་གུས་བཙན་འཛུལ་བྱས་པ་ཡིན་ནམ། སྙན་ངག་འབྲི་བར་རྩ་བ་ནས་ཡི་ཐང་མ་ཆད། དྲང་མོར་བཤད་ན་ཁོང་མོ་སྙན་ངག་ལ་དགའ་མཁན་ཞིག་ཡིན་པ་མ་གཏོགས། སྙན་ངག་གི་རོལ་རྩེད་དེ་ད་དུང་ཡག་པོ་ཞིག་ཡེ་ནས་རྩེ་མི་ཤེས། ཡིན་ཡང་༢༠༡༨ལོ་ནས་བཟུང་སྙན་ངག་གསར་རྩོམ་གྱི་ལམ་ལ་ཞུགས་ཏེ་སྙན་ངག་ཐར་ཐོར་རེ། 《བོད་ཀྱི་རྩོམ་རིག་སྒྱུ་རྩལ》དང་། 《མངའ་རིས་ཚགས་པར》 《རྔ་བའི་གསར་འགྱུར་དྲ་བ》 སོགས་ལོ་དེབ་དང་ཚགས་པར། དྲ་ཚོམས་སོགས་གང་མང་ཞིག་ཏུ་རྩོམ་ལུས་འདྲ་མིན་སྣ་ཚོགས་ཀྱི་སྒོ་ནས་སྙན་ངག་སྤེལ་མྱོང་།  དེ་ནི་མོ་རང་རྩོམ་རིག་ལ་མོས་པ་ཆེ་ཞིང་ལྷག་པར་དུ་རང་མོས་སྙན་ངག་འབྲི་རྒྱུར་དགའ་བོ་ཡོད་པའི་རྒྱུ་མཚན་དུའང་ཡང་ནས་ཡང་དུ་རློམ་གྱིན་ཡོད།

ཁྱོད་དང་ངའི་དབྱར་ཁ།

དབྱར་ཁ་ནི་ཞག་གཅིག་གི་སྦལ་སྐད་རེད།
དབྱར་ཁ་ནི་སྡོང་བོ་རེ་རེའི་མེ་ཏོག་བཞད་ས་རེད།
དབྱར་ཁ་ནི་གླུ་སྐད་ཡང་དང་བསྐྱར་དུ་གྲགས་ས་རེད།

དབྱར་ཁ་ནི་སྙན་ངག་རེ་རེ་བཞིན་ཡིན།
དབྱར་ཁ་ནི་གཅིག་རྗེས་གཉིས་མཐུད་ཀྱི་ནམ་མཁའ་ཡིན།
དབྱར་ཁ་ནི་སྤྲིན་པ་རེ་རེ་བཞིན་ཡིན།

དབྱར་ཁ་ནི་བསིལ་རླུང་ཡང་དང་བསྐྱར་དུ་ལྡང་བ་དེ།
དབྱར་ཁ་ནི་ཡང་དང་བསྐྱར་དུ་དྲག་ཆར་འབབ་པའི་ཉིན་ཞིག་རེད།
དབྱར་ཁ་ནི་སིལ་ཏོག་མངར་མོ་རེ་རེ་བཞིན་ཡིན།

དབྱར་ཁ་ནི་ལོ་མ་རེ་རེ་དང་ལོ་མ་རེ་རེའི་སྔོ་ལྗང་ཡིན།
དབྱར་ཁ་ནི་གཅིག་རྗེས་གཉིས་མཐུད་ཀྱི་གཙང་བོ་ཡིན།
དབྱར་ཁ་ནི་ས་ཞིང་རེ་རེ་བཞིན་གྱི་ལོ་ཏོག་ཡིན།

མ་གཞིར་ཕྱེ་མ་ལེབ་ཁྲ་ཁྲ་ཞིག་བཟུང་ཡོད་པར་འདོད།
དབྱར་ཁ་ཧྲིལ་པོའི་བསིལ་རླུང་འཛིན་ཐུབ་སོང་།
མ་གཞི་དབྱར་ཁ་རླུང་དང་འདྲ་བར་འཛིན་མི་ཐུབ།

དབྱར་ཁ་ནི་བྲིས་ཀྱང་བྲིས་མི་ཚར་བའི་མཛེས་སྡུག་ཅིག་རེད།
དབྱར་ཁ་ནི་ཁྱོད་དང་ངའི་རེ་སྒུག་བྱེད་པའི་ཚིག་འཇམ་པོ་ཞིག་ཡིན།
དབྱར་ཁ་ནི་ཡོང་ནས་ཐག་རིང་ལ་སོང་བའི་དྲན་གདུང་ཡིན།

རྩོམ་སྒྲིག་པ། དབང་མོ།
              
རྩོམ་ཁུངས། ངེད་དྲ་བ།

གཟིམས་པ་མེད་པའི་མཆོད་མེ། དབྱངས་གསལ་སོ་བཞིའི་མཛེས་སྡུག  RSSསྔོན་མངག   བཤེར་འཚོལ།བཤེར་འཚོལ།

བོད་ཀྱི་བུད་མེད་སྙན་ངག་པའི་ཉེ་དུས་ཀྱི་ཚབ་མཚོན་སྙན་ངག་ཕྱོགས་བསྒྲིགས།(ཁག་གསུམ་པ)

2021-06-23 གྲུ་བ་བདེ་སྒྲོལ་སོགས། ཀློག་གྲངས། མཆན ཡོད།

དཔྱད་མཆན ཡོངས་སུ་གཟིགས།དཔྱད་མཆན།

མིང་མི་འགོད་པར་སྤེལ།