ཡུས་ཞིའུ་ཧྭ་ཡི་སྙན་ངག་བདམས་བཀོད།

ཡུས་ཞིའུ་ཧྭ།(ཧུའུ་པེ) མཆོད་མེ་བོད་ཀྱི་རྩོམ་རིག་དྲ་བ། 2021-12-18

ཡུས་ཞིའུ་ཧྭ།  ཧུའུ་པེ་ཞིང་ཆེན་ཀྲུང་ཞང་གྲོང་ཁྱེར་ཧྲི་པའེ་གྲོང་རྡལ་ཧེང་ཏན་གྲོང་ཚོ་རུ་སྐྱེས་ཤིང་།   སྐད་གྲགས་ཅན་གྱི་རྒྱ་རིགས་ཀྱི་བུད་མེད་སྙན་ངག་པ་ཞིག་ཡིན།   ཡུས་ཞིའུ་ཧྭ་བཙས་མ་ཐག་ཏུ་ཀླད་པར་སྐྱོན་ཤོར་བས་འགུལ་སྐྱོད་མི་བདེ་བ་དང་སྐད་ཆ་བཤད་སྐབས་ངག་ཀྱང་མི་གསལ། མཐོ་འབྲིང་ནས་སློབ་མཐར་ཕྱིན་རྗེས། རང་ཁྱིམ་དུ་སོལ་དལ་བག་ཕེབས་ངང་འདུག་ཐུབ་པར་གྱུར།  2009ལོར་ཡུས་ཞིའུ་ཧྭ་ཡིས་དངོས་སུ་སྙན་ངག་འབྲི་འགོ་བརྩམས། སྔ་རྗེས་སུ《ཟླ་འོད་ལག་གཡོན་མར་ལྷུང་བ》དང་ 《འཁྱར་འཁྱོར་གྱི་མི་ཡུལ》《ང་ཚོས་བརྩེ་སེམས་བཟུང་ཞིང་ཕན་ཚུན་བརྗེད་པར་གྱུར》སོགས་སྙན་དེབ་པར་སྐྲུན་བྱས།  2016ལོར་རང་རྒྱལ་གྱི“ཞིང་པའི་རྩོམ་རིག་བྱ་དགའ”སྐབས་གསུམ་པའི་ཐོག“ཞིང་པའི་རྩོམ་རིག་བྱ་དགའ”ཞེས་པའི་དམིགས་བསལ་བྱ་དགའ་ཐོབ། 2018ལོའི་ཟླ6པར།  ལྷུག་རྩོམ་དེབ《དོན་མེད་དགའ་སྣང》ཞེས་པ་པར་སྐྲུན་བྱས།    2018ལོའི་ཟླ12པར་སྙན་དེབ《འཁྱར་འཁྱོར་གྱི་མི་ཡུལ》ཞེས་པར་སྐབས་བདུན་པའི་ཧུའུ་པའེ་རྩོམ་རིག་བྱ་དགའི་མཚན་སྙན་ཐོབ། 2019ལོའི་ཟླ1པོར་རང་རྣམ་བརྩམས་སྒྲུང་ཐོག་མ《ད་དུང་མི་ཡུལ་དུ་གནས་ཡོད》ཅེས་པ་པར་སྐྲུན་བྱས།

ང་ཁྱོད་ལ་དགའ།

ནར་མར་འཚོ་ཞིང་།  ཉིན་རྒྱུན་ཆུ་ལེན་ཟས་གཡོ་དང་།  དུས་ལྟར་སྨན་འཐུང་བར་བྱ།
ཉི་མ་དྲོ་དུས་རང་ཉིད་པགས་རྙིང་ཞིག་དང་འདྲ་བར་ནང་དུ་འཇོག་ཅིང་།
ཇ་ལོ་བརྗེ་རེས་བྱེད་བཞིན་འཐུང་ཨང་། ལུག་མིག་མེ་ཏོག བ་སྤུ་མེ་ཏོག  རྒྱ་སེ་མེ་ཏོག ཤིང་ཏོག་གམ་བུ་ར།
ཡིད་དུ་འོང་བའི་དངོས་རྫས་འདི་དག་གིས་ང་དཔྱིད་ཀའི་ལམ་དུ་ཁྲིད་པ་འདྲ་བས།
ངས་ཐེངས་རེ་རེར་ནང་སེམས་ཀྱི་ཁ་བ་མར་ལ་མནན།
དེ་དག་དྭངས་གཙང་དང་དཔྱིད་ཀར་ཉེ་དྲགས་པས།
དག་གཙང་གི་ལྷས་རར་ཁྱོད་ཀྱི་སྙན་ངག་བཀླགས།
མི་ཡུལ་གྱི་གནས་བབ་འདི།
གློ་བུར་འཕུར་བའི་ཁང་བྱིའུ་ལྟར་རབ་རིབ་ཏུ་གྱུར།
ལོ་ཟླ་གཙང་ལ་དཀར།  ང་མཆིན་རྒྱུ་དུམ་བུར་གཅོད་པར་མི་འཚམ།
གལ་ཏེ་ཁྱོད་ལ་དེབ་གཅིག་བསྐུར་དགོས་ན།  ངས་ཁྱོད་ལ་སྙན་ངག་བསྐུར་མི་སྲིད།
ངས་ཁྱོད་ལ་སྐྱེ་དངོས་དང་ལོ་ཏོག་གི་སྐོར་བསྐུར་ཏེ།  
ཁྱོད་ལ་འབྲས་དང་འབྲས་ངན་གྱི་ཁྱད་པར་གླེང་ཞིང་།
འབྲས་ངན་རྐང་གཅིག་གིས་སེམས་ཁྲལ་གཏད་པའི་དཔྱིད་ཀ་གླེང་ངེས།

ཀྲུང་གོའི་ཕྱེད་ལྷག་བརྒལ་ནས་ཁྱོད་ལ་གཡེམ་དུ་སོང་།

དོན་དུ་ཁྱོད་ལ་གཡེམ་པ་དང་ཁྱོད་ཀྱིས་གཡེམ་པར་ཧེ་བག་ཆེན་པོ་མི་འདུག
ལུས་པོ་གཉིས་འཐམ་ཞིང་འཁྱུད་པའི་སྟོབས་ཤུགས་ལས་གཞན་ཅི་ཡང་མིན། སྟོབས་ཤུགས་དེས་བཞད་དུ་བཅུག་པའི་མེ་ཏོག་ལས་གཞན་ཅི་ཡང་མིན།
མེ་ཏོག་གང་གིས་རྟོག་པའི་བཞེངས་པའི་དཔྱིད་ཀས་ང་ཚོར་ཚེ་སྲོག་གི་སྒོ་འཕར་ཡང་བསྐྱར་ཕྱེས་སོང་སྙམ་པའི་འཁྲུལ་ཤེས་ལས་གཞན་ཅི་ཡང་མིན།
ཀྲུང་གོའི་ཕྱེད་ལྷག་ཏུ་ཅི་ཡང་འབྱུང་སྟེ།  མེ་རི་འཕྱུར།  གཙང་བོ་འཐག
སེམས་ཁུར་མེད་པའི་ཆབ་སྲིད་ཀྱི་ཉེས་ཅན་དང་འཁྱམ་པོ་ཁ་ཤས་དང་།
ལམ་སྐྱ་མོར་སོ་མིག་ཏུ་ཡོད་པའི་ཤྭ་བ་དང་ཁྲུང་ཁྲུང་མཆོག་དམར།
ང་མདའ་མདེལ་གྱི་སེར་བ་དྲག་པོ་བརྒལ་ཏེ་ཁྱོད་ལ་གཡེམ་དུ་སོང་།  
ངས་མཚན་མོ་གྲངས་མེད་ཅིག་ཐོ་རེངས་ཁྲོད་མནན་ཏེ་ཁྱོད་ལ་གཡེམ་དུ་སོང་།
ངས་རང་ཉིད་གྲངས་མེད་ཅིག་མཆོང་འགྲོས་ཀྱིས་རང་ཉིད་གཅིག་པུར་བསྒྱུར་ཏེ་ཁྱོད་ལ་གཡེམ་དུ་སོང་།
ང་ཡང་ཕྱེ་ལེབ་ཁ་ཤས་ཀྱིས་གོལ་ལམ་དུ་འཁྲིད་ངེས་པ་སྨོས་ཅི་དགོས།
བསྟོད་བསྔགས་ཁ་ཤས་དཔྱིད་ཀར་བརྩིས་ཏེ།
ཧེང་ཏེན་དང་འདྲ་བའི་གྲོང་ཚོ་ཞིག་ཕ་ཡུལ་དུ་བརྩིས་ཏེ།
དེ་དག་ཚང་མ་ནི་ང་ཁྱོད་ལ་གཡེམ་དུ་སོང་བའི་ལྡོག་མེད་ཀྱི་གནས་ལུགས་སོ།།

     ངས་ན་ཟུག་གིས་མི་ཡུལ་ལ་སྤྲེལ་ལད་སྟོན།

ངས་རང་གི་ལུས་ཕུང་ལ་དོ་སྣང་བྱེད་དུས།  དེ་ནི་རྒས་ཤིང་འཁོགས་ཏེ།  ཕྱིར་ཟློག་གི་ནུས་པས་ཕོངས།
དོན་སྣོད་དང་ཡན་ལག་བརྗེ་བཞིན་ན་བ་སྟེ། ཕོ་བ་དང་དཔུང་བ།  རྐང་བ།  མཛུབ་མོ།

འཇིག་རྟེན་ནས་ངས་དོན་ངན་མང་པོ་བསྒྲུབས་པར་དོགས་སྣང་སྐྱེ་སྟེ།
བཞད་མྱོང་བའི་མེ་ཏོག་ལ་ངན་སྨོད་བྱས།  ངས་མུན་ནག་གི་མཚན་མོར་འཁྲེང་བཞིན་ཞོགས་པ་སྣང་མེད་དུ་བསྐྱུར་བར་དོགས་སྣང་སྐྱེ།

དགའ་འོས་པ་ཞིག་ལ། ན་ཟུག་ཁ་ཤས་སྲོན་ཆོག་སྟེ།  ཟུར་དོར་དང་ཁེར་ཧྲེང་།  ཡུན་རིང་ལུས་པའི་ལུང་སྟོང་བདག་ཏུ་ཉར།

བརྗོད་པར་ནོངས་པའི་འདི་དག་སྟེ།  དངོས་གནས་ང་ཁོ་ཚོར་དུངས་པ་འདང་གིན་མི་འདུག

ཉམས་ཆག་བྱུང་བའི་མེ་ཏོག་རྐང་གཅིག་བྱེད།

ང་ནི་རྒྱ་སྟག་གི་མཆེ་བར་ན་འཚོ་བའི་བུ་མོ་དེ་ཡིན་པ་ང་རང་ཁས་འཆེ།
ངའི་ཤ་ཁྲག་གི་ཕུང་བོ་ནི་རྟགས་བྱང་ཞིག་ཡིན་པའང་ང་རང་ཁས་འཆེ།
ངས་ལག་ཟུང་གིས་རྣམ་ཤེས་མཐོར་བཏེགས་ཤིང་།
ཁྱོད་ཀྱིས་སོ་འདེབས་མིན་གང་ལྟར་ཀྱང་ཁྱོད་ཀྱི་བྱམས་བརྩེར་བདེན་དཔང་བྱེད་ཐབས་མི་འདུག

ཡང་བསྐྱར་ང་ཚོའི་བདེ་གཞོངས་མི་བཤད་པར།  བྱས་ཉེས་ཀྱི་རི་གྲོང་ཤོད་དང་།
 འཚོ་བ་ནི་ཁྱི་དང་མཚུངས།
སུ་ཞིག་གིས་མགོ་བོ་སྨད་དུས།   ལག་ཟུང་ཁུ་ཚུར་འཆིང་།
མེ་ཏོག་ཉམས་ཤིང་ལྟུང་ལ།   ཁོ་མོའི་གཞུང་རྟ་བཏེགས་པར་ཟུངས་ཁྲག་ལྷོག་ལྷོག་བཞུར།

ངས་ཡང་བསྐྱར་མེ་ཏོག་གི་ལྷུག་བརྗོད་དང་སྙན་ངག་གི་དུག་ངན་མཆེད་པར་ཚོད་འཛིན་བྱས་པར།
དེ་ནི་ལུས་པོའི་ནད་ཡམས་དང་འཆི་བའི་ཉེ་བཅར་འགོག་པ་དང་མཚུངས།
ཁྱོད་ཀྱིས་འབུར་ཚུགས་སུ་བལྟ་བའི་ཁ་ཕྱོགས་གང་མྱུར་གྱིས་བསྒྱུར་དགོས་ལ།
སྒྲོན་མེ་བཏེགས་ནས་རང་གི་ནང་སེམས་མཐོང་བར་སྐྲག་པའང་བསྒྱུར་དགོས།

འཚོ་བ་ཡང་ཡང་ཉོག་ཟིང་དུ་འཁོར་ཞིང་།
ཁེ་གྲིར་བཙའ་ཡིས་ཟིན་པས།   ལྟེ་ཐག་སྔར་བཞིན་སྐེ་ལ་དཀྲིས་ཡོད།

མི་རེ་རེར་ཁམ་བུའི་མེ་ཏོག་རེ་ཡོད།

མི་རེ་རེར་དཔྱིད་ཀ་ཞིག་ཡོད་པའི་ངེས་པ་མི་འདུག
ཁོའི་རྩིབས་རུས་སུ་བུ་མོ་ཞིག་སྐྱེ་བའི་ངེས་པ་མི་འདུག
བུ་མོ་གང་གི་འཇོ་སྒེག     རླུང་ལྡང་སྐབས་ལག་ཕྱིས་གཡུག་པའི་ངེས་པ་མི་འདུག

འོན་ཀྱང་མི་རེ་རེར་ཁམ་བུའི་མེ་ཏོག་རེ་ཡོད་པར་ང་ལ་ཡིད་ཆེས་ཡོད།
ཤིང་ཏོག་ཐོགས་རྗེས།  ད་དུང་མེ་ཏོག་གི་བཟོ་ལྟ་བཞིན།
ཆག་གྲུམ་བྱུང་བའི་ལས་དབང་དེ་དག་དང་འདྲ་བར།
སྒྲོན་མེ་མུན་ནག་གི་ཆུ་ངོགས་སུ་བཏེགས།

མི་ཞིག་གི་འཆི་བ་ནི་ཁམ་བུ་ཞིག་ལྷུང་བའི་གོ་རིམ་སྟེ།
ཕྱིར་བུད་པའི་འོད་ཕུང་དེས།   ལྡོག་ལམ་གང་རུང་གསལ་བར་བསྒྲོན་ཡོད་ངེས།
བསུང་ཞིམ་ཐིགས་པ་གཅིག་རྡུལ་དམར་དུ་འཁྱུག་ཅིང་ལྟུང་ནས་བགྲང་བྱ་བཅུ་ཕྲག་ཁ་ཤས་འགོར་ཞིང་།
རིགས་དྲུག་གང་རུང་དུ་ཡང་བསྐྱར་མངལ་དུ་སྦྲུམ།

ཆགས་བཞག་ན་ངས།  དཔྱིད་ཀ་རེ་རེར་ཁམ་བུའི་མེ་ཏོག་འབོད་པ་དང་།
དེ་དང་བར་ཐག་རིང་དུ་བཀྱེད་པ་དང་།   ཉེ་སར་བཏུད་པར་བཟོད་མ་ནུས།
ངས་རྒྱན་ཚིག་ཡོད་ཚད་དང་རྒྱང་བཀྱེད་དེ།   དེ་ཉིད་ལོ་ཟླ་གང་རུང་གི་སྐབས་ཐོག་དེའི་བཟོ་ལྟར་འཐིམས་པར་བྱས།
 
ཆགས་བཞག་ན་སྐབས་འདིར།   ངས་ས་རྡུལ་གྱིས་བཀྲུས་པའི་སྙན་ངག་དེ་དག་དྲན་ཞིང་།
ཁམ་བུའི་མེ་ཏོག་རྐང་གཅིག་ལ་ཡང་བསྐྱར་དོགས་པ་ཅི་ཡང་མ་སྐྱེ།

                         གཅན་མེ་ཏོག་གིས་བསྒྱུར།

རྩོམ་སྒྲིག་པ། ལྷ་སྐྱིད།

རྩོམ་ཁུངས། ངེད་དྲ་བ།

གཟིམས་པ་མེད་པའི་མཆོད་མེ། དབྱངས་གསལ་སོ་བཞིའི་མཛེས་སྡུག  RSSསྔོན་མངག   བཤེར་འཚོལ།བཤེར་འཚོལ།

ཡུས་ཞིའུ་ཧྭ་ཡི་སྙན་ངག་བདམས་བཀོད།

2021-12-18 ཡུས་ཞིའུ་ཧྭ།(ཧུའུ་པེ) ཀློག་གྲངས། མཆན ཡོད།

དཔྱད་མཆན ཡོངས་སུ་གཟིགས།དཔྱད་མཆན།

མིང་མི་འགོད་པར་སྤེལ།