སྙན་ངག་གི་ངན་སྔགས་སྣ་བཅུ།

༡  སྙན་ངག་ནི་ཅི་ཞིག་ཡིན་ནམ་ཞེས་པའི་དྲི་བ་འདི་ནི་ཡུན་རིང་ལ་བསྲན་ཞིང་བསྲན་པའི་གཅིན་པ་དེ་གཏོང་སྐབས་ཚོར་བ་ག་འདྲ་ཞིག་རེད་ཅེས་པ་དང་འདྲ་བར།  ལན་བཏབས་པ་ཙམ་གྱིས་འཁྲུལ་འགྲོ་བ་ཞིག་འདུག།
      ༢   མདའ་མོ་འབེན་དུ་ཕོག་དགོས་ན་མདའ་རྩལ་ཅིག་དགོས་ལ།   འབེན་སྙིང་ཕ་རོལ་ནས་ཝ་ཡག་ཅིག་ཞོར་དུ་སོད་དགོས་ན་ཐོད་པའི་ལས་བསོད་ཅིག་ཀྱང་དགོས་པ་ནང་བཞིན།   སྙན་ངག་འབྲི་བར་ཡང་རྩལ་དང་ལས་བསོད་གཉིས་མཉམ་དུ་དགོས་པས།  དུས་ཚོད་རེ་རེ་བཞིན་དུ་སྙན་ངག་འབྲི་འདོད་པ་ནི་དགོད་བྲོ་བའི་གཏམ་ཞིག་ཏུ་ཟད།
      ༣    སྙན་ངག་ནི་འཚོ་བ་ལས་བྱུང་ནའང་འཚོ་བ་ལས་དམན་ཞིང་ཉམ་ཆུང་བས།   ཉིན་རྒྱུན་དུ་ཅི་ཞིག་གི་ཐོད་རྒལ་དང་མདུན་མཆོངས་ཟེར་མཁན་དག་ནི་དོན་ངོ་མའི་སྟེང་གི"ཕྱི་རོལ་བ"ཏག་ཏག་རེད།
      ༤    སྙན་ངག་འབྲི་སྐབས་ཁ་གདངས་ཚད་ལ་ཨེ་མ་ཟེར་མཁན་ནི་སྙན་ངག་པ་མིན་པ་མ་ཟད།   ད་དུང་མི་གཤིས་ངན་ཞིང་གཡོ་ཁྲམ་གྱིས་བཅིངས་པ་དག་རེད།
      ༥   ངེས་པ་དོན་གྱི་སྙན་ངག་ནི་གཡང་ཊིའི་ཡོ་ཆས་ཤིག་མིན་ལ།   འཇིམ་བཟོས་ཡོ་ཆས་ཤིག་ཀྱང་མིན་པར།དེ་ནི་གནའ་བོའི་རྗ་ཆས་ནང་བཞིན་བབ་ཆགས་ཤིང་སྤུས་ལེགས་པོ་ཅན་ཞིག་ཡིན།
      ༦     སྙན་ངག་འདིར་ཅི་ཞིག་གི་གྲུབ་མཐའ་དང་རིང་ལུགས་ཟེར་མཁན་དག་ལ་མཐའ་གཅིག་ཏུ་དགག་བཞག་སྤྲོ་འདོད་དེ།    སྙན་ངག་ལ་ཕུལ་བྱུང་གི་སྙན་ངག་ཁོ་ན་ལས་ཚད་གཞི་གཞན་ཞིག་ཡོད་པ་མ་རེད།
      ༧    ཕུལ་བྱུང་གི་སྙན་ངག་ནི་ཕྱི་ནང་གཉིས་ཀ་མཛེས་པའི་བུད་མེད་ཅིག་དང་འདྲ་བར།   མིག་ལ་ཡག་ཅིང་སྙིང་དུ་སྡུག་པ་ཞིག་ཡིན།
      ༨    བྱམས་དང་སྙིང་རྗེས་ཁེངས་པའི་མི་ཡོད་ཚད་སྙན་ངག་པ་རུ་བགྲངས་ཆོག་སྟེ།   གཡོ་རྫུན་དང་ཟོལ་བཅོས་ཀྱིས་ཁེངས་པའི་མི་ལ་ནི་སྙན་ངག་འབྲི་བ་དང་གླེང་བའི་དབང་ཆའང་ཡོད་མི་སྲིད།
      ༩   ཕུལ་བྱུང་གི་སྙན་ངག་ནི་སྒོའི་ཕྱི་རོལ་དུ་ཡོད་ལ།   འབུ་སྦྲང་དང་དྲི་ངན་ཁྱབ་པའི་སྐྱག་དོང་ཡང་སྒོའི་ཕྱི་རོལ་དུ་ཡོད།
      ༡༠    བོད་དུ་ད་ལྟའི་བར་བྱོན་མྱོང་བའི་ཕུལ་བྱུང་གི་སྙན་ངག་པ་མི་བཅུའི་ཡན་དུ་བརྒལ་ཐུབ་མེད།

                                                                                           ༢༠༠༩ལོའི་ཟླ༣པར་སྐབས་ཤིག་གི་དྲན་ཚུལ་དང་སྦྱར་ནས།

རྩོམ་ཁུངས། གཅན་མེ་སྟག་གི་ཟིན་བྲིས།

གཟིམས་པ་མེད་པའི་མཆོད་མེ། དབྱངས་གསལ་སོ་བཞིའི་མཛེས་སྡུག  RSSསྔོན་མངག

སྙན་ངག་གི་ངན་སྔགས་སྣ་བཅུ།

2009-05-06 གཅན་མེ་སྟག ཀློག་གྲངས། མཆན ཡོད།

དཔྱད་མཆན ཡོངས་སུ་གཟིགས།དཔྱད་མཆན།

མིང་མི་འགོད་པར་སྤེལ།