བྱ་ཆེན་གྱི་སྐྱེས་པ་མེད་པའི་དུས་རབས་ནང་།(སྙན་ཚོམ)

                                        —<<ཁྱི་ཁ་ཚུམས>>ཀྱི་སྐོར།

                ད་དུང་འབྲི།

ད་དུང་འབྲི།
བྱ་ཆེན་གྱི་གནས་མལ་དུ་ཁྭ་ཏས་གཤོག་འགྱུར་བྱེད་ཅིང༌།
གངས་སྟོད་ཀྱི་སེང་གེ་དཀར་མོ་ཁྱུ་ཚོགས་ཀྱི་གཡོག་ཏུ་གྱུར་བ་ནས།
རྔམ་བརྗིད་ཀྱི་ཐང་ཤིང་སྔོན་མོ་རྩྭ་ལྡུམ་གྱིས་ཇི་ལྟར་བསྒྱེལ་བ་འབྲི།
ད་དུང་འབྲི།
མི་སུས་རྒྱ་མཚོ་ཆེན་པོའི་འཇིངས་རུམ་ནས། དུ་བ་མེད་པའི།
མེ་དཔུང་སྦར་ཞིང༌། སུ་ཞིག་གིས་བྲག་དམར་གྱི་ཐེམ་ཁ་ནས།
སྐས་རིང་བཙུགས་ཏེ། རྒྱུ་སྐར་གྱི་མགུལ་རྒྱན་བརྐུ་བ་འབྲི
ད་དུང་འབྲི།
ཤེས་བརྩོན་གྱི་ལག་ངར་ཉམ་ཆུང་དེ་སྟབས་བདེའི་གཡོག་རྐང་དུ་བྱེད་ཅིང༌།
ག་བུར་བྱུགས་པའི་ངོ་གདོང་ཚོགས།
འཇིག་རྟེན་དུ་ཇི་ལྟར་བྲིན་པ་འབྲི།
ད་དུང་འབྲི།
བདེ་ཐང་གི་ཉིན་མོ་ལས་རྣག་ཁྲག་འཛག་ཅིང༌།
ཕུ་ནུའི་མིག་ཆུ་ལ་གཅིན་ལུད་འདྲེས་ཏེ།
ལྷ་ཁང་གི་ཀ་བའི་སྟེང་ལ་བཤན་གྲིའི་སོ་སྒྲ་ཁྲིག་པ་འབྲི།
ད་དུང་འབྲི།
ཅང་ཤེས་མེད་སར་བོང་བུ་བརྒྱུགས་ནས་རྒྱ་གར་གྱི་ཆོས་ཕུང་ལེན་ཚུལ་དང༌།
གཤོག་དྲུག་དབེན་སར་སྦལ་ནག་མཆོངས་ནས་མཚོ་གཏིང་གི་ནོར་བུ་འཁུར་ཚུལ་འབྲི
ད་དུང་འབྲི། འབྲི་དགོས།
ཚོ་ཞིང་རྒྱགས་པའི་ཙི་གུ་ཚོགས་བྱི་ལའི་མཐའ་མཇུག་གི
ཁ་ཟས་སུ་གྱུར་བ་ནས། མུན་ནག་ལ་ཉི་འོད་འཕྱུར་བ་བཞིན།
སྙན་ངག་གི་མེ་ལྕེས་ས་ཆེན་གྱི་དཀྱིལ་འཁོར་སྦར་བའི་བར་དུ་འབྲི།

                  ལུག་ཤའི་ཚོགས།

སྣུམ་ཚིལ་ཚིལ་གྱི།
ནང་དོན་ཕུན་སུམ་ཚོགས་པའི་ལུག་མགོ་ཞིག་ཟོས་རྗེས།
ཁྱོད་ཀྱིས། སྤྲིན་དཀར་ལྟར་བྱེར་བའི་ལུག་ཤའི་ཚོགས།
ཧ་ཅང་གཞུང་དྲང་གིས། རང་གི་ཉེ་འཁོར་ན་འགུལ་བ་མཐོང༌།

ཁོ་ཚོས། གླེན་ཚུགས་ཀྱི་མིག་ཟུང་ཁྱོད་ལ་ཕྱོགས་བཞིན།
སྙིང་ཉེ་བའི་འབའ་སྐད་རེ་སྒྲོག་ཅིང༌། ཡིད་ཚིམ་པའི་ངང༌།
མཉེན་འཇམ་གྱི་རྩྭ་ལོ་ཟ་བ་མཐོང་དུས། རྫི་བོ་ལགས།
ཁྱོད་ཀྱིས། རྒྱགས་ཤིང་ཚོ་བའི་བྲང་རུས་དེ་དྲན་ཨེ་བྱུང༌།

མི་ལོ་བཅུ་ཕྲག་གི་དུས་ཚིགས་ནང༌། ཁྱོད་ཀྱི་མིག་མཐའ་ན།
ཡང་ཡང་རྒྱུ་བའི་ལུག་ཤའི་ཚོགས།
ལྷ་ཚོགས་ཀྱི་ཟས་སྡེར་དབུས་ཀྱི་ཀུ་ཤུ་བཞིན།
དམར་མདངས་རྒྱས་ཤིང༌། རོ་བཅུད་འཛོམས།

སྙིང་རྗེ་དང་བཅས་པའི་རལ་གྲིའི་མདུན་ནས། ཁོ་ཚོས།
གུས་བརྩེ་དང་སྲི་ཞུ་དོར་མྱོང་མེད་ལ། ཁྱོད་ཀྱི།
མ་ཎི་དྲུག་མའི་བསླུ་བྲིད་འོག་ནས་ཀྱང༌། ཁོ་མོ་ཚོས།
མི་འདོད་པའི་རྣམ་འགྱུར་ཅིང་ཡང་བསྟན་མ་མྱོང༌།

རྫི་བོ་ལགས། ཁྱོད་ཀྱིས་ཅི་ཞིག་བསམ་བྱུང༌།
ཁོ་དང་ཁོ་ཚོའི་པགས་པ་བརྩེ་མེད་དེ་བཤུས་ཤིང༌།
སྦྱོང་བརྡར་ཐོབ་པའི་ལག་སོར་གྱིས། ཁོ་མོ་ཚོའི།
བྲང་གཞོང་སུ་སྦར་ཉོབ་བྱེད་ཐེངས་རེར།
ཁོ་མོ་ཚོའི། སུ་ལའང་བསྟན་མ་མྱོང་བའི་ལུས་པོ།
ཁྱོད་ཀྱི་ཆགས་སྲེད་ཀྱི་མིག་མདུན་ནས།
འདར་སིག་སིག་གིས་འགྱེལ་ཞིང༌། སླར་ཡང༌།
ཐེར་ཚལ་སྦར་ཚལ་གྱིས། ཁྱོད་ཀྱི་སྡེར་སྣོད་དུ་འགྱེལ་ཐེངས་རེར།

ཨ། ཕེབས་ཤོག སྐུ་མགྲོན་ཚོ།
སྐེ་ཤ་དང་བྲང་རུས་ཁྱེད་ལ་དབང༌།
བཞེས་ཤིག ལྕམ་མོ་རྣམས།
ཚིལ་ཁུ་ཁྲོམ་ཁྲོམ་གྱི་སོག་པ་ཁྱེད་ཀྱིས་བཞེས།

འདི་ནི། སྨྲ་བརྗོད་མེད་ལ་སེམས་རྒྱུད་གཡུང་བའི།
ལུག་ཤའི་ཁྱུ་ཞིག་ཡིན་པས།
ལྕམ་མོ་ཁྱེད་རང་འཛེམ་དོགས་གནང་མི་དགོས།

འདི་ནི། ཕྱིར་རྒོལ་བྲལ་ཞིང་ཞེ་འཁོན་མེད་པའི།
རོ་བཅུད་རིགས་ཤིག་ཡིན་པས།
སྐུ་ཞབས་ཁྱེད་རང་ཐུགས་དོགས་མེད་པར་ཞུ

                ཕག་གི་ངང་ཚུལ།

ང་གཉིད་སོང༌།
མི་ཡོད་ཚད་ངོ་ཚ་མེད་པའི་ངང་གཉིད་སོང༌། 
                                       —(ཧྥ་རན་སི་)པོ་ལོས་སི་ཧྥུ།

ཁྱོད། ངའི་སེམས་ཁ་རུ་ལྗིད་ཏིག་གེར་ཉལ་བྱུང༌།
རྫོབ་གཅིན་དང་ལྗན་ལྗིན་གྱི་གནས་མལ་ཇི་བཞིན།
ཁྱོད། ངའི་སྡིག་ཉེས་དང་ཆགས་སྲེད་ཀྱི་བྲང་ཁ་ནས།
ཕ་བོང་ནང་བཞིན་གཉིད་སོང༌། ང་ནམ་ཡང༌།

ཁྱོད་ཀྱི་སྒྱིད་ལུག་ལས་ཐར་མ་ཐུབ།
གཏི་མུག་གི་མགོ་བོ་ཇི་འདྲས་ལྩི་ཨང༌།
འཕར་རྩ་ཡོད་ཚད་སྦྲིད་ཀྱིན་པའི། མནོ་བསམ་བར་ནས།
ངས་ཁྱོད་ཀྱི་སྔུར་སྒྲར་ཉན་བཞིན། ཐང་ཆད་པའི།
མགྲིན་སྦུག་ལས། ནག་ཉེས་ཀྱི་སྨྲེ་སྔགས།
འཛེར་འཛེར་དུ་སྒྲོག་དགོས་བྱུང༌།

རྨི་ལམ་ལྟ་བུའི་ངོ་གདོང༌། གླེན་རྨོངས་ཀྱི་སྐྱི་གཉེར།
ཇེ་མཐུག་ཏུ་ཕྱིན་ཅིང༌། རྣམ་གཡེང་གི་སྤུ་རྫོབ་ནག་པོ།
རྒྱབ་ཏུ་འཁུར་ནས། གྱོང་ཞིང་མཁྲེགས་པའི་རྡོ་བ་བཞིན། ཁྱོད།
ངའི་མདུན་སར་ཉལ་བྱུང༌། ཁྱོད་ནི་ངའི་དྲན་རྟོགས་ཡོད་ཚད་ཀྱི།
རྒྱབ་རོལ་ནས་འགྲེང་བའི། ནག་རོག་རོག་གི་གྱང་ལྡེབས་ཤིག་ཡིན།

ཁྱོད་ཀྱི་ཕྱིར་དུ། ང་བླ་མའི་བཀའ་གསུང་ལས་རྒྱང་དུ།
གྱེས་ཤིང༌། ལྷ་ཚོགས་ཀྱིས་དོར་བའི་བྱང་ཐང་དུ།
སྲོག་མེད་ཀྱི་བེམ་རོ་བཞིན་ལུས། ངའི་གྲགས་མེད་ཀྱི་སྤུན་ཟླ།
བྲག་རྡོ་དང་སྤང་རྩྭའི་ཁ་དོག་ལྟར་འགྱུར་རུང༌།
ཕྱི་རོལ་དྭངས་གཙང་གི་མཁའ་དབུགས་ཁྲོད་ན། ཁྱོད་ཀྱི་རྗེས་ཤུལ་མེད།
ཐོ་རེངས་ཀྱི་ཁ་བ་དཀར་པོ། ཞོགས་ཀའི་ཡུལ་ལྗོངས་སྣུམ་པོ་དང༌།
བསིལ་འཇམ་གྱི་དཔྱིད་རླུང་མཉེན་མོ། ཁྱོད་དང་འབྲེལ་བ་མེད་དེ།
ལེ་ལོ། བརྗེད་ངེས་དང་བག་ཡངས་ཀྱི་འཇིག་རྟེན།
མིག་རྐྱང་གང་གི་འཇིག་རྟེན་ན། ཁྱོད་རང་ནམ་ཡང༌།
ཡིད་ཚིམ་གྱིས། གཉིད་དུ་ཡུར།

རྩོམ་ཁུངས།

གཟིམས་པ་མེད་པའི་མཆོད་མེ། དབྱངས་གསལ་སོ་བཞིའི་མཛེས་སྡུག  RSSསྔོན་མངག

བྱ་ཆེན་གྱི་སྐྱེས་པ་མེད་པའི་དུས་རབས་ནང་།(སྙན་ཚོམ)

2008-11-09 གཅན་མེ་སྟག ཀློག་གྲངས། མཆན ཡོད།

དཔྱད་མཆན ཡོངས་སུ་གཟིགས།དཔྱད་མཆན།

མིང་མི་འགོད་པར་སྤེལ།