ང་ཚོ་སྤྲིན་བཞིན་འཕྱོ།(སྙན་ཚོམ)

        ང་ཚོ་དང་བྲག་རྡོ། ཡང་ན་ལུག་ཁྱུ།

ང་ཚོ་ཇི་ལྟར། བྲག་རྡོའི་སྲ་མཁྲེགས་ལས་གྱེས་མ་ནུས།
འགོ་བརྩམས་པ་ནས། ང་ཚོ་རྒྱང་ཐག་རིང་པོ་ཞིག་ལ་ཕྱིན་ཅིང༌།
མཚན་མདོག་རབ་རིབ་གྱོན་ནས།
རྟོག་བཏགས་ཀྱི་བཤུལ་ལམ་ཟབ་མོའི་ཕ་མཐའ་བརྒལ།

ང་ཚོས་ཇི་ལྟར་ཡང༌། ལུག་ཁྱུ།
དྲན་ཡུལ་གྱི་ནགས་མོའི་ཚལ་དུ་འདེད་མ་ཐུབ་ལ།
ཇི་ལྟར་ཡང༌། བྲག་རྡོ་དང་གྱེས་སའི།
མཚོ་ཁུག་གམ། གླིང་ཕྲན་དུ་བགྲོད་མ་ནུས།

འདམ་གཞོང་གི་དྲི་མ་ཁ་བོ་ཞིག་ཡང་བསྐྱར་སྣོམ་དུས།
ང་ཚོ། གཙང་བོ་ཞིག་གི་ལྡོག་ཕྱོགས་བརྒྱུད་ནས།
མུ་མཐུད་དུ་ཆས། ང་ཚོས་བྱ་གླག་གམ།
ཉི་འོད་ཀྱི་བསམ་གཞིགས་དམར་པོ་དེད་ནས།
མགོ་ཁུངས་དང་ཉེ་པའི་ན་ཁུག་དོག་པོར་བསྐྱོད་ཅིང༌།
གྲུ་གཟིགས་དང༌། སྐྱ་རེངས་མ་མངོན་པའི།
སྔ་རོལ་དུ། ང་ཚོས་འཕུར་བསྐྱོད་ཀྱི་སྒྲོ་གཤོག་ཚོགས།
བྲག་སྐྱིབས་ཀྱི་མུན་པའི་སྦུབས་སུ་ཉལ་བ་མཐོང༌།

ང་ཚོས་སྔར་བཞིན་དུ། ལུག་ཁྱུའི་འབའ་སྒྲར་ཉན།
ཐང་ཡངས་ས་ནས། མུ་མཐའ་མེད་པའི་རེ་ཆད་ཀྱི
རིགས་ཤིག རླུང་ཇི་བཞིན་ལྡང་ཞིང༌།
སྟོན་ཁ་དེར། གཙང་ཆུ་འདི་ལྟར།
ང་ཚོའི་གྱོན་གོས་དང་ལག་སོར་བརྒྱུད་ནས།
སྟོང་ཤིག་ཤིག་གི་སེམས་ཁར་བཞུར།
འཇམ་ཅག་གེར། ང་ཚོས་གདོང་གཏད་པ།
རང་དབང་གི་ནམ་མཁའ་ཡིན་ནམ། བྲག་རྡོ་ཡིན

ཚོར་བ་ཞིག་གིས། ང་ཚོས་ད་དུང༌།
གཡོ་འགུལ་ཐེངས་ཤིག་གི་ཆག་གྲུམ་ལ་བསྒུགས་ནས། ཡུན་རིང་སོང༌།
རང་ཉིད་དམ། ལུག་ཁྱུ། ཡང་ན་བྲག་རྡོ

             ས་ཆེན་གྱི་པགས་ནད།

ངུ་འབོད་ཀྱི་མཆུ་སྒྲོས། ནགས་ཚལ་གྱི་ལྷིང་འཇགས
དང་མཉམ་དུ། ཐག་རིང་ནས་ལུས།
སྟ་གྲི་དང་སོག་ལེ། སྔར་ལྟར་འཁྱག

སྔར་ལྟར་འཁྱག་པའི་སྟ་གྲི་དང་སོག་ལེས།
ང་ཚོའི་ཤ་པགས་དང༌། ལུས་ཕུང་བརྒལ་ནས།
སོ་སྒྲ་ཁྲིག་ཁྲིག་གི་སྒྲ་སྐད་འབྱིན།

འཇིག་རྟེན། རླུང་གིས་ཕྱགས་པའི་སྲང་ལམ་བཞིན།
སྐྱ་སིང་ངེ། ང་ཚོའི་སེམས་ཁམས་ལྟར་དུ།
སྟོང་ལྷང་ངེ༌། ལྗོན་ཤིང་དང་སྐར་ཆའི་ཚོགས།
འདར་སིག་སིག་གི་བྱ་ཁྱུ་བཞིན། མཛེས་སྡུག་དང་བཅས།
སྟ་གྲིའི་གློག་འོད་ལྟར་འཁྱུག་པའི་སོ་ཁ་ནས།
ཕྱོགས་བཞིར་བྲོས་ཤིང༌། སྐྱོ་གདུང་གིས།

འགྱེལ། ན་ཟུག་གི་དབང་གིས།
ང་ཚོས་རང་ཉིད་སུ་ཡིན་ཤེས་མི་འདོད།
ང་ཚོས་རང་ཉིད་བོར་ནས། ཡུན་རིང་སོང༌།

སྐབས་འདིར། རླུང—
གར་འགྲོ་གཏོལ་མེད་ཀྱི་རླུང་ཁ་ན་ལྡང་ཞིང༌།
ང་ཚོའི་ཟུངས་ཁྲག་གམ། ང་ཚོའི་རྩ་བ།

ང་ཚོའི་སོག་ལེ་རྣོན་པོའི་མཆེ་བར་ན་ཤི།
ང་ཚོ་ནི་ཤིང་མཁན་ཡིན་ལ། ང་ཚོས།
གདུག་རྩུབ་དང་ང་རྒྱལ་གྱིས་སྟ་གྲི་བརྡར།

ཡང་བསྐྱར་བཤད་ན། ང་ཚོ་ནི་ས་ཆེན་གྱི་པགས་ནད།
རིགས་ཤིག་སྟེ། ནད་ཀྱིས་གཡོགས་པའི་ང་ཚོར།
སྟ་གྲི་དང༌། སོག་ལེ་ལས་གཞན་ཅི་ཡང་མེད།

           ང་ཚོ་སྤྲིན་བཞིན་འཕྱོ།

ཆེས་མཐོ་ས་ནས། ང་ཚོ་སྤྲིན་བཞིན་འཕྱོ།

ང་ཚོའི་ཁོག་ཡུག་དང༌། ང་ཚོའི་ལག་མཐིལ་ནས།
གཙང་ཆུ་ནམ་ཡང་ཡུལ་ལྗོངས་ཡིན་ལ།
ལྗོན་ཤིང་དང༌། བྱིའུ་ཚོགས་ཀྱི་སྐད་སྙན—

རྨི་ལམ་དབུས་ཀྱི་མཛེས་སྡུག་གི་དབྱར་གཞུང་ཁོ་ན་ཡིན།

རླུང་གི་རྐྱེན་གྱིས། ང་ཚོའི་སྐྱོ་གདུང་དང་བཅས་པའི་མཆུ
སྒྲོས། བྱང་ཐང་གི་མཆོད་བསྟོད་དབུས་ནས་སྐྱེས་ཤིང༌།
མི་ཚོགས་ཀྱི་སྨོན་ལམ་བར་ནས་ནར་སོན།

ང་ཚོའི་ནག་སིབ་སིབ་ཀྱི་སྐད་ཆ། མཁའ་དབུགས་ཇི་བཞིན།
འཇིག་རྟེན་གྱི་སྒེའུ་ཁུང་ངོགས་སུ་འཕྱུར་ཞིང༌། གཡའ།
དག་པའི་དྭངས་གཙང་གི་དབུས་སུ། ཕོ་རོག་བཞིན།
ག་ས་གང་དུ་འཕུར། ཡུན་རིང་གི་ངལ་དུབ་རྗེས་སུ

ང་ཚོའི་སྨྲ་བརྗོད་ཚོགས། རླུང་སྒྲ་ལྟར།

རིམ་གྱིས་འཇགས་ཤིང༌། ང་ཚོའི་མནོ་བསམ་ཀྱང༌།
རླུང་སྒྲ་གཞན་ཞིག་ལྟར། མཐའ་མཇུག་གི་འཕག
འཚག་ཁྲོད་ནས། རིམ་གྱིས་འཇགས།

འདི་ལྟར། ནད་ཡམས་བཞིན་མཆེད་པའི་ཉི་མ།

ས་སྲོད་ཀྱི་ཁྲག་རྗེས་བརྒལ་ནས་འོངས་ཤིང༌།
འདི་ལྟར། ས་ཆེན་ལ་པགས་ནད་རིམ་གྱིས།
བྱུང་བས། ང་ཚོ་སྤྲིན་བཞིན།

ཆེས་མཐོ་ནས། འཕྱོ་ཞིང༌།
མུག་ནག་གི་མཚན་མོ་སྙེགས་པའམ། རྨི་ལམ་དུ་
ལོག་པ། རི་ཚོགས་ཀྱི་སྒལ་རུས་ངོགས་ནས།
ང་ཚོ། མི་ལོ་སྟོང་ལ་ཁུ་སིམ་མེར་བསྡད་པ་ཚོར།

འཇིག་རྟེན། སྐྱི་ལྤགས་ལས་མེད་པའི་ལུས་ཕུང༌།

ང་ཚོ། ཁྱེད་ཀྱི་ནང་རིམ་ནས།
མི་ལོ་སྟོང་ལ་ཁུ་སིམ་མེར་བསྡད།
 
རྩོམ་ཁུངས།

གཟིམས་པ་མེད་པའི་མཆོད་མེ། དབྱངས་གསལ་སོ་བཞིའི་མཛེས་སྡུག  RSSསྔོན་མངག

ང་ཚོ་སྤྲིན་བཞིན་འཕྱོ།(སྙན་ཚོམ)

2008-11-09 འབྲོང་། ཀློག་གྲངས། མཆན ཡོད།

དཔྱད་མཆན ཡོངས་སུ་གཟིགས།དཔྱད་མཆན།

མིང་མི་འགོད་པར་སྤེལ།