མགོ་ལོག

                  ལོ་ཟླ་ནམ་ཞིག
                  གཉན་པོ་གཡུ་རྩེ་གནམ་གྱི་ཕོ་བྲང་ནས་བབས་ཤིང༌།
                  ས་ཡི་མགོ་ལོག་ཁོལ་བུར་ག་ཚོད་དུ་བུད་ནས་མཆེད་པ།
                  ངེས་ཤེས་འདྲོང་དཀའ་སྟེ།
                  ལོ་རྒྱུས་ཀྱི་ཐང་ཆེན་འདིར།
                  འུར་ཐག་དཀར་པོ་འཛིན་པའི་ཚོ་ཁག་ཅིག་ཆགས་རྗེས།
                  རང་བབ་ཀྱི་གནམ་ས་ཡི་གོ་མཚམས་ཆེ་རུ་ཕྱེ་སོང༌།

                 གངས་དང་ལྷགས་རླུང་གི་ལག་པ་ཡ་གཅིག
                 ཐང་ཆེན་འདིའི་སྔས་སུ་སྒོ་ལྟར་བསླངས་པ་ནས།
                 ནུབ་ཕྱོགས་སུ།  ཁ་ཕྱོགས་བོར་བའི་གོམ་པ་ཅི་ཙམ།
                 མཐའ་མཇུག་གི་གུར་ཁྱིམ་འདི་རུ་ལུས་ཤིང༌།
                 བཙན་ཤེད་ཀྱི་མཐོངས་ནས་གཤགས་པའི་དཔུང་ངར་ག་ཚོད།
                 ཐང་ཆེན་འདིའི་བྱང་ཁོག་བརྒྱུད་ནས་སོང་མྱོང་ཨང༌།

                  མགོ་ལོག  གནམ་དང་ས་ཡི་མགོ་ལོག
                  ལོ་རྒྱུས་ཀྱི་གེ་སར་རླུང་གི་ཁ་གཏད་དུ་བཞེངས་པ་ནས།
                  རྨ་ཆུ་ཡི་ཁུགས་སོ་བརྒལ་པའི་མི་ཚོགས།
                  གངས་ཐང་གི་གནམ་ས་འདྲེས་མཚམས་ནས་ཆས་ཏེ་ཡུན་རིང་འགོར་སོང༌།
                  ཡིན་ནའང༌། ཡུལ་གྱར་གྱི་མི་ལ་སླར་ལྡོག་གི་དུས་ཚོད་ཡོད་ཀྱང༌།
                  འདས་ཟིན་གྱི་ལོ་ཟླ་ནམ་ཡང་གཏན་དུ་འདས་ཟིན།
                  ཞོགས་པའི་མགོ་ལོག་ནས་ཆས་པའི་བྱིས་པ་གང་ཞིག
                  ས་སྲོད་ཀྱི་ཐང་ཆེན་དེར། རྒས་འཁོགས་ཀྱི་འཁར་བར་བསྙེས་སྐབས།
                  ངས་མི་ཚེ་གཅིག་གི་ས་གཞི་འདིར།
                  ལྷ་སྒྲུང་རིང་མོ་ཞིག་གི་རྨི་ལམ། ཡང་བསྐྱར་ཅི་ལ་འགོད།

                  རྩེ་ལྷ་བཅུ་གསུམ་གྱི་ཕྲེང་འཛིན་དམར་པོ།
                  དུས་ཚིགས་འདིའི་མགུལ་ལ་བསྒྲོན་པའི་ངོམ་སོ་ཡིན་ལ།
                  མཐོན་པོ་དགུ་སྒྲིག་གི་ཤུགས་ཀྱི་ངར་གླུ།
                  རིགས་རྒྱུད་འདིའི་སྙིང་ཁྲག་གསོ་བའི་དབུགས་དབྱུང་མ་ཡིན་ནམ།
                  མགོ་ལོག
                  དབྱར་གཞུང་གི་འཇམ་རླུང་དལ་གྱིས་ལྡང་དུས།
                  ཁྱེད་ཀྱིས་ཀྱང༌།
                  བགྲང་བྱ་སྟོང་གི་ཕྱིང་ལྭ་དཀར་པོ་འཕུད་རན་འདུག་ཨང༌།   
 
རྩོམ་ཁུངས།

གཟིམས་པ་མེད་པའི་མཆོད་མེ། དབྱངས་གསལ་སོ་བཞིའི་མཛེས་སྡུག  RSSསྔོན་མངག

མགོ་ལོག

2008-11-28 གཅན་མེ་སྟག ཀློག་གྲངས། མཆན ཡོད།

དཔྱད་མཆན ཡོངས་སུ་གཟིགས།དཔྱད་མཆན།

མིང་མི་འགོད་པར་སྤེལ།