ཁྲུས་ལ་རོལ་བའི་བུ་མོ།

དབྱར་གཞུང་གི་གཙང་ཆུའི་འགྲམ་དུ
ཕ་བོང་སྐྱ་བོ་འགའི་བར་གསེང་ན  ཁོ་མོ་གཅེར་བུར་འགྲེང་འདུག
ཉི་འོད་ཀྱི་ཚ་གདུགས་མོའི་ལུས་སྟེང་དུ་འཁྱུད་ནས
ལི་ཤིའི་མེ་ཏོག་གི་དྲི་ངད་འདྲེས་པའི  སྐྲ་ལོ་ཡང་ཡང་བསེད་ཀྱིན་འདུག

གཙང་ཆུ་ཤག་ཤག་ཏུ་རྒྱུགས་པའི་བསིལ་རླུང་ཁྲོད
ཁོ་མོ་ལྗོན་ལོ་སྣུམ་པོ་ཞིག་དང་འདྲ་བར
ཆུ་རླབས་ཀྱི་གཡོ་སྐྱོམ་དང་འགྲོགས་ནས
ཆུ་ལ་ཆུ་འདྲེས་པ་ལྟར་ཞུགས་སོང  མེ་ལ་མེ་འབར་བཞིན་ཐིམ་སོང
དཀར་ཟླུམ་གྱི་འོ་འཛིན་དང་བརླ་ངོས་སུ་འཐོར་འོངས་པའི
ཆུ་ཟིལ་གྱི་ཕ་ལམ་སྔོན་པོའི་ཕྲེང་བ     ལྡེམ་ལྡེམ་གྱིས་འཚེར་ཞིང
མུ་ཏིག་གི་རྡོག་པོ་རེ་རེ     ཁོ་མོའི་སྐྲ་སྣེ་ནས་སྒལ་གཞུང་དུ་སིལ་སིལ་འཐོར་འོངས

སྐབས་དེ་དག་ལ
བདག་གི་སྙིང་ཁ་ན་འཕུར་བའི་འདབ་ཆགས་འདི་དག་ཅི་ཞིག་ཡིན་ནམ
འདི་དག་གི་ཁོ་མོའི་ཉེ་གམ་དུ་བཅར་འདོད་ཀྱི་མགྲོན་པོ་གསར་བ་དེ་དག་ཡིན་ནམ
འདབ་ཆགས་གཤོག་རྡེབ་ཀྱིས་གཏོར་བའི
ཉིན་གུང་གི་སྲབ་ཅིང་གཡོ་བའི་སྤྲིན་ཕུང་གི་དྲ་བ་ཨང
འདོད་ཞེན་གྱི་ཕབ་རྩི་བྱུགས་པའི་ཉ་ཁྲབ་ཅིག་དང་ཇི་འདྲས་མཚུངས

དབྱར་གཞུང་གི་མཁའ་དབུགས་ལས་འཇམ་པའི་ཆུ་འགྲམ་གྱི་སྤང་རྩྭ
མགོ་བོ་ཀྲོག་ཀྲོག་གི་ཕྱེ་མ་འཕུར་ལྡིང་གི་ཟིར་སྒྲ
གཙང་ཆུའི་གཉེན་ཤུགས་དང་ཡོངས་སུ་འདྲེས་པའི་བུ་མོ་དེ
ཉི་འོད་ཀྱི་གྲིབ་མའི་འོག་ཏུ
བུམ་ཆུའི་འཁྲུས་ལ་ཞུགས་པའི་ཝེ་ན་སི་གཞན་ཞིག་སྟེ
དར་ཟབ་བཞིན་ཡང་བའི་ཆུ་རླབས་ཀྱི་ཡོལ་བའི་རྒྱབ་ནས
རེས་གསལ་རེས་ཡིབ་ཀྱི་འགྲོན་བུ་མདངས་ཀྱིས་ཕྱུག་པ་ཞིག་དང་འདྲ་སོང

ཆུ་ཟིལ་གྱི་རློན་ཤ་འབྱར་བའི་འོ་འཛིན་མཁྲེགས་པོ
ནེམ་ནེམ་གྱི་རླབས་ལ་སིམ་པའི་ཟླུམ་ཞིང་དཀར་བའི་བརླ
སྨིག་སྒྱུ་ཡོམ་ཡོམ  ཆུ་འོད་བསིལ་བསིལ
གཙང་ཆུ་སྔོན་མོས་ཁོ་མོའི་ལང་ཚོ་དང་མེ་ཏོག་ཡོངས་སུ་བཏུས་ཏེ
འཇིག་རྟེན་གྱི་གསང་བ་ཡོད་ཚད་ངའི་མིག་མདུན་ནས་སྐད་ཅིག་གིས་བསྣུབས་སོང

 སྐབས་དེ་དག་ལ  འདབ་ཆགས་འདི་དག་གློ་བུར་གྱེན་དུ་ལྡིང་ཞིང
སླར་ཡང་མར་མར་འབབ་དོན་ཅི་ཞིག་ཡིན
རྒྱང་ཐག་རིང་སའི་གཙང་ཆུ་ནི
ཉི་འོད་ཀྱི་ཚ་གདུག་འོག་ཏུ་ཆེམ་ཆེམ་འབར་གྱིན་པའི་མེ་ཕུང་ཞིག་སྟེ
མེ་ལྕེའི་རླབས་འོག་ཏུ་འདབ་ཆགས་ཀྱི་གཤོག་སྒྲོ་སྙི་མོ་ག་ས་རུ་འཐོར་ལ
ཆག་གྲུམ་དུ་སོང་བའི་སྙིང་གི་དུམ་བུ་དག་ལས་ཀྱང
མེ་ཕུང་དེའི་ལྡོག་འོད་ལམ་ལམ་དུ་འཕྲོས་འོངས

རྩོམ་ཁུངས། ༢༠༠༩ལོའི་ཟླ་ཟེར།

གཟིམས་པ་མེད་པའི་མཆོད་མེ། དབྱངས་གསལ་སོ་བཞིའི་མཛེས་སྡུག  RSSསྔོན་མངག

ཁྲུས་ལ་རོལ་བའི་བུ་མོ།

2009-12-11 གཅན་མེ་སྟག ཀློག་གྲངས། མཆན ཡོད།

དཔྱད་མཆན ཡོངས་སུ་གཟིགས།དཔྱད་མཆན།

མིང་མི་འགོད་པར་སྤེལ།