གཅན་མེ་སྟག་གི་དྲ་ལམ་སྙན་ངག་གསར་བ་གཉིས།

              དུས་ཚོད་ཀྱིས་བསྐྱུར་བའི་དུས་ཚོད།

ཞོགས་པར་ལས་སྒྲུབ་ཏུ་འགྲོ་ཁར
ངས་གྱང་ལྡེབས་སུ་བཀལ་བའི་དུས་ཚོད་དེར་ཐེངས་གཅིག་བལྟས
མཚན་གུང་ཆུ་ཚོད་གཅིག་པ་ན་བསྡད་འདུག

ཉིན་གུང་ཟ་མ་ཟོས་རྗེས
ངས་གྱང་ལྡེབས་སུ་བཀལ་བའི་དུས་ཚོད་དེར་ཐེངས་གཅིག་བལྟས
མཚན་གུང་ཆུ་ཚོད་གཅིག་པ་ན་བསྡད་འདུག

དགོང་མོ་མལ་དུ་ཉལ་ཁར
ངས་གྱང་ལྡེབས་སུ་བཀལ་བའི་དུས་ཚོད་དེར་ཐེངས་གཅིག་བལྟས
མཚན་གུང་ཆུ་ཚོད་གཅིག་པ་ན་བསྡད་འདུག

རྨི་ལམ་དུ ངས་དུས་ཚོད་དེ་གྱང་ལྡེབས་ལས་མར་བླངས་ཤིང
ལྕགས་ཐོ་ཞིག་གིས་ཐེར་ཚལ་དུ་རྡུང་བཞིན་ཡོད
དེ་དུས་ནི མཚན་གུང་གི་ཆུ་ཚོད་གཅིག་པ་ཡིན་སོང

              ད་ལྟ་ཞོགས་པའི་ཆུ་ཚོད་ལྔ་དང་ཕྱེད་ཀ་རེད།

ད་ལྟ་ཞོགས་པའི་ཆུ་ཚོད་ལྔ་དང་ཕྱེད་ཀ་རེད
མིག་ལྡེབ་ཙམ་གྱིས་ཆུ་ཚོད་དྲུག་པར་སླེབས་སྲིད
དེ་ནས་ཆུ་ཚོད་བདུན་པའི་སྟེང་མལ་ལས་ལངས་ཤིང
ཆུ་ཚོད་བརྒྱད་པར་གཞུང་སྒྲུབ་ཁང་དུ་སླེབས་ན
ཆུ་ཚོད་བརྒྱད་དང་ཕྱེད་ཀའི་སྟེང་ལས་ཁུངས་ཀྱི་བྱ་འགུལ་དེའང་མགོ་བརྩམས་ངེས་རེད

ལས་ཁུངས་ཀྱིས
ང་དང་ཡིད་འོང་མ་གཉིས་ཚོ་ཁག་གཅིག་ཏུ་བསྒོས་ཡོད་པས
ང་རང་བྱ་འགུལ་དེར་ཞུགས་རྒྱུར
——བྲེལ་བ་ཆེན་པོ་ཞིག་ལངས་སོང

 

 

རྩོམ་ཁུངས། བོད་ཀྱི་སྙན་ངག་པའི་ཟིན་བྲིས།

གཟིམས་པ་མེད་པའི་མཆོད་མེ། དབྱངས་གསལ་སོ་བཞིའི་མཛེས་སྡུག  RSSསྔོན་མངག

གཅན་མེ་སྟག་གི་དྲ་ལམ་སྙན་ངག་གསར་བ་གཉིས།

2010-01-21 གཅན་མེ་སྟག ཀློག་གྲངས། མཆན ཡོད།

              དུས་ཚོད་ཀྱིས་བསྐྱུར་བའི་དུས་ཚོད།

ཞོགས་པར་ལས་སྒྲུབ་ཏུ་འགྲོ་ཁར
ངས་གྱང་ལྡེབས་སུ་བཀལ་བའི་དུས་ཚོད་དེར་ཐེངས་གཅིག་བལྟས
མཚན་གུང་ཆུ་ཚོད་གཅིག་པ་ན་བསྡད་འདུག

ཉིན་གུང་ཟ་མ་ཟོས་རྗེས
ངས་གྱང་ལྡེབས་སུ་བཀལ་བའི་དུས་ཚོད་དེར་ཐེངས་གཅིག་བལྟས
མཚན་གུང་ཆུ་ཚོད་གཅིག་པ་ན་བསྡད་འདུག

དགོང་མོ་མལ་དུ་ཉལ་ཁར
ངས་གྱང་ལྡེབས་སུ་བཀལ་བའི་དུས་ཚོད་དེར་ཐེངས་གཅིག་བལྟས
མཚན་གུང་ཆུ་ཚོད་གཅིག་པ་ན་བསྡད་འདུག

རྨི་ལམ་དུ ངས་དུས་ཚོད་དེ་གྱང་ལྡེབས་ལས་མར་བླངས་ཤིང
ལྕགས་ཐོ་ཞིག་གིས་ཐེར་ཚལ་དུ་རྡུང་བཞིན་ཡོད
དེ་དུས་ནི མཚན་གུང་གི་ཆུ་ཚོད་གཅིག་པ་ཡིན་སོང

              ད་ལྟ་ཞོགས་པའི་ཆུ་ཚོད་ལྔ་དང་ཕྱེད་ཀ་རེད།

ད་ལྟ་ཞོགས་པའི་ཆུ་ཚོད་ལྔ་དང་ཕྱེད་ཀ་རེད
མིག་ལྡེབ་ཙམ་གྱིས་ཆུ་ཚོད་དྲུག་པར་སླེབས་སྲིད
དེ་ནས་ཆུ་ཚོད་བདུན་པའི་སྟེང་མལ་ལས་ལངས་ཤིང
ཆུ་ཚོད་བརྒྱད་པར་གཞུང་སྒྲུབ་ཁང་དུ་སླེབས་ན
ཆུ་ཚོད་བརྒྱད་དང་ཕྱེད་ཀའི་སྟེང་ལས་ཁུངས་ཀྱི་བྱ་འགུལ་དེའང་མགོ་བརྩམས་ངེས་རེད

ལས་ཁུངས་ཀྱིས
ང་དང་ཡིད་འོང་མ་གཉིས་ཚོ་ཁག་གཅིག་ཏུ་བསྒོས་ཡོད་པས
ང་རང་བྱ་འགུལ་དེར་ཞུགས་རྒྱུར
——བྲེལ་བ་ཆེན་པོ་ཞིག་ལངས་སོང

 

 

རྩོམ་ཁུངས། བོད་ཀྱི་སྙན་ངག་པའི་ཟིན་བྲིས།

དཔྱད་མཆན ཡོངས་སུ་གཟིགས།དཔྱད་མཆན།

མིང་མི་འགོད་པར་སྤེལ།