རྩོམ་རིག་སྐོར་གྱི་ཟིན་བྲིས་ཤིག

རྩོམ་རིག་ནི་ཅི་ཞིག་ཡིན་ནམ་ཞེ་ན།  དེ་ལ་གནའ་དེང་ཕྱི་ནང་གི་འགྲེལ་སྟངས་མི་འདྲ་བ་མང་པོ་ཡོད་ཅིང་།  ལྟ་ཚུལ་ཀྱང་ཕྱོགས་རེས་པ་མང་དུ་བྱུང་ཡོད་པས་ན་འདིར་དེའི་མཚན་ཉིད་འདི་འདྲ་དང་དེ་འདྲ་ཞེས་ངལ་བ་སྤྲོ་མི་འདོད་དེ།    སུའུ་པིན་ཧེར་གྱི་བཞེད་སྲོལ་ལྟར་བལྟས་ན།   མིང་དང་ཚིག་ལ་བརྟེན་ནས་རྟོག་འཆར་གྱི་ནུས་པ་འགུལ་སྐྱོད་བྱེད་པའི་ཐབས་རྩལ་ལ་ཟེར་བ་བཞིན་དུ་སྤྱིའི་ཆ་ནས་རྟོག་འཆར་གྱི་ནུས་པ་སྟེར་བའི་རྩོམ་དག་ལ་གོ་དགོས་སྙམ།
      རྟོག་འཆར་ནི་རི་མོར་བྲིས་པ་བཞིན་ཀློག་པ་པོའི་མིག་ལམ་དུ་མངོན་པར་བྱས་པའི་སྣང་བརྙན་ཅི་རིགས་ཡིན་ལ།   དེའི་ཁྲོད་དུ་བེད་སྤྱོད་འོས་འཚམས་ཀྱི་ཚིག་འགྲོས་དང་།  ལས་སྣོན་ཞིབ་ཚགས་ཀྱི་རྟོག་བརྙན།   སྨྱུག་རྩེ་ཕྲ་ཞིབ་ཀྱིས་བསྐྲུན་པའི་ཚོར་ལྗོངས་སོགས་ཡོད་པ་མ་ཟད།   རྩོམ་མཁན་གྱི་མི་གཤིས་དང་ཤེས་ཡོན།   སེམས་ཁ་སོགས་ཀྱང་མཚོན་ཐུབ་པ་ཞིག་ཡིན་ཕྱིར།   རྩོམ་རིག་གི་རྟོག་འཆར་ནི་རྩོམ་མཁན་གྱི་རྟོག་འཆར་དང་ཉེ་བའམ་མཐུན་སྣང་དུ་གྲུབ་ཡོད།

 རྟོག་འཆར་ཅིག་བསྐྲུན་པའི་གོ་རིམ་ནི་སྐད་ཅིག་མ་གཅིག་གི་ཚོར་སྣང་ཙམ་ལས་མིན་ནའང་།   རྟོག་འཆར་དེ་འགྲུབ་པར་བྱེད་པའི་གོ་རིམ་ནི་སྐད་ཅིག་མ་གཅིག་མིན་པར་ཉབ་ཉོབ་ཏུ་སྡོད་པའི་དུས་ཡུན་རིང་བོ་ཞིག་རེད།   མ་མཐར་ཡང་འོས་ཤིང་འཚམས་པའི་ཚིག་འབྲུ་གཅིག་གི་སླད་དུ་ཉིན་ཞག་མང་པོ་གྲོན་དགོས་པའང་ཡོད་པས་རྩོམ་རིག་གི་སྐད་ཆ་དང་དབྱངས་འགྲོས་དག་ནི་དཀའ་བས་བཙལ་ཅིང་སྐྱོ་བས་བསགས་པའི་བསམ་བློའི་མུ་ཏིག་དག་ཡིན་པ་ལས་འབད་མེད་དུ་བྱུང་བ་ཞིག་མ་རེད།    གང་ལ་སྐྱེས་ཐོབ་ཀྱི་ཤེས་རབ་རྨ་མེད་པ་མངའ་ན་དེ་ཡི་བརྩམས་ཆོས་ལས་ཤུགས་དྲག་ཅིང་གཏིང་ཟབ་པའི་སྤྱི་ཁྱབ་རང་བཞིན་གྱི་ཆ་ཤས་ཤིག་ངང་གིས་ཐོན་གྱིན་ཡོད་འདུག

 ཕྱོགས་གཞན་ཞིག་ནས་བཤད་ན་རྩོམ་རིག་གི་དམིགས་ཡུལ་ནི་ཀློག་པ་པོའི་རྟོག་འཆར་ལ་སྐུལ་འདེད་དམ་ཡང་ན་རྟོག་འཆར་གཞན་ཞིག་གི་འདུ་ཤེས་སློང་ཀྱིན་ཡོད་ལ།འདུ་ཤེས་དེས་དཔེ་གཞན་ཞིག་གི་སྒོ་ནས་མི་ཚེ་དང་འཇིག་རྟེན་ཞེས་པ་མཐར་གཏུགས་ན་འདི་འདྲ་ཞིག་རེད་ཅེས་པ་སྒྲོ་སྐུར་མེད་པར་མཚོན་ཀྱིན་འདུག

ལྗང་བུའི་སྙན་ངག

འཇིག་རྟེན་དང་མི 

ཤོག་དཀར་དང་ནག་ཐིག

ལྟ་བུས་མཚོན་ན་དེ་ཡིས་ང་ཚོར་རྟོག་འཆར་གཞན་ཞིག་གམ་ཡང་ན་རྩོམ་མཁན་གྱི་རྟོག་འཆར་དང་ཐག་ཉེ་བ་ཞིག་བསླངས་བྱུང་སྟེ། 

      འཇིག་རྟེན་ནི་མི་ཡིས་གྲུབ་ཅིང་མི་ཡི་བློ་གྲོས་དང་ཤེས་རིག་གིས་ད་གཟོད་འཇིག་རྟེན་འདི་ནི་མཛེས་ཤིང་སྡུག་པ་ཞིག་ཏུ་བསྒྱུར་ཡོད་ལ།    ཤོག་བུ་དཀར་པོ་དེར་མི་ཚེའི་གནས་ལུགས་ཀྱིས་བརྒྱན་པའི་ཡིག་འབྲུ་ཕབས་པས་ད་གཟོད་དོན་སྙིང་དང་ལྡན་པར་བྱས་པ་ལྟ་བུ་ཞིག་གི་འདུ་ཤེས་བསླངས་ལ།   དེར་མཐུད་ནས་རྟོག་འཆར་དེ་རྟོག་འཆར་གཞན་ཞིག་གམ་ལྡོག་ཕྱོགས་ཀྱི་འདུ་ཤེས་ཤིག་ཀྱང་འཆར་འོངས་ཏེ།  འཇིག་རྟེན་དུ་མི་བྱུང་བ་དང་མི་ཡི་འགྲན་རྩོད་དང་ཤེས་རིག་གིས་འཇིག་རྟེན་ལ་བསྒྱུར་བཅོས་གཏོང་བའི་ཟུར་དུ་རང་བྱུང་གི་འཇིག་རྟེན་འདིར་གཏོར་བརླག་ཚབས་ཆེན་ཐོན་གྱིན་ཡོད་པའང་ཤུགས་ཀྱིས་བསྟན་ཞིང་།དེའི་དཔེ་རུ་ཤོག་བུ་དཀར་གཙང་ལྷད་མེད་པ་དེ་ལ་ནག་ཐིག་ཤིག་ཕབས་པས་གཞི་མ་གཙོག་པོར་བཟོས་པའམ་ཆ་གཙང་བོ་དེ་བརླག་ཟིན་པ་ལྟ་བུའི་ཚོར་སྣང་ཤིག་བསྐྱེད་ཀྱིན་ཡོད་ལ།   ཕྱོགས་གཞན་ཞིག་ནས་སྙན་ངག་དེའི་ཁྱབ་ཁོངས་ཇེ་ཡངས་སུ་གྱུར་ནས་མིའི་འདོད་མོས་དང་ཕུགས་བསམ།   མི་ཚེའི་ལྟ་བ།   རིན་ཐང་གི་འཚོལ་སྙེགས་སོགས་ནས་ཀྱང་རྟོག་འཆར་གྲངས་མེད་པ་བསྐྱེད་འོངས་པ་ལྟ་བུ་རེད་འདུག

     བརྩམས་ཆོས་གང་ཞིག་འགྲུབ་དགོས་ནའང་རྩོམ་མཁན་གྱིས་མི་ཚེ་དང་འཇིག་རྟེན་ལ་རྒྱུས་ལོན་བྱེད་དགོས་པ་སྨོས་མ་དགོས་ཏེ།      རྩོམ་མཁན་གྱི་ལྟ་བའི་ཟབ་ཚད་ཀྱིས་བརྩམས་ཆོས་ཀྱི་ཟབ་ཚད་ལ་ཐད་ཀར་ཚོད་འཛིན་བྱེད་ཀྱིན་ཡོད།   འཇིག་རྟེན་གྱི་བྱ་དངོས་ལ་གོ་བ་སྐྱེ་ཚད་མི་འདྲ་བའི་དབང་གིས་རྩོམ་མཁན་གྱི་ཤེས་རྟོགས་དང་འབྲི་རྩལ་ལའང་རིམ་པ་མང་པོ་ཡོད།   ང་ཚོའི་ཁོར་ཡུག་འདིར་དེ་ལྟ་བུའི་སྐྱེས་ཐོབ་ཀྱི་བློ་རིག་ལྡན་པ་རེ་ཟུང་མཆིས་ཤིང་།    དེ་དག་ལ་མང་པོ་ཞིག་གིས་བརྩི་བཀུར་དང་དགོས་ངེས་ཀྱི་གཙིགས་ཆེན་ཐེབས་ཀྱིན་མེད། 

      དཔེར་ན་སྙན་ངག་པ་ལྗང་བུ་ལྟ་བུ་རེད།    མང་པོ་ཞིག་གིས་རང་གིས་བྲིས་པ་དང་ལྗང་བུའི་བྲིས་པ་དག་ལ་བྲི་བྱ་དང་བྲིས་རྩལ་ཐད་ཆ་སྙོམས་ཡིན་པར་མཐོང་ཀྱིན་ཡོད་པས་རང་ཉིད་ཀྱང་སྙན་ངག་པ་དེ་དག་གི་བཞུགས་གྲལ་དུ་འདུག་ལ་དབང་བར་སྙམ་ཀྱིན་ཡོད།    དོན་དངོས་ཐོག་ཡར་སྔོན་ཞིག་ལ་ཁོ་བོར་ཡང་ལྟ་ཚུལ་དགོད་བྲོ་བ་དེ་འདྲ་ཞིག་སྐྱེས་མྱོང་།    ཡིན་ནའང་ཁས་མི་ལེན་རང་དབང་མེད་པ་ནི་རླབས་ཆེན་ནི་ནམ་ཡང་རླབས་ཆེན་རང་ཡིན་ལ།ཐ་མལ་བ་ནི་ཐ་མལ་བ་རང་རེད།

       རྒྱུ་རྐྱེན་དེའི་དབང་གིས་ཁྲོན་པའི་སྦལ་བ་ལྟ་བུའི་མིག་རྒྱ་དེས་རང་ཉིད་ཀྱི་ལྟ་རྒྱ་དང་ཤེས་རྒྱ་དེ་ནམ་ཡང་གཏིང་ཇེ་ཟབ་དུ་འགྲོ་ཀྱིན་མེད་པར་གཡམ་རྒྱུགས་དང་ཚོང་བྲིན་གྱི་བརྩམས་ཆོས་ལྟ་བུ་མང་དུ་འབྱུང་བཞིན་ཡོད།

རྩོམ་ཁུངས། ཚེར་སིལ་སྐྱ་བོ།

གཟིམས་པ་མེད་པའི་མཆོད་མེ། དབྱངས་གསལ་སོ་བཞིའི་མཛེས་སྡུག  RSSསྔོན་མངག

རྩོམ་རིག་སྐོར་གྱི་ཟིན་བྲིས་ཤིག

2009-09-04 གཅན་མེ་སྟག ཀློག་གྲངས། མཆན ཡོད།

དཔྱད་མཆན ཡོངས་སུ་གཟིགས།དཔྱད་མཆན།

མིང་མི་འགོད་པར་སྤེལ།