ཞོགས་པའི་སྐོར་གྱི་སྙན་ངག་ཚོམ་བུ་ཞིག

             ཞོགས་པ༼ ༡ ༽

ང་ཧ་ཅང་དགའ་སྟེ
ངས་ཞོགས་པའི་བར་སྣང་དུ་ལུས་རྩལ་སྦྱོང་བའི་མི་ཞིག་མཐོང་སོང
བྱེའུ་ཧ་ཅང་དགའ་སྟེ
ར་ཅོ་གུག་པའི་ལུ་གུ་ཧ་ཅང་དགའ་སྟེ
ཞོགས་པའི་རྩྭ་མགོ་རུ་ཆགས་པའི་བ་མོ་ཧ་ཅང་དགའ་སྟེ
ཞོགས་པ་འདི་ནས་བཟུང་དཔྱིད་ཀྱི་མགོ་ཚུགས་སོ་ཟེར
ངས་ཤེད་ཤུགས་ཡོད་ཚད་ཀྱིས
མདང་གི་རྨི་ལམ་སྤར་མོ་གང་བོ་བར་སྣང་དུ་གཡུགས་རྗེས
ང་ཧ་ཅང་དགའ་སྟེ
ངས་ཞོགས་པའི་ཉི་རྩེ་དུམ་བུ་གཉིས་སུ་བཅགས་སྟེ
ཕྱེད་ཀ་ཁྱེད་དང    ཕྱེད་ཀ་ང་རང་ལ་ཁྱེར་ཡོད

              ཞོགས་པ༼ ༢ ༽

ཆུ་འདི་དག   ང་དང་འདྲ་བར
རྩྭ་འདབས་ན་ཉལ་ཡོད
རྩྭ་འདི་དག   ང་དང་འདྲ་བར
ལམ་འགྲམ་ན་ཉལ་ཡོད

བྱེའུ་ལྔ་དྲུག་ཅིག་ཁང་ཀླད་ལས་འཕུར་ཏེ
ཅིར་ཅིར་གྱི་འབོད་སྐད་སྔ་རྗེས་སུ་གྲགས་འོང
བཀྲ་ཤིས་པར་ཤོག   བཀྲ་ཤིས་པར་ཤོག་ཅེས
གསོལ་འདེབས་མ་ཚར་གོང་ལ
བསེར་བུ་འཁྱམ་པོ་ཞིག་གོམ་པ་སྔ་གཞུག་གིས་ཐོན་ཏེ
ང་དང་ཆུ་ཐིགས་ལྷན་དུ
ང་དང་རྩྭ་ལོ་ལྷན་དུ
ཞོགས་པ་འདིའི་ཉི་འོད་ཀློང་དུ་དེད་བྱུང

             ཞོགས་པ༼  

ཞོགས་པ་འདིར
ང་རང་ཉི་འོད་ཀྱི་ཆ་ཤས་ཤིག་ཏུ་གྱུར
ངའི་མིག་ཟུང་ནི་ང་རང་གི་ཆ་ཤས་ཡིན་པ་བཞིན་དུ

ཞོགས་པ་འདིར
ང་རང་རྫ་རི་འདིའི་ཆ་ཤས་ཤིག་ཏུ་གྱུར
ང་ཡི་ཟུངས་ཁྲག་ནི་རྫ་ཆུ་འདིའི་ཆ་ཤས་ཡིན་པ་བཞིན་དུ

ངའི་ལག་པ་དང་རྐང་བའང
ཞོགས་པ་འདིའི་ཆ་ཤས་གང་རུང་ཞིག་ཡིན་ཏེ
སྡོང་བོའམ   རྩི་ཏོག་གམ
ལོ་མ་གང་རུང་ཞིག་གི་ཆ་ཤས་དང་འབྲེལ་བ་ཡོད་པ་བཞིན་དུ

ཡིན་ནའང   ངའི་བསམ་གཞིག་ཁོ་ན་མིན་ཏེ
དེ་ནི་རྫ་ཆུའི་སྟེང་འཚེར་བའི་ཉི་འོད་མིན་ལ
དེ་ནི་ལོ་མའི་སྟེང་འཁྱིལ་བའི་ཟིལ་བའང་མིན་ཏེ

དེ་ནི་གྲོག་རོང་ན་ཤུར་ཤུར་ལྡང་བའི་བསེར་བུ་དེ་ཡིན
དེ་ནི་ཐོ་རེངས་སྔོན་རི་རྒྱབ་ཏུ་འཁྲིགས་པའི་མུན་པ་དེ་ཡིན
དེ་ནི་ཞོགས་པ་འདིའི་སྔ་རོལ་དུ་སད་པའི་ཟླ་འོད་དེ་ཡིན

             ཞོགས་པ༼  

ཉི་འོད་ཀྱིས
ཆུ་ཟིལ་ལྟ་བུའི་ཞོགས་པ་འདི་ལའང
དབུགས་ཀྱི་འབྱིན་རྔུབ་གནང་བྱུང

ང་ཚོ་ཁང་མིག་གཅིག་ནས་ཁང་མིག་གཞན་ཞིག་ལ་ཆས་དུས
ང་ཚོས་ལམ་བར་གྱི་སྡོང་བོ་རེ་གཉིས་དང
སྐྱ་ཀ་དང
རླུང་དང
ལས་སྒྲུབ་ལ་འགྲོ་བའི་མི་རེ་གཉིས་མཐོང་སོང

ཞོགས་པའི་ཉི་འོད་ནི་མེ་ལོང་ཞིག་སྟེ
དེ་ཡི་ཁྲོད་ནས
ང་ཚོས་རང་ཉིད་ཀྱི་གྲིབ་མ་དང
བཀྲུས་ནས་མ་དག་པའི་བླ་སྲོག་རེ་རེ་བཞིན་མཐོང་སོང

            ཞོགས་པ༼  

ཞོགས་པར
ངས་སྒེའུ་ཁུང་གི་ཤེལ་ཡོལ་ངོས་སུ་རླུང་བུ་ཞིག་བྲིས
རླུང་བུ་ལྡང་ཐེངས་གཅིག་གིས
སྒོ་འགྲམ་གྱི་རྒྱ་ལྕང་ལོ་མ་ག་ས་ག་རུ་གཏོར་སོང
ལོ་མའི་རྩེ་རུ་ཆགས་པའི་ཤིང་བལ་གྱིས
ངའི་སྐྲ་ལོ་དང་ཕྲག་གོང་ཡོངས་སུ་དཀར་པོར་བསྒྱུར་དུས
ངས་རྒྱ་ལྕང་གི་ཡལ་གའི་སྟེང་དུ་ཁུག་རྟ་ཞིག་བྲིས
ཁེ་གྲི་ཞིག་དང་འདྲ་བའི་ཁུག་རྟས
ཡལ་གའི་རྩེ་ཡི་ཤིང་ཕྲན་དག་ཁམ་དུ་བཟུང་སྟེ
ངའི་སྒེའུ་ཁུང་གི་ལོགས་སུ
དཀྱིལ་འཁོར་དབྱིབས་ཀྱི་ཚང་མལ་ཞིག་བཟོས

ངས་ད་དུང་མུ་མཐུད་དུ་ཅི་ཞིག་འབྲི་འདོད་དུས
སྒེའུ་ཁུང་གི་ཐེམ་པར་བཞག་པའི་མེ་ཏོག་དེ
རླུང་གིས་བཞད་དེ
ཞིམ་ཞིམ་གྱི་དྲི་མ     ག་ས་ག་རུ་གཏོར་སོང
སྐྱུར་སྐྱུར་གྱི་དྲན་པ    ག་ས་ག་རུ་གཏོར་སོང་།

(མཆོད་མེའི་པར་དབང་གཞན་གྱིས་དགོལ་མི་རུང) 

རྩོམ་ཁུངས། ངེད་དྲ་བ།

གཟིམས་པ་མེད་པའི་མཆོད་མེ། དབྱངས་གསལ་སོ་བཞིའི་མཛེས་སྡུག  RSSསྔོན་མངག

ཞོགས་པའི་སྐོར་གྱི་སྙན་ངག་ཚོམ་བུ་ཞིག

2014-12-15 གཅན་མེ་སྟག ཀློག་གྲངས། མཆན ཡོད།

དཔྱད་མཆན ཡོངས་སུ་གཟིགས།དཔྱད་མཆན།

མིང་མི་འགོད་པར་སྤེལ།