རག་སྐྱོགས་སེར་བོས་བཅུ་དགོས་པའི་ཆུ་ནང་གི་སེམས་པ།༼རང་མོས༽

ད་ནི་དུས་ཚོད་འགྱངས་ཟིན
ཉ་མོ་དག་འཁྱུག་ཙམ་བྱས
དུམ་བུ་བརྒྱ་སྟོང་དུ་གྱེས་ཚེ
འཕྲོ་མ་དག་ཕྱོགས་གཅིག་ཏུ་བསྡུ་ཐབས་མི་འདུག
མགོ་བོ་ཡར་དགྱེ་ཚེ
རྒྱུ་སྐར་དག་གཤོག་པ་ཆད་པའི་ངང་མོ་སེར་བོ་རེ་དང་འདྲ་བར
སྙིང་ཁར་མར་ལྷུང་ཡོང

ད་ནི་དུས་ཚོད་འགྱངས་ཟིན
ལྦུ་བའི་འཁྲི་ཤིང་དག་འགུལ་ཙམ་བྱས
གསེར་གྱི་དོང་ཙེ་ཞིག་ལྟར
འོད་ཆེམ་ཆེམ་གྱིས་གསལ་ཡང
རླུང་གི་རུས་རྐང་ཕྲ་མོ་དག་བཅག་ནས
རགས་སྐྱོགས་སེར་བོ་མར་བསྲིངས་ཚེ
ཆུ་ནང་གི་བར་སྣང་དེ་ཤེལ་ལེབ་ཅིག་ལྟར
དུམ་བུར་ཆག་མི་འགྲོའམ

ད་ནི་དུས་ཚོད་འགྱངས་ཟིན
ཡུན་རིང་ལ་དེ་གར་འགྲེང་འགྲེང་མཐར
ཡོང་ཁར་ཨམ་ཕྲག་ཏུ་བཅུག་པའི་རང་གི་སེམས་པའང
གྲམ་རྡོས་བརྡར་ནས་ཟད་ལ་ཉེ

མཐར་ས་རུབ་སོང  
གཙང་བོས་ང་ལ་བསམ་གཟས་ནས་བརྙས་པ་ལྟར
ཅ་ཅོ་མཚམས་མེད་དུ་སྒྲོག
                      1/24/2007

 

རྩོམ་ཁུངས། ངེད་དྲ་བ།

གཟིམས་པ་མེད་པའི་མཆོད་མེ། དབྱངས་གསལ་སོ་བཞིའི་མཛེས་སྡུག  RSSསྔོན་མངག

རག་སྐྱོགས་སེར་བོས་བཅུ་དགོས་པའི་ཆུ་ནང་གི་སེམས་པ།༼རང་མོས༽

ད་ནི་དུས་ཚོད་འགྱངས་ཟིན
ཉ་མོ་དག་འཁྱུག་ཙམ་བྱས
དུམ་བུ་བརྒྱ་སྟོང་དུ་གྱེས་ཚེ
འཕྲོ་མ་དག་ཕྱོགས་གཅིག་ཏུ་བསྡུ་ཐབས་མི་འདུག
མགོ་བོ་ཡར་དགྱེ་ཚེ
རྒྱུ་སྐར་དག་གཤོག་པ་ཆད་པའི་ངང་མོ་སེར་བོ་རེ་དང་འདྲ་བར
སྙིང་ཁར་མར་ལྷུང་ཡོང

ད་ནི་དུས་ཚོད་འགྱངས་ཟིན
ལྦུ་བའི་འཁྲི་ཤིང་དག་འགུལ་ཙམ་བྱས
གསེར་གྱི་དོང་ཙེ་ཞིག་ལྟར
འོད་ཆེམ་ཆེམ་གྱིས་གསལ་ཡང
རླུང་གི་རུས་རྐང་ཕྲ་མོ་དག་བཅག་ནས
རགས་སྐྱོགས་སེར་བོ་མར་བསྲིངས་ཚེ
ཆུ་ནང་གི་བར་སྣང་དེ་ཤེལ་ལེབ་ཅིག་ལྟར
དུམ་བུར་ཆག་མི་འགྲོའམ

ད་ནི་དུས་ཚོད་འགྱངས་ཟིན
ཡུན་རིང་ལ་དེ་གར་འགྲེང་འགྲེང་མཐར
ཡོང་ཁར་ཨམ་ཕྲག་ཏུ་བཅུག་པའི་རང་གི་སེམས་པའང
གྲམ་རྡོས་བརྡར་ནས་ཟད་ལ་ཉེ

མཐར་ས་རུབ་སོང  
གཙང་བོས་ང་ལ་བསམ་གཟས་ནས་བརྙས་པ་ལྟར
ཅ་ཅོ་མཚམས་མེད་དུ་སྒྲོག
                      1/24/2007

 

རྩོམ་ཁུངས། ངེད་དྲ་བ།

དཔྱད་མཆན ཡོངས་སུ་གཟིགས།དཔྱད་མཆན།

མིང་མི་འགོད་པར་སྤེལ།