བོད་དུ་མཁས་པ་མང་པོ་ཡོད།༼ལྷུག་རྩོམ༽

  དེང་གི་བོད་ཀྱི་གསར་བུ་འགས་ནི་བོད་ཀྱི་སྔོན་བྱོན་མཁས་པ་གང་ཞིག་ལ་རྗེས་དྲན་བྱེད་པ་དང་། ཡང་ན་མཁས་པ་གང་ཞིག་གི་ལོ་རྒྱུས་གླེང་སྐབས་སུ་ནམ་ཡང་དགེ་འདུན་ཆོས་འཕེལ་དང་དོན་གྲུབ་རྒྱལ་གཉིས་ཀ་ཁ་རུ་མ་ཎི་འདོན་འདོན་བྱེད་ཀྱིན་འདུག དེ་ནི་རང་རེའི་སློབ་གསོ་གོལ་ལམ་དུ་སོང་བའི་རྟགས་ཤིག་ཡིན་པར་མ་ཟད་དམིགས་མེད་ཧོལ་རྒྱུགས་ཀྱི་བསམ་བློའི་མཚོན་རྟགས་ཤིག་རེད། བདག་གིས་བསམ་ན་བོད་ལ་ཁོང་གཉིས་ལས་གཞན་མཁས་པ་མང་པོ་མང་པོ་ཞིག་ཡོད་པ་རེད་ལ་དེ་ཀུན་གྱིས་ཁས་ཀྱང་ལེན་ངེས་རེད། འོན་ཀྱང་ཁོང་གཉིས་ལས་གཞན་པར་ཅིའི་ཕྱིར་རྗེས་དྲན་དང་གདེང་འཇོག་མི་བྱེད་པ་རེད་ཅེས་ན། གསར་བུ་དེ་ཚོས་དགེ་ཆོས་དང་དོན་རྒྱལ་གཉིས་ཀ་སྐྱོན་ཀུན་ཟད་ཡོན་ཏན་ཀུན་རྫོགས་ཀྱི་སྐྱེས་བུ་ཆེན་པོའི་སྐུ་རུ་བཞེངས་ཟིན་པས་རེད། གསལ་བོར་བཤད་ན་དེའང་གུས་འདུད་ཀྱི་ཡུལ་དུ་སྐྱེས་བུ་གང་རུང་ཞིག་བཞག་རྗེས་དེ་ལ་བླང་དོར་མེད་པར་དད་པ་བྱེད་པའི་སྲོལ་ཞིག་ཏུ་ཆགས་པ་སྟེ་སྲོལ་དེ་ནི་མིའི་རིགས་ཀྱི་སྤྱི་ཚོགས་ཀྱི་གྲུ་ག་སོ་སོར་གནས་པ་ཞིག་རེད། མི་སེར་ཕལ་བས་སྤྲུལ་སྐུ་ཆེ་གེ་མོར་དད་པ་བྱེད་པ་དང་གསར་བུ་དེ་ཚོས་ཁོང་གཉིས་ལ་དད་པ་བྱེད་པ་གཉིས་ལ་ཁྱད་པར་ཅི་ཡང་མེད་དེ་སེམས་ཁམས་རིག་པས་དཔྱད་ན་དེ་ནི་རང་ལ་ཡིད་ཆེས་མེད་པའི་སྐྱེ་བོ་ཚོས་སེམས་ཀྱི་འཇིགས་དངངས་སེལ་ཕྱིར་སྐྱབས་རྟེན་གཞན་ནས་འཚོལ་བ་ཉིད་དོ།།
   གལ་སྲིད་ངེད་ཅག་གིས་མི་ཞེས་པ་དེ་རིག་གནས་ཀྱི་བསྐྱེད་འབྲས་ཤིག་ཏུ་ངོས་འཛིན་པ་དང་མི་གང་གི་ལོ་རྒྱུས་དང་འཚོ་གནས་སོགས་ཐམས་ཅད་ལ་བློ་གཟུ་བོས་དཔྱད་པ་བྱ་ཆོག་པ་ཡིན་ན། དགེ་ཆོས་དང་དོན་གྲུབ་རྒྱལ་གཉིས་ཀ་འང་དེ་ལས་མ་འདས་པ་རེད། དེའི་ཕྱིར་ཁོང་གཉིས་ཀ་ཁོ་ན་ཚད་མའི་སྐྱེས་བུར་བཀུར་ཅིང་གཞན་དག་ཞིབ་འཇུག་གི་ཡུལ་དུའང་མི་འཛིན་པའི་ལས་ཀ་སྒྲུབ་སྟངས་དེར་ཤིན་ཏུ་ཞེད་དགོས་པ་ཞིག་འདུག དཔེར་ན། མང་པོ་ཞིག་གིས་དེང་རབས་དེང་རབས་ཟེར་ནས་གསར་བ་ཡིན་པ་ལྟ་བུ་ཞིག་གླེང་ཡོང་ནའང་དེ་ཉིད་བོད་ཀྱི་སྲོལ་རྒྱུན་རིག་གནས་དང་གཏན་ནས་འབྲེལ་བ་མེད་པའི་ཐག་རིང་གི་དངོས་པོ་ཞིག་ལ་འདོད་ཀྱིན་འདུག ནུབ་ཀྱི་མཚན་ཉིད་རིག་པ་བ་དང་། དེང་རབས་ཀྱི་སྒྱུ་རྩལ་བ། སྙན་ངག་པ། གློག་བརྙན་འཁྲབ་སྟོན་པ་སོགས་མང་པོ་ཞིག་གིས་བོད་ཀྱི་སྲོལ་རྒྱུན་རིག་གནས་དེ་མིའི་རིག་གནས་ཤིག་ཏུ་ངོས་འཛིན་གྱི་ཡོད་ནའང་རང་རེའི་མི་རབས་གསར་བ་དག་གིས་དེ་ཉིད་ལྷ་ལས་མི་ལ་འབྲེལ་བ་མེད་པར་འདོད་པ་ནི་ཧ་ལས་དགོས་པ་ཞིག་མ་རེད་དམ།
    ངས་འདིར་གསར་བུ་དེ་ཚོར་ལེ་བདའ་བྱ་རྒྱུ་མིན་པར། གསར་བུ་དེ་ཚོའི་རྒྱུད་ལ་གསར་རྙིང་ཞེས་པ་དཀར་ནག་གཉིས་ཀ་ལྟ་བུ་ཞིག་ཡིན་པར་འཇོག་མཁན་གྱི་རྒན་པོ་དེ་ཚོར་ལེ་བདའ་བྱ་རྒྱུ་མ་ཟད་མཐོང་ཆུང་ཡང་བྱ་རྒྱུ་ཡིན།
    བོད་ལ་མཁས་པ་མང་པོ་ཡོད་དེ། ཙོང་ཁ་བ་དང་། ས་པཎ། ཀློང་ཆེན་པ། ཤོང་སྟོན། འཇུ་མི་ཕམ། འཇམ་དབྱངས་བཞད་པ། སྡེ་སྲིད་སངས་རྒྱམ། སི་ཏུ་པཎ་ཆེན། མར་བ། འཇམ་དབྱངས་མཁྱེན་བརྩེ། བདུད་འཇོམས་སོགས་མང་པོ་མང་པོ་ཞིག་ཡོད་དོ།།

རྩོམ་ཁུངས། ངེད་དྲ་བ།

གཟིམས་པ་མེད་པའི་མཆོད་མེ། དབྱངས་གསལ་སོ་བཞིའི་མཛེས་སྡུག  RSSསྔོན་མངག

དཔྱད་མཆན ཡོངས་སུ་གཟིགས།དཔྱད་མཆན།

མིང་མི་འགོད་པར་སྤེལ།