ཚགས་པར་ཞིག་གི་འཁྲུངས་སྐར་ལ་རྗེས་དྲན་བྱ་བ།༼ལྷུག་རྩོམ༽

   ༼མཚོ་སྔོན་བོད་ཡིག་གསར་འགྱུར༽ནི་ང་རང་ལ་མཚོན་ན་ཆུང་ངུའི་དུས་ནས་བཟུང་ཆེས་ཀློག་པར་སྤྲོ་བའི་བོད་ཡིག་གི་ཚགས་པར་ཅིག་ཡིན་ཏེ། མང་རྒྱུ་མེད་པའི་བོད་ཡིག་གི་ཚགས་པར་དག་ལས་དུས་ཀྱི་འཕེལ་འགྱུར་ལ་བསྟུན་ནས་རང་ལའང་འགྱུར་བ་གཏོང་མཁས་པའི་ཚགས་པར་དེའང་རེད།
   ཕལ་ཆེར་སྤྱི་ལོ་༡༩༩༩ལོའི་དཔྱིད་དུས་ཡིན་པ་འདྲ། ༼མཚོ་སྔོན་བོད་ཡིག་གསར་འགྱུར་༽གྱི་རྩོམ་སྒྲིག་པ་ཧཱུ་ཆེན་ལགས་རྐང་བཙུགས་ནས་ཀན་ལྷོའི་ཕྱོགས་ཀྱི་རྩོམ་པ་པོ་འགའི་སར་བཅར་ཅིང་ཁོང་གིས་སྐབས་དེར་ཤ་དར་ཁྲག་དར་གྱི་ཡོགས་ལུ་བདག་ཀྱང་མིག་ནས་མ་བོར་བར“དེང་གི་གཞོན་སྐྱེས་ཚོའི་ཁྲོད་ནས་ཁྱོད་ཀྱིས་བྲིས་པ་བཟང”ཟེར་ནས་བསྟོད་ཚིག་གི་ཕྲེང་བ་ཞིག་བསྐོན་ཏེ༼མཚོ་སྔོན་བོད་ཡིག་གསར་འགྱུར༽་གྱི་ངོས་སུ་ཆེད་བསྒྲིགས་ལེ་ཚན་ཞིག་བཟོ་རྒྱུ་ཁས་བླངས་སོང་། སྐབས་དེར་བདག་ནི་མགོ་ན་སྡོད་ཤག་མེད་ལ་རུམ་དུ་པད་ཤག་མེད་ཅིང་སེམས་ན་འཆར་གཞི་མེད་པའི་གཞོན་ནུ་ལྡོམ་པོ་ཞིག་ཡིན། ཕལ་ཆེར་ཉིན་རེར་སྙན་ངག་རེ་བྲིས་རྗེས་སྦི་རག་ཤེལ་དམ་འགའ་འཐུང་བ་ལས་གཞན་ཆེས་ཆེ་བའི་ལས་འགན་ནི་རང་གིས་མང་པོ་ཞིག་རྟོགས་ཡོད་པའི་ཚུལ་གྱིས་ཁོར་ཡུག་གི་སྐྱེ་བོ་དག་ཁྱད་དུ་གསོད་རྒྱུ་དེ་རེད། རྩོམ་སྒྲིག་པ་ཁོང་གི་ཐུགས་ཁུར་དང་གདེང་འཇོག་གིས་བདག་གི་ང་རྒྱལ་གྱི་མེ་དཔུང་སྟུག་པོ་དེའི་ནང་དུ་འབར་རྫས་གསར་བ་ཞིག་ཁ་སྣོན་བྱས་བྱུང་བ་འདྲ་བས་ཉི་མ་འགའི་རིང་ལ་ཆེད་བསྒྲིགས་ལེ་ཚན་དེར་མཁོ་བའི་རྩོམ་དག་བྲིས་ཚར་བར་གྱུར། རྗེས་སུ་པར་ངོས་ཧྲིལ་བོ་གཅིག་བདག་གི་རྩོམ་ཡིག་གིས་བཀང་བའི་ཚགས་པར་དེ་དང་རྩོམ་ཡོན་གཉིས་འཕྲོ་རིམ་འཕྲོར་འབྱོར་བས་བདག་གི་ཨམ་ཕྲག་ནི་གསེར་དངུལ་གྱིས་གང་བ་ཇི་བཞིན་ལྗིད་ལྟིག་ལྟིག་ཏུ་གྱུར་བ་དང་བདག་གི་མགོ་འཕང་ཡང་སྔར་ལས་ལྡབ་འགྱུར་མཐོ་བར་གྱུར་བ་སྨྲོས་ཅི་དགོས། ད་ལྟ་བསམ་ན། གཞོན་ནུ་ལོ་ཆུང་ཚོར་ལམ་བུ་གསར་བ་བཤངས་པ་དང་། རྩོམ་ཐབས་སྣ་མང་དང་དུ་ལེན་པའི་རྩོམ་སྒྲིག་པ་དང་མགོ་ཁྲིད་ཚོའི་སྤོབས་པ་ནི་དུས་ཚོད་དེར་མཚོན་ན་བློས་མི་དཔོག་པ་ཞིག་སྟེ། ཆ་འཕྲིན་གྱི་རིག་གནས་ཤྭ་འོད་བརྡོལ་བ་བཞིན་དར་བའི་དེང་གི་དུས་སུའང་སྔོན་ཆད་ཀྱི་རྩོམ་ཐབས་ལས་ཅུང་ཙམ་འདའ་བར་གྱུར་ན་བསྲེག་གཅོད་བརྡར་གསུམ་བྱེད་པ་ལས་ཅི་ཡང་མི་ནུས་པའི་ཚགས་པར་དང་དུས་དེབ་ཀྱི་རྩོམ་སྒྲིག་པ་ཚོས་ལག་པ་བྲང་ལ་བཞག་ནས་བསམ་བློ་གཏང་དགོས་པ་ཞིག་མ་རེད་དམ། དུས་དེ་ནས་བཟུང་། ༼མཚོ་སྔོན་བོད་ཡིག་གསར་འགྱུར༽ནི་བདག་གི་གསར་རྩོམ་གྱི་མྱུ་གུ་གདབ་སའི་ས་ཞིང་གཤིན་པོ་དེར་གྱུར་ལ་སྔ་གཞུག་ཏུ་ཚིགས་བཅད་ཀྱི་ལམ་ནས་བྲིས་པའི་སྙན་ངག༼རྟོག་པའི་རླུང་ཁམས་ཆེན་པོ་ངོ་སྤྲོད་པའི་གླུ༽དང་། བརྩམས་སྒྲུང༼འདྲེ་ཤིག༽༼རླུང་རྟའི་སྨྲེ་ངག༽ བསྒྱུར་རྩོམ༼བྱ་ལེན་མའི་ཟློས་གར༽ སོགས་རྩོམ་ཡིག་མང་པོ་ཞིག་བཀོད་མྱོང་།
   ཁ་སང་རྩོམ་སྒྲིག་པས་ཁ་པར་ལས༼མཚོ་སྔོན་བོད་ཡིག་གསར་འགྱུར༽གསར་དུ་བཏོན་ནས་མི་ལོ་དྲུག་ཅུ་འགོར་སོང་ཟེར། མི་ལོ་དྲུག་ཅུ་ནི་ཀྱག་ཀྱོག་གི་བགྲོད་ལམ་རིང་མོ་ཞིག་ཡིན་ཏེ་དེའི་སྟེང་དུ་མི་ཚེའི་ལས་སྐལ་དབྱངས་གསལ་སོ་བཞིར་བཅོལ་བའི་རྩོམ་སྒྲིག་པ་དང་རྩོམ་པ་པོ་ཚོའི་དཀའ་སྡུག་གི་རྔུལ་ཆུ་འཐོར་ཡོད་ལ། ཁ་བ་རི་བའི་དུས་རབས་གསར་རྙིང་གཉིས་ཀའི་འཕེལ་འགྱུར་གྱི་རི་མོའང་མངོན་པར་གསལ་འདུག་པས་དུས་སྟོན་ཞིག་དང་མཚུངས་པའི་འཁྲུངས་སྐར་དེ་ཉིད་གཟི་བརྗིད་ཅིག་དང་རྒྱལ་ཁ་ཞིག་ཏུ་མི་སེམས་པའི་སྨྱུག་ཐོགས་པ་སུ་ཞིག་མཆིས།
མ་འོངས་པར། ༼མཚོ་སྔོན་བོད་ཡིག་གསར་འགྱུར༽གྱིས་དུས་ཀྱི་ཚོད་བགམ་ཐེག་པའི་ངང་བོད་ཡིག་གི་ཆ་འཕྲིན་སྒྲོག་པའི་འཕྲིན་ལས་མུ་ནས་མུ་རུ་བསྐྱང་བའི་སྨོན་འདུན་ཞུས་པ་ཡིན།

རྩོམ་ཁུངས། ངེད་དྲ་བ།

གཟིམས་པ་མེད་པའི་མཆོད་མེ། དབྱངས་གསལ་སོ་བཞིའི་མཛེས་སྡུག  RSSསྔོན་མངག

ཚགས་པར་ཞིག་གི་འཁྲུངས་སྐར་ལ་རྗེས་དྲན་བྱ་བ།༼ལྷུག་རྩོམ༽

2011-09-19 སྐྱ་བོ། ཀློག་གྲངས། མཆན ཡོད།

དཔྱད་མཆན ཡོངས་སུ་གཟིགས།དཔྱད་མཆན།

མིང་མི་འགོད་པར་སྤེལ།