རང་ལུས་ལ་གཤེ་བའི་གཏམ།༼བཅད་མ༽

༄༅།།རང་ལུས་དགྲ་རུ་སྡང་བའི་ངང་ཚུལ་ལ་གཤེ་བའི་གཏམ་དུག་སྦྲང་ནག་པོའི་གཤོག་སྒྲ་ཞེས་བྱ་བ་བཞུགས་སོ།།

མེ་ཏོག་ལུས་བཅུད་གསོ་བའི་བདུད་རྩིའི་ཟས།།
སྲིན་འབུའི་ཁ་ལ་རེག་པའི་མི་སྡུག་ཉམས།།
རླུང་གི་གཤེད་མའི་སྐད་ཅིག་བརླག་མཛད་པའི།།
རང་བྱུང་འཕྲུལ་གྱི་ཟློས་གར་ཁྱོད་ལ་ངོམ།།

མུན་པའི་མལ་དུ་སྤུངས་པའི་བཤང་ལྕིའི་ཚོགས།།
འདོད་སྲེད་སྦྲུལ་གྱིས་ཡང་ནས་ཡང་དུ་དཀྲུགས།།
གཙང་མའི་ལྷ་དག་གྲིབས་དང་ནད་ཀྱིས་ཟིན།།
མིག་ཆུའི་མུ་ཏིག་བར་དོའི་ཁམས་ལ་འཐོར།།

ཨ་ཧོ་གཞི་དབྱིངས་རྣམ་དག་གདོད་མའི་ས།།
གཅོང་རོང་དྲག་པོར་འཁྲུལ་བྱེད་མིག་གི་གློག།
ཡུད་ཙམ་འཕྲོས་པའི་ལས་ཀྱི་སྣོན་མ་ལ།།
སྡིག་སྒྲིབ་ཟབ་མོའི་མུན་དོང་ཕྱེ་འདི་ཅི།།

ཁྱོད་ནི་ནམ་མཁའི་མངལ་འཛིན་ཡེ་ཤེས་མ།།
ཐུགས་ཀྱི་བརྩེ་བས་སྲིད་གསུམ་མཐའ་ཡང་ཁྱབ།།
བདག་ནི་རྣམ་རྟོག་བརྒྱ་ཡི་ཕུང་པོ་སྟེ།།
ཁོང་ཁྲོའི་མེ་དང་ཆགས་པའི་ཆུ་ཡིས་ནོངས།།

རྡོ་རྗེའི་མཚོན་དང་བྲལ་བའི་བེམ་རོ་འདི།།
བདག་མོ་ཁྱོད་ཀྱིས་གདན་དུ་གནོན་བྱེད་ན།།
ཟུག་རྔུའི་གཡུལ་ལས་རྒྱལ་བའི་གཏང་རག་ཏུ།།
མཁའ་སྤྱོད་ཞིང་ཁམས་མྱུར་བར་སྟོན་ཅིག་ཀྱེ།

འཁོར་བའི་ཆོས་དང་བྲལ་བའི་ཕོ་བྲང་ལ།།
བེེ་ཌཱརྱ་སྔོན་མོའི་ཏོག་གིས་རབ་བརྒྱན་ཏེ།།
ཁྱོད་ལ་གཞལ་ཡས་ཁང་ཆེན་བཞེངས་ཡོད་ཅེས།།
ཚེ་རབས་སྔོན་མར་སྨྲས་པའི་གཏམ་དེ་དྲན།།

དེས་མཐུས་བརྩེ་བའི་གསེར་རྡུལ་བསགས་བྱས་ནས།།
མཁའ་འགྲོའི་དཀྱིལ་འཁོར་མཆོད་ལ་ངལ་མེད་ཀྱང་།།
ལེ་ལོའི་གཟུགས་ལྡན་སྒྱུ་མའི་འཕྲུལ་འཁོར་ལས།།
རྨོངས་པའི་ཡན་ལག་རྐྱོང་བའི་རྒྱུན་མི་ཆད།།

འཆི་བ་དཔེ་རུ་དྲངས་པའི་རི་མོའི་ལུས།།
ངག་འཁྱལ་རྩུབ་མོའི་ནགས་ཚལ་ལ་བཙུད་དེ།།
ཀ་དག་སེམས་ཀྱི་འོད་གསལ་བསུབ་པ་འདི།།
བླུན་པོའི་མགོ་ལ་ལྕགས་ཀྱི་བཙོན་ཞྭ་ཉིད།།

ཁྲེལ་བའི་གད་མོས་བསྒུལ་བའི་བྲག་གི་རི།།
ངུ་བའི་མུ་ཅོར་འཕྱུར་བའི་མཚོ་ལ་ཐིམ།།
གཅེར་བུའི་ལུས་ལ་རྣམ་ཤེས་མི་འདུག་པས།།
ཁྱི་སྤྱང་འཐབ་པའི་གར་ལ་ཅིའི་ཕྱིར་བལྟ།།

ཝུ་བའི་མུ་ཁྱུད་སྒྲོལ་བའི་མཐུ་མེད་པར།།
ཞ་འཁུམས་ངང་དུ་གྲིབ་མ་བཞིན་ལུས་ཏེ།།
ལོག་པའི་ང་རྒྱལ་བསྲེགས་པའི་དུ་བ་ཡིས།།
ཞལ་གྱི་དུང་ཟླ་བསྒྲིབས་དེར་ཅིས་མི་འགྱོད།།

ཀྱེ་མ་འདི་རུ་སེང་གེ་ཤི་བོའི་རོ།།
གྲོག་དམག་རྭ་ཅོ་གཟེངས་པའི་རྒྱུ་རུ་གྲུབ།།
སྡུག་བསྔལ་མཚོན་པའི་དར་ཆ་ནག་པོ་ལ།།
ཟུངས་ཁྲག་དམར་པོའི་ཚོས་ཁ་རབ་ཏུ་ཕབ།།

འཕག་འཚག་ཙམ་གྱིས་དམྱལ་བའི་གཏིང་དུ་ལྷུང་།།
ཕྱི་མིག་གཅིག་གིས་སྲིད་པའི་བཙོན་ར་མཐོང་།།
མཐའ་རྣམས་རྙེད་པས་མུ་སྟེགས་དངོས་སུ་མཇལ།།
དེ་འདྲའི་སྡུག་བསྔལ་མྱོང་ལ་སུ་ཡི་རངས།།

བརྩེ་ཆེན་འཕྲུལ་གྱི་ནམ་མཁའ་མ་རྙེད་པར།།
ཚོར་བའི་སྐར་མདའ་འཛིན་དུ་མེད་པ་སྟེ།།
གཏམ་གྱི་ཞགས་པ་རང་དགར་གློད་ཀྱང་རུང་།།
གྲེ་བ་འགག་པའི་རང་གཟུགས་རྗེན་པར་ཕྱུངས།།

སྙིང་གི་རྒྱལ་བོར་མཚོན་གྱིས་རྒོལ་བ་བཞིན།།
ལྷ་ཡི་སྐུ་ལ་ཁྲག་ཚན་བྱུགས་པ་ཡིས།།
མཐའ་བྲལ་གཤིན་ཡུལ་ཡངས་པའི་བྱེ་ཐང་ནས།།
ཀེང་རུས་རྡུལ་དུ་ཟགས་པའི་འཇིགས་དངངས་ཐོབ།།

ཉལ་ཐའི་ཟེའུ་འབྲུ་སྦྲུམ་པའི་མེ་ཏོག་ལ།།
འདབ་མ་བརླག་པའི་ཆད་པ་མ་བཅད་ན།།
མཆོག་གསུམ་དགྱེས་བྱེད་དད་པའི་སྐྱེད་ཚལ་འདི།།
ནམ་ཞིག་སྐྱོན་དང་དུག་གིས་ཕོངས་པར་འགྱུར།།

དེས་ཕྱིར་མགོན་གྱི་ལྷ་མོ་ཁྱོད་ཉིད་ལས།།
ཆོས་ཉིད་ངོ་བོ་སྤྲོད་པའི་ཐབས་ཞུས་ཏེ།།
ཉེས་པའི་ཕུང་བོར་འཕངས་པའི་ངག་གི་མདའ།།
འཇིགས་རུང་སྒྲ་ཡིས་གསལ་བ་ཀུན་ཏུ་རྒྱལ།།
              རིག་པ་འཛིན་པའི་སྤྲང་འཁྱམས་པ་སྐྱབས་ཆེན་བདེ་གྲོལ་གྱིས་སྤྱི་ལོ༢༠༠༡ལོའི་ཟླ་༧པའི་ཚེས་༢༣ལ་སྦྱར་བའོ།།

   

རྩོམ་ཁུངས། ངེད་དྲ་བ།

གཟིམས་པ་མེད་པའི་མཆོད་མེ། དབྱངས་གསལ་སོ་བཞིའི་མཛེས་སྡུག  RSSསྔོན་མངག

རང་ལུས་ལ་གཤེ་བའི་གཏམ།༼བཅད་མ༽

༄༅།།རང་ལུས་དགྲ་རུ་སྡང་བའི་ངང་ཚུལ་ལ་གཤེ་བའི་གཏམ་དུག་སྦྲང་ནག་པོའི་གཤོག་སྒྲ་ཞེས་བྱ་བ་བཞུགས་སོ།།

མེ་ཏོག་ལུས་བཅུད་གསོ་བའི་བདུད་རྩིའི་ཟས།།
སྲིན་འབུའི་ཁ་ལ་རེག་པའི་མི་སྡུག་ཉམས།།
རླུང་གི་གཤེད་མའི་སྐད་ཅིག་བརླག་མཛད་པའི།།
རང་བྱུང་འཕྲུལ་གྱི་ཟློས་གར་ཁྱོད་ལ་ངོམ།།

མུན་པའི་མལ་དུ་སྤུངས་པའི་བཤང་ལྕིའི་ཚོགས།།
འདོད་སྲེད་སྦྲུལ་གྱིས་ཡང་ནས་ཡང་དུ་དཀྲུགས།།
གཙང་མའི་ལྷ་དག་གྲིབས་དང་ནད་ཀྱིས་ཟིན།།
མིག་ཆུའི་མུ་ཏིག་བར་དོའི་ཁམས་ལ་འཐོར།།

ཨ་ཧོ་གཞི་དབྱིངས་རྣམ་དག་གདོད་མའི་ས།།
གཅོང་རོང་དྲག་པོར་འཁྲུལ་བྱེད་མིག་གི་གློག།
ཡུད་ཙམ་འཕྲོས་པའི་ལས་ཀྱི་སྣོན་མ་ལ།།
སྡིག་སྒྲིབ་ཟབ་མོའི་མུན་དོང་ཕྱེ་འདི་ཅི།།

ཁྱོད་ནི་ནམ་མཁའི་མངལ་འཛིན་ཡེ་ཤེས་མ།།
ཐུགས་ཀྱི་བརྩེ་བས་སྲིད་གསུམ་མཐའ་ཡང་ཁྱབ།།
བདག་ནི་རྣམ་རྟོག་བརྒྱ་ཡི་ཕུང་པོ་སྟེ།།
ཁོང་ཁྲོའི་མེ་དང་ཆགས་པའི་ཆུ་ཡིས་ནོངས།།

རྡོ་རྗེའི་མཚོན་དང་བྲལ་བའི་བེམ་རོ་འདི།།
བདག་མོ་ཁྱོད་ཀྱིས་གདན་དུ་གནོན་བྱེད་ན།།
ཟུག་རྔུའི་གཡུལ་ལས་རྒྱལ་བའི་གཏང་རག་ཏུ།།
མཁའ་སྤྱོད་ཞིང་ཁམས་མྱུར་བར་སྟོན་ཅིག་ཀྱེ།

འཁོར་བའི་ཆོས་དང་བྲལ་བའི་ཕོ་བྲང་ལ།།
བེེ་ཌཱརྱ་སྔོན་མོའི་ཏོག་གིས་རབ་བརྒྱན་ཏེ།།
ཁྱོད་ལ་གཞལ་ཡས་ཁང་ཆེན་བཞེངས་ཡོད་ཅེས།།
ཚེ་རབས་སྔོན་མར་སྨྲས་པའི་གཏམ་དེ་དྲན།།

དེས་མཐུས་བརྩེ་བའི་གསེར་རྡུལ་བསགས་བྱས་ནས།།
མཁའ་འགྲོའི་དཀྱིལ་འཁོར་མཆོད་ལ་ངལ་མེད་ཀྱང་།།
ལེ་ལོའི་གཟུགས་ལྡན་སྒྱུ་མའི་འཕྲུལ་འཁོར་ལས།།
རྨོངས་པའི་ཡན་ལག་རྐྱོང་བའི་རྒྱུན་མི་ཆད།།

འཆི་བ་དཔེ་རུ་དྲངས་པའི་རི་མོའི་ལུས།།
ངག་འཁྱལ་རྩུབ་མོའི་ནགས་ཚལ་ལ་བཙུད་དེ།།
ཀ་དག་སེམས་ཀྱི་འོད་གསལ་བསུབ་པ་འདི།།
བླུན་པོའི་མགོ་ལ་ལྕགས་ཀྱི་བཙོན་ཞྭ་ཉིད།།

ཁྲེལ་བའི་གད་མོས་བསྒུལ་བའི་བྲག་གི་རི།།
ངུ་བའི་མུ་ཅོར་འཕྱུར་བའི་མཚོ་ལ་ཐིམ།།
གཅེར་བུའི་ལུས་ལ་རྣམ་ཤེས་མི་འདུག་པས།།
ཁྱི་སྤྱང་འཐབ་པའི་གར་ལ་ཅིའི་ཕྱིར་བལྟ།།

ཝུ་བའི་མུ་ཁྱུད་སྒྲོལ་བའི་མཐུ་མེད་པར།།
ཞ་འཁུམས་ངང་དུ་གྲིབ་མ་བཞིན་ལུས་ཏེ།།
ལོག་པའི་ང་རྒྱལ་བསྲེགས་པའི་དུ་བ་ཡིས།།
ཞལ་གྱི་དུང་ཟླ་བསྒྲིབས་དེར་ཅིས་མི་འགྱོད།།

ཀྱེ་མ་འདི་རུ་སེང་གེ་ཤི་བོའི་རོ།།
གྲོག་དམག་རྭ་ཅོ་གཟེངས་པའི་རྒྱུ་རུ་གྲུབ།།
སྡུག་བསྔལ་མཚོན་པའི་དར་ཆ་ནག་པོ་ལ།།
ཟུངས་ཁྲག་དམར་པོའི་ཚོས་ཁ་རབ་ཏུ་ཕབ།།

འཕག་འཚག་ཙམ་གྱིས་དམྱལ་བའི་གཏིང་དུ་ལྷུང་།།
ཕྱི་མིག་གཅིག་གིས་སྲིད་པའི་བཙོན་ར་མཐོང་།།
མཐའ་རྣམས་རྙེད་པས་མུ་སྟེགས་དངོས་སུ་མཇལ།།
དེ་འདྲའི་སྡུག་བསྔལ་མྱོང་ལ་སུ་ཡི་རངས།།

བརྩེ་ཆེན་འཕྲུལ་གྱི་ནམ་མཁའ་མ་རྙེད་པར།།
ཚོར་བའི་སྐར་མདའ་འཛིན་དུ་མེད་པ་སྟེ།།
གཏམ་གྱི་ཞགས་པ་རང་དགར་གློད་ཀྱང་རུང་།།
གྲེ་བ་འགག་པའི་རང་གཟུགས་རྗེན་པར་ཕྱུངས།།

སྙིང་གི་རྒྱལ་བོར་མཚོན་གྱིས་རྒོལ་བ་བཞིན།།
ལྷ་ཡི་སྐུ་ལ་ཁྲག་ཚན་བྱུགས་པ་ཡིས།།
མཐའ་བྲལ་གཤིན་ཡུལ་ཡངས་པའི་བྱེ་ཐང་ནས།།
ཀེང་རུས་རྡུལ་དུ་ཟགས་པའི་འཇིགས་དངངས་ཐོབ།།

ཉལ་ཐའི་ཟེའུ་འབྲུ་སྦྲུམ་པའི་མེ་ཏོག་ལ།།
འདབ་མ་བརླག་པའི་ཆད་པ་མ་བཅད་ན།།
མཆོག་གསུམ་དགྱེས་བྱེད་དད་པའི་སྐྱེད་ཚལ་འདི།།
ནམ་ཞིག་སྐྱོན་དང་དུག་གིས་ཕོངས་པར་འགྱུར།།

དེས་ཕྱིར་མགོན་གྱི་ལྷ་མོ་ཁྱོད་ཉིད་ལས།།
ཆོས་ཉིད་ངོ་བོ་སྤྲོད་པའི་ཐབས་ཞུས་ཏེ།།
ཉེས་པའི་ཕུང་བོར་འཕངས་པའི་ངག་གི་མདའ།།
འཇིགས་རུང་སྒྲ་ཡིས་གསལ་བ་ཀུན་ཏུ་རྒྱལ།།
              རིག་པ་འཛིན་པའི་སྤྲང་འཁྱམས་པ་སྐྱབས་ཆེན་བདེ་གྲོལ་གྱིས་སྤྱི་ལོ༢༠༠༡ལོའི་ཟླ་༧པའི་ཚེས་༢༣ལ་སྦྱར་བའོ།།

   

རྩོམ་ཁུངས། ངེད་དྲ་བ།

དཔྱད་མཆན ཡོངས་སུ་གཟིགས།དཔྱད་མཆན།

མིང་མི་འགོད་པར་སྤེལ།