ཚོར་བ།༣༼རང་མོས༽

སྐྱེས་བུ་དེ་གང་དུ་བུད་སོང་ངམ
ཁོང་གི་སྐོར་ཐོས་རྒྱུ་ཅི་ཡང་མི་འདུག
ཁོང་གི་ཀློག་འཕྲོར་བྱས་པའི་དཔེ་དེབ་དེའི་ཤོག་གྲངས་བརྒྱ་དང་གསུམ་པར
ཐ་མག་གིས་ཚིག་རྗེས་ཤིག་ནག་ཤུ་རེར་མངོན
ཁོང་གི་མལ་སྟན་ཁྲ་ཁྲའི་ངོས་སུ
ཁུ་ཁྲག་གཉིས་མཉམ་དུ་སྐམ་པའི་ཤུལ་ཡང་འདུག་པས
དེ་ཉིད་སྔར་ལས་ཁྲ་ཁྲར་མངོན
ཁོང་གི་སྦྲ་ནག་གི་ཀ་བ་རེ་རེས
ཤིང་གི་ཐུར་མ་མང་པོ་ཞིག་བཟོས་ཤིང
དེ་དག་ཀྱང་གད་སྙིགས་ཀྱི་ར་བ་ཞིག་ན་མེ་ཡིས་འཚིག་གིན་པའི་སྒང་ཡིན

ཆང་འཐུང་ཞོར་དུ་ཤ་ཚོམ་པོ་བཞེས་ཀྱིན་པའི་ཁོང་གི་གྲོགས་པོ་ཞིག་ལ
ཁོང་གི་སྐོར་དྲིས་པར
ཁོས་མཚམས་མཚམས་ལ་བདག་གི་སྒོ་མོ་རྡུང་མྱོང
དེ་ལས་གཞན་ཅི་ཡང་དྲན་གྱི་མི་འདུག་ཟེར

ཁོང་དང་ལུས་འབྲེལ་ཡོད་པའི་བུད་མེད་ཅིག་ལ
ཁོང་གི་སྐོར་དྲིས་པར
མི་དེ་འདྲ་ཞིག་ཡོད་དམ་ཟེར

ངས་ཀྱང་གཉིད་ལམ་ནས་མི་དེ་འདྲ་ཞིག་ཡོད་དམ་ཅེས་སྨྲས
                                2011/4/19
 
རྩོམ་ཁུངས། ངེད་དྲ་བ།

གཟིམས་པ་མེད་པའི་མཆོད་མེ། དབྱངས་གསལ་སོ་བཞིའི་མཛེས་སྡུག  RSSསྔོན་མངག

དཔྱད་མཆན ཡོངས་སུ་གཟིགས།དཔྱད་མཆན།

མིང་མི་འགོད་པར་སྤེལ།