ཐེངས་གཅིག་ལ།༼རང་མོས༽
ཚིག་མཛོད་ཅིག་ཚེ་གང་བོར་ཁྱོད་ཀྱི་དཔེ་སྒྲོམ་དུ་ཡོད་ནའང
ཐ་སྙད་དེ་ཁྱོད་ཀྱིས་ཐེངས་གཅིག་ལ་མ་གཏོགས་བཙལ་མི་སྲིད
ནམ་མཁའ་ཞིག་ཚེ་གང་བོར་ཁྱོད་ཀྱི་མགོ་ཐོག་ཏུ་ཡོད་ནའང
སྐར་མདའ་དེ་ཁྱོད་ཀྱིས་ཐེངས་གཅིག་ལ་མ་གཏོགས་མཐོང་མི་སྲིད
སྡུག་བསྔལ་ཅིག་ཚེ་གང་བོར་ཁྱོད་ཀྱི་སེམས་ནང་དུ་ཡོད་ནའང
མིག་ཆུ་དེ་ཁྱོད་ཀྱིས་ཐེངས་གཅིག་ལ་མ་གཏོགས་གཏང་མི་སྲིད
གྲོང་ཁྱེར་ཅིག་ཚེ་གང་བོར་ཁྱོད་ཀྱི་མཐའ་འཁོར་དུ་ཡོད་ནའང
བུ་མོ་དེར་ཁྱོད་རང་ཐེངས་གཅིག་ལ་མ་གཏོགས་མཇལ་མི་སྲིད

མི་ལོ་མང་པོའི་རྗེས་སུ ཁྱོད་ཀྱིས་ནད་ཁྲིའི་སྟེང་ན་མིག་བཙུམ་ལ་ཉེ་ཞིང
དྲན་པའི་རས་ཕད་སྟོང་བ་སྟོང་རྐྱང་དུ་ལུས་ཡོད་པ་དེའི་ནང་ན
ཁྱོད་རང་མི་ཡུལ་འདིར་ཐེངས་གཅིག་ལ་འོངས་མྱོང་བ་དེའང་མི་འདུག
2011/4/16
རྩོམ་ཁུངས། ངེད་དྲ་བ།