ཁྱི་སྨྱོན་ཞིག་ལ་བྲིས་པའི་གླུ་ཚིག་ཅིག༼གླུ་ཚིག༽

 

ཐ་གུ་མེ་ཡིས་ཚིག་ཀྱང་།།
ཐལ་བ་མཐོང་ཐབས་མི་འདུག།
སྟོང་བ་ཡིན་པས་མིན་ན།།
སོ་གཅིག་བཏབ་ཀྱང་ཆོག་པ།།
 
ཕྱེ་ལེབ་ཁྲ་ཁྲ་ཞིག་གིས།།
གཤོག་པའི་ཚོན་ཁྲ་ངོམ་ནས།།
རྩིག་པའི་ཁྲི་ལ་བཞུགས་པ།།
ངོ་སོ་ཅན་གྱི་རྟགས་རེད།།
 
ཆུ་སྤྲིན་ཡར་ལ་འཁྲིགས་ཀྱང་།།
ཆུ་ཐིགས་གཅིག་ཀྱང་མ་ལྷུང་།།
གཟུགས་མེད་ཨ་ཇོ་གཡུ་འབྲུག།
ངར་སྐད་ཐེངས་ཤིག་སྒྲོག་དང་།།
 
ཤེལ་གྱིས་བྱས་པའི་ཐང་ཆེན།།
གཟུགས་བརྙན་བརྒྱ་དང་བརྒྱད་ཅུ།།
ཕར་ལ་མཆེ་བ་བགྲད་པས།།
ཚུར་ལའང་མཆེ་བ་བགྲད་བྱུང་།།
 
བདག་པོ་བྲོས་པའི་ཤུལ་ཏུ།།
ལྷམ་དང་ཞྭ་མོ་བསྐྱུར་འདུག།
ལྷམ་ཀོག་ཟ་ཐབས་བྱས་ཀྱང་།།
ཞྭ་མོ་ཟ་ཐབས་མི་འདུག།
 
སྲིད་པའི་རྨ་ཁ་རལ་སོང་།།
འབུ་སྲིན་ཚང་དུ་གྱུར་སོང་།།
ཁྲག་དང་དྲི་མ་ཆད་སོང་།།
དབུགས་ཀྱང་གློ་བུར་འགག་སོང་།།
 
དྲི་མེད་བཅོ་ལྔའི་ཟླ་བ།།
ལེན་འདོད་བློ་ལ་སྐྱེས་ནས།།
མཇུག་མ་སྒྲེང་སྒྲེང་བྱས་པ།།
སུ་དང་གང་ལའང་མ་བཤད།།
 
ལྕགས་ཐག་མེད་པས་མིན་ན།།
ང་རང་དམ་དུ་འདོགས་རོགས།།
བཏགས་རྗེས་ཇ་ཞིག་བླུད་རོགས།།
ཇ་ལ་ཚྭ་ཁུ་གདབ་རོགས།།
 
ཁྱི་མོ་ཆུང་ཆུང་ཞིག་ཀྱང་།།
ང་ཡི་གམ་ནས་བཏགས་ཏེ།།
ཉིན་མཚན་མེད་པའི་གླུ་གཞས།།
གཏོང་བའི་གོ་སྐབས་བསྩལ་རོགས།།
              2011/3/15
 

རྩོམ་ཁུངས། ངེད་དྲ་བ།

གཟིམས་པ་མེད་པའི་མཆོད་མེ། དབྱངས་གསལ་སོ་བཞིའི་མཛེས་སྡུག  RSSསྔོན་མངག

ཁྱི་སྨྱོན་ཞིག་ལ་བྲིས་པའི་གླུ་ཚིག་ཅིག༼གླུ་ཚིག༽

 

ཐ་གུ་མེ་ཡིས་ཚིག་ཀྱང་།།
ཐལ་བ་མཐོང་ཐབས་མི་འདུག།
སྟོང་བ་ཡིན་པས་མིན་ན།།
སོ་གཅིག་བཏབ་ཀྱང་ཆོག་པ།།
 
ཕྱེ་ལེབ་ཁྲ་ཁྲ་ཞིག་གིས།།
གཤོག་པའི་ཚོན་ཁྲ་ངོམ་ནས།།
རྩིག་པའི་ཁྲི་ལ་བཞུགས་པ།།
ངོ་སོ་ཅན་གྱི་རྟགས་རེད།།
 
ཆུ་སྤྲིན་ཡར་ལ་འཁྲིགས་ཀྱང་།།
ཆུ་ཐིགས་གཅིག་ཀྱང་མ་ལྷུང་།།
གཟུགས་མེད་ཨ་ཇོ་གཡུ་འབྲུག།
ངར་སྐད་ཐེངས་ཤིག་སྒྲོག་དང་།།
 
ཤེལ་གྱིས་བྱས་པའི་ཐང་ཆེན།།
གཟུགས་བརྙན་བརྒྱ་དང་བརྒྱད་ཅུ།།
ཕར་ལ་མཆེ་བ་བགྲད་པས།།
ཚུར་ལའང་མཆེ་བ་བགྲད་བྱུང་།།
 
བདག་པོ་བྲོས་པའི་ཤུལ་ཏུ།།
ལྷམ་དང་ཞྭ་མོ་བསྐྱུར་འདུག།
ལྷམ་ཀོག་ཟ་ཐབས་བྱས་ཀྱང་།།
ཞྭ་མོ་ཟ་ཐབས་མི་འདུག།
 
སྲིད་པའི་རྨ་ཁ་རལ་སོང་།།
འབུ་སྲིན་ཚང་དུ་གྱུར་སོང་།།
ཁྲག་དང་དྲི་མ་ཆད་སོང་།།
དབུགས་ཀྱང་གློ་བུར་འགག་སོང་།།
 
དྲི་མེད་བཅོ་ལྔའི་ཟླ་བ།།
ལེན་འདོད་བློ་ལ་སྐྱེས་ནས།།
མཇུག་མ་སྒྲེང་སྒྲེང་བྱས་པ།།
སུ་དང་གང་ལའང་མ་བཤད།།
 
ལྕགས་ཐག་མེད་པས་མིན་ན།།
ང་རང་དམ་དུ་འདོགས་རོགས།།
བཏགས་རྗེས་ཇ་ཞིག་བླུད་རོགས།།
ཇ་ལ་ཚྭ་ཁུ་གདབ་རོགས།།
 
ཁྱི་མོ་ཆུང་ཆུང་ཞིག་ཀྱང་།།
ང་ཡི་གམ་ནས་བཏགས་ཏེ།།
ཉིན་མཚན་མེད་པའི་གླུ་གཞས།།
གཏོང་བའི་གོ་སྐབས་བསྩལ་རོགས།།
              2011/3/15
 

རྩོམ་ཁུངས། ངེད་དྲ་བ།

དཔྱད་མཆན ཡོངས་སུ་གཟིགས།དཔྱད་མཆན།

མིང་མི་འགོད་པར་སྤེལ།