རྨི་ལམ་ནང་གི་སྐྱེ་བོ་གཉིས།

སྐྱེ་བོ་གཉིས་ང་ཡི་རྨི་ལམ་དུ་འཛུལ
གཅིག་ནི་གྲོགས་པོ་དང་ཅིག་ཤོས་དེ་དགྲ་བོ་ཡིན་སྲིད་ན
དེ་གཉིས་ཀས་ང་རང་གཉིད་ལས་སད་པའི་བར་འཛིང་མོ་འགྱེད་སྲིད
གལ་སྲིད་དེ་ལྟར་མ་བྱུང་ཚེ
གཉིས་ཀ་ངའི་གྲོགས་པོ་ཡིན་སྲིད་ལ
དགྲ་བོའང་ངོ
དེ་བཞིན་དུ་རྗེས་མ་དེ་སྔོན་མའི་གྲིབ་མ་མ་ཡིན་པའི་ངེས་པ་མེད་ལ
སྔོན་མ་དེའང་ང་རང་ཉིད་ཀྱི་གྲིབ་མ་མ་ཡིན་པའི་ངེས་པ་དེ་ལས་ཀྱང་མེད
དེ་འདྲ་ཡིན་ཚེ
ངའི་སེམས་ཀྱི་སྐྲག་སྣང་ནི་ང་རང་ཉིད་ལས་སྐྱེས་པ་སྟེ
རང་གི་མཇུག་མར་སྐྲག་པའི་དུག་སྦྲུལ་ཅི་བཞིན་ནོ
དེ་མིན་ཚེ  མི་ལོ་མང་པོའི་རྗེས་ཀྱི་ང་དང་ངའི་ཆུང་མ་སྟེ
འཇིག་རྟེན་དུ་རེ་ས་དང་རྟེན་ས་ཟེར་བ་དེ་མེད་པས
བརྩེ་སེམས་ཀྱི་ལམ་ཐིག་ཆུང་ཆུང་དེ་དེད་ནས
འཁོར་བ་སྤངས་ནས་འཚང་རྒྱ་བའི་ལམ་དུ་ཕྱིན་པའོ
གཅིག་བྱས་ན  སྟོང་བསམ་ཁྲོད་ཀྱི་ང་རང་དང་མངོན་སུམ་ཁྲོད་ཀྱི་ང་རང་སྟེ
གོམ་འགྲོས་ཤིན་ཏུ་མགྱོགས་པ་ལ་བལྟས་ན
ཕན་ཚུན་གྱི་རྗེས་ཟིན་ཡང་མཉམ་དུ་གཤིབ་ཐབས་མེད་པས
གཉིས་ཀས་སྔོན་དུ་ཨེ་ཤོར་ལྟ་བའོ
དེའང་མིན་ཚེ
ང་ལ་དུངས་པའི་བུ་མོ་གཉིས་ཏེ
གཅིག་ནི་དུངས་དྲགས་ཏེ་ང་དང་འཕྲད་པར་ཡོང་ཅིང
གཞན་པ་དེ་དུངས་དྲགས་ནས་ང་ལ་འབྲོ་བ་ཉིད
གཉིས་ཀ་ལམ་ཁ་ནས་འཕྲད་པས
སྐབས་ཤིག་རིང་མཉམ་དུ་འགྲོགས་པའོ
                         2011/1/27
 
རྩོམ་ཁུངས། ངེད་དྲ་བ།

གཟིམས་པ་མེད་པའི་མཆོད་མེ། དབྱངས་གསལ་སོ་བཞིའི་མཛེས་སྡུག  RSSསྔོན་མངག

དཔྱད་མཆན ཡོངས་སུ་གཟིགས།དཔྱད་མཆན།

མིང་མི་འགོད་པར་སྤེལ།