སྡོད་འབངས་དཔང་ཡིག་བོར་སོང་།༼རང་མོས༽

 
བདག་གིས་སེམས་ཆུང་མ་བྱས་པར
སྡོད་འབངས་དཔང་ཡིག་བོར་སོང
ད་ནི་སུས་ཀྱང་ང་ལ་ཁ་ཡ་བྱེད་མི་སྲིད་ཅིང
ཐང་སྟོང་ནས་མགོ་བོ་བཏུམས་ཏེ་ཉལ་ནའང
མི་ཞིག་གམ་དུ་ཡོང་སྟེ
འདི་ནི་ངའི་ཉལ་ས་རེད་ཅེས་སམ
སྡོད་འབངས་དཔང་ཡིག་ཁྱེར་ཤོག་ཅེས་ཟེར་ངེས

མེ་འཁོར་དང་རླངས་འཁོར་གྲངས་མེད་པ་བདག་གི་གམ་ནས་རྒྱུགས
སྒེའུ་ཁུང་དང་གཙང་བོ་གྲངས་མེད་པ་བདག་གི་གམ་ནས་བཞུར
ངོ་གདོང་དང་ཆུ་བུར་གྲངས་མེད་པ་བདག་གི་གམ་ནས་བརྡོལ
ཡིན་ཡང་ཐག་རིང་ན་ལག་པ་གཡུག་པའི་བདག་པོ་ཁོ་ཚུད་པའི
ཡོད་ཚད་བདག་དང་འབྲེལ་བ་མེད་པ་ཤ་སྟག་གོ

ལེ་དབར་ཁྲི་སྟོང་གི་ཕ་རོལ་ན་ཡོད་པའི་མཛའ་མོར
གཡག་དང་གཡང་དཀར་གྱི་ཁྱུ་རྗེས་དེད་པའི་ཕ་མར
ཡང་ན་རྒྱབ་ཁུག་ཏུ་ཨང་རྩིས་དང་སྒྲིག་ལམ་ཁུར་བའི་བུ་ཆུང་ལ
ང་ལ་སྡོད་འབངས་དཔང་ཡིག་ཅིག་ཁྱེར་ཤོག་ཅེས་སྨྲས་ན
མ་མཐའ་ཡང་བདུན་ཕྲག་གཅིག་འགོར་སྲིད་པས
དེ་ལྟར་སྨྲས་པ་དང་མ་སྨྲས་པ་གཉིས་ཁྱད་མེད་དུ་འདུག

ཉེན་རྟོག་པ་མགྱོགས་པོར་བདག་གི་གམ་དུ་ཡོང་གིན་འདུག
ཁོ་ལ་དགོས་པ་ནི་ང་མ་ཡིན་པར་ངའི་སྡོད་འབངས་ལག་ཁྱེར་ཡིན་པ་འདྲ་བས
ང་རང་ཕྱི་བལྟས་ཙམ་མེད་པར་མགྱོགས་པོར་བྲོས་པ་ཡིན
རྗེས་མར་སྡོད་འབངས་ལག་ཁྱེར་གསར་བ་ཞིག་བཟོས་ཚར་དུས
དེ་ཉིད་ཤ་གསེང་དུ་དམ་པོར་སྦྱར་ཏེ་མི་ལྷུང་བ་ཞིག་བྱ་རྒྱུ་ནི
ཤིན་ཏུ་ནས་ཀྱང་གལ་ཆེན་པོ་འདུག་གོ
                             2010/10/5
 

རྩོམ་ཁུངས། ངེད་དྲ་བ།

གཟིམས་པ་མེད་པའི་མཆོད་མེ། དབྱངས་གསལ་སོ་བཞིའི་མཛེས་སྡུག  RSSསྔོན་མངག

སྡོད་འབངས་དཔང་ཡིག་བོར་སོང་།༼རང་མོས༽

2010-10-07 སེང་གེ་རྒྱལ་བོ། ཀློག་གྲངས། མཆན ཡོད།

 
བདག་གིས་སེམས་ཆུང་མ་བྱས་པར
སྡོད་འབངས་དཔང་ཡིག་བོར་སོང
ད་ནི་སུས་ཀྱང་ང་ལ་ཁ་ཡ་བྱེད་མི་སྲིད་ཅིང
ཐང་སྟོང་ནས་མགོ་བོ་བཏུམས་ཏེ་ཉལ་ནའང
མི་ཞིག་གམ་དུ་ཡོང་སྟེ
འདི་ནི་ངའི་ཉལ་ས་རེད་ཅེས་སམ
སྡོད་འབངས་དཔང་ཡིག་ཁྱེར་ཤོག་ཅེས་ཟེར་ངེས

མེ་འཁོར་དང་རླངས་འཁོར་གྲངས་མེད་པ་བདག་གི་གམ་ནས་རྒྱུགས
སྒེའུ་ཁུང་དང་གཙང་བོ་གྲངས་མེད་པ་བདག་གི་གམ་ནས་བཞུར
ངོ་གདོང་དང་ཆུ་བུར་གྲངས་མེད་པ་བདག་གི་གམ་ནས་བརྡོལ
ཡིན་ཡང་ཐག་རིང་ན་ལག་པ་གཡུག་པའི་བདག་པོ་ཁོ་ཚུད་པའི
ཡོད་ཚད་བདག་དང་འབྲེལ་བ་མེད་པ་ཤ་སྟག་གོ

ལེ་དབར་ཁྲི་སྟོང་གི་ཕ་རོལ་ན་ཡོད་པའི་མཛའ་མོར
གཡག་དང་གཡང་དཀར་གྱི་ཁྱུ་རྗེས་དེད་པའི་ཕ་མར
ཡང་ན་རྒྱབ་ཁུག་ཏུ་ཨང་རྩིས་དང་སྒྲིག་ལམ་ཁུར་བའི་བུ་ཆུང་ལ
ང་ལ་སྡོད་འབངས་དཔང་ཡིག་ཅིག་ཁྱེར་ཤོག་ཅེས་སྨྲས་ན
མ་མཐའ་ཡང་བདུན་ཕྲག་གཅིག་འགོར་སྲིད་པས
དེ་ལྟར་སྨྲས་པ་དང་མ་སྨྲས་པ་གཉིས་ཁྱད་མེད་དུ་འདུག

ཉེན་རྟོག་པ་མགྱོགས་པོར་བདག་གི་གམ་དུ་ཡོང་གིན་འདུག
ཁོ་ལ་དགོས་པ་ནི་ང་མ་ཡིན་པར་ངའི་སྡོད་འབངས་ལག་ཁྱེར་ཡིན་པ་འདྲ་བས
ང་རང་ཕྱི་བལྟས་ཙམ་མེད་པར་མགྱོགས་པོར་བྲོས་པ་ཡིན
རྗེས་མར་སྡོད་འབངས་ལག་ཁྱེར་གསར་བ་ཞིག་བཟོས་ཚར་དུས
དེ་ཉིད་ཤ་གསེང་དུ་དམ་པོར་སྦྱར་ཏེ་མི་ལྷུང་བ་ཞིག་བྱ་རྒྱུ་ནི
ཤིན་ཏུ་ནས་ཀྱང་གལ་ཆེན་པོ་འདུག་གོ
                             2010/10/5
 

རྩོམ་ཁུངས། ངེད་དྲ་བ།

དཔྱད་མཆན ཡོངས་སུ་གཟིགས།དཔྱད་མཆན།

མིང་མི་འགོད་པར་སྤེལ།