རང་གི་ལས་དབང་ལ་རང་གི་བདག་པོ་བྱ་དགོས།༼འགྱུར་མ༽

      འུ་ཅག་སྐྱེ་བོ་སུ་ཡིན་ཡང་འཇིག་རྟེན་འདིར་གོམ་པ་སྤོས་པའི་ཉིན་ནས་མི་གཞན་གྱི་དབང་འོག་ཏུ་ཚུད་ཡོད་དེ། ཆུང་ངུའི་དུས་སུ་ཕ་མའི་དབང་དུ་ཚུད་ཅིང་སློབ་གྲྭར་ཞུགས་རྗེས་དགེ་རྒན་གྱི་དབང་དུ་ཚུད་པ་དང་། ལས་ཀར་ཞུགས་རྗེས་མགོ་ཁྲིད་ཀྱི་དབང་འོག་ཏུ་ཚུད་པ་རེད། དེས་ན་འུ་ཚོ་རང་ཉིད་ནམ་ཞིག་ལ་དབང་སྒྱུར་བར་འགྱུར་ངེས་ཞེ་ན། དོན་ངོ་མར་བཤད་ན་འུ་ཚོས་རང་ཉིད་ལ་དབང་བསྒྱུར་མ་ཐུབ་ཚེ་མི་གཞན་ལ་དབང་བསྒྱུར་རྒྱུ་ཞེས་པ་ནི་ཁ་སྟོང་ནང་གི་ཚིག་སྟོང་རང་རེད། རང་ཉིད་ལ་དབང་བསྒྱུར་བར། ཐོག་མར་རང་གི་ཁ་ལེན་པ་གཙོ་ཆེ་ཞིང་རང་གི་ཀླད་པའི་བཀོད་འདོམས་ལྟར་རང་གི་སེམས་གང་སར་ཕྱོགས་པ་དེ་སར་ཕྱོགས་སུ་འཇུག་དགོས་སྟེ་མདོར་ན་རང་གིས་བསྒྲུབ་འདོད་པའི་བྱ་བ་བསྒྲུབ་དགོས་པ་དང་། རང་ཉིད་གཟས་སའི་མི་དེ་ལ་འགྱུར་བར་འབད་རྒྱུ་དེ་རེད།
   ང་ཚོའི་སེམས་ན་ནམ་ཡང་འཆར་སྒོ་མི་ལེགས་པ་གང་མང་ཡོད་ངེས། བསམ་བློའི་འཐབ་འཛིང་དེ་འདྲར་འཕྲད་ཚེ་བསམ་གཞིགས་ཞིབ་མོས་ཁོང་ཁྲོ་དང་ཕྲག་དོག་སོགས་རྨོངས་པའི་རྒྱུ་དེ་དག་གཞོམ་རྒྱུ་ཤིན་ཏུ་ནས་གལ་ཆེ་བར་མཐོང་ལ་སེམས་པ་སྡུག་གིས་མནར་ཏེ་ཁེར་རྐྱང་དུ་ལུས་ཚེ་རང་གི་སེམས་ཁམས་སྙོམས་སྒྲིག་བྱ་རྒྱུའང་གཙོ་ཆེ་བར་འདོད། དེའི་ཕྱིར་རང་གི་ལས་དབང་ལ་རང་གི་བདག་པོ་བྱ་དགོས་ཚེ་རང་ལ་དབང་བསྒྱུར་བ་དང་། རང་ལས་བརྒལ་བ་དང་རྒྱལ་བ་ནི་གོམ་པ་དང་པོ་རང་རེད། 
   དུས་ཚོད་ཆུ་བོའི་འགྲོས་དང་བསྟུན་ནས་བཞུར་གྱིན་འདུག  མིག་རྡེབ་དབང་ཙམ་དུ་ང་ཚོས་བྱིས་དུས་ལ་གྱེས་བརྡ་ཞུས་པ་དང་། སློབ་འབྲིང་གི་སྒོ་ཐེམ་བརྒལ་ནས་སློབ་ཆེན་གྱི་སྒོ་མོ་རབ་རིབ་ཏུ་སྙེག་དགོས་བྱུང་། དུས་ཚོད་ཀྱི་མདུན་ནས་ང་ཚོར་བསླབ་བྱ་མང་པོ་ཐོབ་པ་སྟེ། དེ་ནི་དུས་ཚོད་སྐར་ཆ་ཙམ་ཡང་དམ་འཛིན་བྱས་ཏེ་རང་ཉིད་ཀྱི་དགའ་ཕྱོགས་ལ་འབད་པའི་རྒྱུན་བསྐྱང་ཚེ་ད་གཟོད་རང་གི་བདག་པོ་རང་ཉིད་བྱ་ཐུབ་པ་དེ་རེད། གལ་སྲིད་མི་གཞན་གྱི་བསྟོད་སྨད་གང་རུང་གི་བྲན་དུ་ཚུད་དེ་རང་རྒྱུས་རང་གིས་མ་ལོན་ཚེ་སྡུག་པོ་ཚད་མེད་མྱང་ངེས་རེད། གལ་སྲིད་རང་གི་བདག་པོ་རང་ཉིད་བྱས་ཏེ་རང་ལམ་རང་གིས་བདམས་ཚེ་མི་གཞན་གྱི་གཏམ་བརྗོད་ཀྱང་ལྷག་མར་འགྱུར་ངེས་རེད། 
     འཛུམ་པའི་མདངས་ཀྱིས་ནང་སེམས་ལ་དྲོད་ཁོལ་བསྐྱིལ་ཏེ། རང་ཉིད་སྡུག་པོར་མི་གཏོང་རྒྱུ་གནད་ཀྱི་དོན་པོ་རེད།
                                              (སྐྱ་བོས་བསྒྱུར)

རྩོམ་ཁུངས། ངེད་དྲ་བ།

གཟིམས་པ་མེད་པའི་མཆོད་མེ། དབྱངས་གསལ་སོ་བཞིའི་མཛེས་སྡུག  RSSསྔོན་མངག

དཔྱད་མཆན ཡོངས་སུ་གཟིགས།དཔྱད་མཆན།

མིང་མི་འགོད་པར་སྤེལ།