ན་གཞོན“གསར་བའི”དྲ་བར་ཕུལ་བ།༼ལྷུག་རྩོམ༽

     ཁྱོད་ཚོས་མིག་ལ་གཟན་པའི་འདྲ་པར་ཞིག་ཀྱང་ཞོར་དུ་བཀོད་ནས་བསམ་བཞིན་འགྲན་སློང་འདོད་པའམ་ཡང་ན་བརྙས་བཅོས་བྱ་འདོད་ཀྱི་ཀུན་སློང་ཞིག་དམར་རྗེན་དུ་ངོམ་འདོད་པ་ཡིན་ནམ། དེ་ལྟ་མོད་བདག་གི་ལྟ་ཚུལ་ལ་ནམ་ཡང་འགྱུར་བ་མེད་དེ་བླུན་པོ་ཨུ་ཚུགས་ཅན་ཞོགས་དུང་ལྟ་བུར་གནས་ལུགས་བཤད་པ་ལས་བསྡིག་ན་ལེགས་པའོ།།གནས་ལུགས་ཟེར་བ་ཁྱོད་ཚོ་ཁོ་ནའི་ལག་ཆ་མ་ཡིན་པར་དོན་དུ་སུ་ཞིག་གིས་གནས་ལུགས་མ་བཤད་པར་ཧོལ་རྒྱུགས་བྱེད་བཞིན་པ་ལྷང་ལ་བུད་ནས་འདུག་གོ།ཁྱོད་ཚོའི་སེམས་ན་སྔོན་གྱི་རྩོད་ཉོག་དེས་ད་དུང་མ་འདང་བར་ཡོད་ནའང་བདག་ལ་ནི་ཁོམ་པ་མི་འདུག་གོ། གཞན་འགན་ཁུར་ཟེར་བ་དེ་ལག་ཏུ་བསྟར་རྒྱུ་ཞིག་ལས་ཁ་ནས་བཤད་རྒྱུ་ཞིག་མིན་པ་ཤེས་པར་གྱིས། སེམས་པའི་གཏིང་གི་སྙིང་གཏམ་ཞིག་བཤད་ན་ཁྱོད་ཚོས་ད་དུང་དཔེ་ཆ་མང་པོ་བཀླག་དགོས། མ་མཐའ་ཡང་མི་རེས་རིག་གཞུང་གསར་བའི་སྐོར་གྱི་དཔེ་ཆ་བརྒྱ་རེ་བཀླག་དགོས། ཁྱོད་ཚོར་བོད་ཀྱི་སྐད་ཡིག་གི་རྨང་གཞི་ཞན་པའི་ཁར་གཞན་སྐད་ཀྱི་ཆུ་ཚད་ཧ་ཅང་དམའ་བས་གནས་སྐབས་སུ་ཕུ་བོ་རྣམས་ལ་སྐད་ཆ་ཚོན་པོ་བཤད་པ་ལས་སེམས་རྣལ་མོས་སློབ་སྦྱོང་བྱ་རྒྱུ་ཧ་ཅང་གལ་ཆེའོ།།ཀུན་ལ་མཚར་མཚར་གྱི་བག་ཆགས་ཤིག་འཇོག་ཕྱིར་རྒྱུན་དུ་འུར་ཆེན་པོ་རྒྱག་པོ་དེ་ཁྱོན་ནས་ཡག་པོ་མ་མཐོང་། རྨང་གཞི་དང་རྩ་བ་ནང་སྙིང་སོགས་མེད་ན་འུར་བརྒྱབ་པ་དེ་ལ་ནུས་པ་ཡོད་པ་མ་རེད། སྒྱུ་རྩལ་རྩོམ་རིག་གི་ཕྱོགས་ནས"ཁྱོད་ཚོ་སོང་བའི་ལམ་བུ་ལས་ཕུ་བོས་བརྒྱུད་པའི་ཟམ་པ་མང་བས"ད་དུང་དཔྱད་པ་མང་དུ་བཏང་སྟེ་གཏམ་སྨྲ་རོགས། དེ་མིན་ཉིན་འདི་གར་ཁྱོད་ཚོའི་དྲ་བ་ནས་སྐྱེ་བོ་ཆེ་གེ་མོ་ཞིག་གི་ཟིན་བྲིས་བོར་སོང་ཞེས་ཧི་གཟུགས་ཀྱི་བདག་པོར་ཐད་ཀར་མདུང་རྩེ་གཏད་པ་ནི་ཧ་ཅང་ཡག་པོ་མི་འདུག བསམ་གཟས་ནས་དཀྲུག་ཤིང་དང་དབྱེན་གཏོང་བ་ནི་ཁྲམ་པའམ་རྐུན་ཇག་གི་ལས་ཀ་ལས་མ་འདས། མདོར་ན་ན་གཞོན་གསར་བ་ཞེས་པ་དེ་རྐང་བ་གཉིས་ཀས་གོམ་པ་སྤོ་ཤེས་མཁན་ཞིག་ཡིན་དགོས། གསར་གཏོད་ཀྱི་ཞོར་དུ་ཤེས་རབ་ཀྱང་མཁོ། ཚུར་ལེན་པའི་ཞོར་དུ་སྔར་གྱི་དེ་སྲུང་ཚུལ་ཡང་ཤེས་དགོས། དེ་མིན་པར་རྐང་བ་གཅིག་ལ་བརྟེན་ནས་གྱོལ་མ་ལྡིང་གིས་འགྲོ་རྒྱུ་དྲན་ན་འགྱེལ་འགྲོ་བའོ།། ཁྱོད་ཚོ་ང་ལ་སྡང་ཟུག་ཅི་འདྲའི་ཆེ་ནའང་ཁྱོད་ཚོ་བོད་རིགས་རེ་ཡིན་པ་དང་། དེའི་མི་ཚད་སློབ་མ་རེ་ཡིན་པས་ངས་སེམས་བཟང་བོ་འཆང་ཡོད། ངོ་མ་ཡིན། རྗེས་མར་ངེས་པ་དོན་གྱི་ཤེས་ཡོན་པ་ཆེན་པོ་རེར་ཆགས་དུས་ཕུ་བོར་སློབ་གསོ་གཏང་དུ་ཤོག་དང་མགོ་སྒུར་སྒུར་གཉའ་ཞུམ་ཞུམ་གྱིས་གུས་པ་བྱ་ངེས། བདེ་གྲོལ་གྱིས།

རྩོམ་ཁུངས། བདེ་གྲོལ།

གཟིམས་པ་མེད་པའི་མཆོད་མེ། དབྱངས་གསལ་སོ་བཞིའི་མཛེས་སྡུག  RSSསྔོན་མངག

ན་གཞོན“གསར་བའི”དྲ་བར་ཕུལ་བ།༼ལྷུག་རྩོམ༽

2009-10-12 བདེ་གྲོལ། ཀློག་གྲངས། མཆན ཡོད།

དཔྱད་མཆན ཡོངས་སུ་གཟིགས།དཔྱད་མཆན།

མིང་མི་འགོད་པར་སྤེལ།