ཆུ་ལས་སྐྱེས་པ་ནི།༼རང་མོས༽
ཆུ་ལ་ཆུ་ཡི་གཟེར་མ་བརྒྱབ
ཆུ་ཡི་ཁྲབ་རལ
ཆུ་ཡི་གཟེབ་དེ་ལ་ཚག་སྒྲ་མཆེད
ཆུ་ལས་སྐྱེས་པ་ནི
མི་ཕོ་སྟོབས་ཆེན་ཞིག་གི་མཆུ་དམར་པོ
དེ་ལ་དུད་པའི་ཡི་གེ
སྐྲ་ལོ་ཁྲ་ཁྲ
འབབ་མ་ཐུབ་པའི་ཟླ་མཚན
ཁ་བ
རྨས་པའི་ཨུག་ཆོས
སྙིགས་ཟོམ་ལས་སྙན་ངག་རྒུམས་ཤིག
ལྕགས་ཀྱི་ལག་པ་ཅན་དག
༢༠༡༤ ༡༠ ༡༧
(མཆོད་མེའི་པར་དབང་གཞན་གྱིས་དགོལ་མི་རུང)
རྩོམ་ཁུངས། ངེད་དྲ་བ།