འདྲེ་གཞས།༼བཅད་མ༽

མི་ཚེའི་སྙིང་པོ་ཅི་ཡིན་མ་འདྲི་རོགས།།
ང་ཡིས་ད་དུང་འགྲུལ་ཆས་བསྒྲིགས་ཚར་མེད།།
ཞལ་ཁེབས་སྲབ་མོ་འདི་ནི་མ་ཕྱེ་ཞིག།།
མཛེས་པའི་གདོང་ནི་འོད་དང་མེ་ཉིད་དོ།།

སྲང་གི་མི་དག་ཁ་རླངས་མ་གཏོང་རོགས།།
གཉིད་དུ་ཡུར་ཚེ་རྨི་ལམ་དེ་ལས་རིང་།།
སྡུག་བསྔལ་ཨ་ཕོ་རྫིག་རྫིག་ངང་དུ་བསླེབས།།
མཆེ་བ་སྦས་ཏེ་འཇམ་པའི་་གནས་ལུགས་འཆད།།

དགེ་སྡུག་ལས་འབྲས་ལ་སོགས་མ་ལབ་རོགས།།
ཞལ་ཕུ་གཅིག་གིས་ང་རང་བསྒྱེལ་བར་ནུས།།
འཛུམ་དང་གད་མོའི་མར་མེ་མ་གཡོ་རོགས།།
མཚན་ལམ་བརྒལ་བའི་གྲོགས་སུ་དེ་མི་ཡོང་།།

མགོ་ཐོག་སྐར་མ་ཡང་ནས་ཡང་དུ་རྗེ།།
སྤྲིན་དང་ཟླ་བས་ཆོ་འཕྲུལ་སྣ་ཚོགས་སྟོན།།
ཐང་སྟོང་ཞིག་ཏུ་རྣམ་ཤེས་འཁྱམ་པོ་དག།
ལན་རེར་འཛོམས་ཀྱང་དུས་རྒྱུན་ཧྲེང་བོར་ལུས།།

འབྲུག་སྒྲ་ལྡིར་བའི་ཁྲོད་ནས་ངར་མ་ལྟ།།
གཤེད་མ་བོར་བ་བཞིན་དུ་ང་མ་འཚོལ།།
ང་ནི་ཁོག་པ་སྟོང་བའི་ལྭ་བ་ཞིག།
ཀུན་གྱི་མིག་ལ་མི་རུ་སྣང་བ་ཙམ།།

       ༢༠༡༤ ༢ ༡༩ལ།

     (མཆོད་མེ་དྲ་བའི་པར་དབང་གཞན་གྱིས་དགོལ་མི་རུང)

རྩོམ་ཁུངས། ངེད་དྲ་བ།

གཟིམས་པ་མེད་པའི་མཆོད་མེ། དབྱངས་གསལ་སོ་བཞིའི་མཛེས་སྡུག  RSSསྔོན་མངག

འདྲེ་གཞས།༼བཅད་མ༽

མི་ཚེའི་སྙིང་པོ་ཅི་ཡིན་མ་འདྲི་རོགས།།
ང་ཡིས་ད་དུང་འགྲུལ་ཆས་བསྒྲིགས་ཚར་མེད།།
ཞལ་ཁེབས་སྲབ་མོ་འདི་ནི་མ་ཕྱེ་ཞིག།།
མཛེས་པའི་གདོང་ནི་འོད་དང་མེ་ཉིད་དོ།།

སྲང་གི་མི་དག་ཁ་རླངས་མ་གཏོང་རོགས།།
གཉིད་དུ་ཡུར་ཚེ་རྨི་ལམ་དེ་ལས་རིང་།།
སྡུག་བསྔལ་ཨ་ཕོ་རྫིག་རྫིག་ངང་དུ་བསླེབས།།
མཆེ་བ་སྦས་ཏེ་འཇམ་པའི་་གནས་ལུགས་འཆད།།

དགེ་སྡུག་ལས་འབྲས་ལ་སོགས་མ་ལབ་རོགས།།
ཞལ་ཕུ་གཅིག་གིས་ང་རང་བསྒྱེལ་བར་ནུས།།
འཛུམ་དང་གད་མོའི་མར་མེ་མ་གཡོ་རོགས།།
མཚན་ལམ་བརྒལ་བའི་གྲོགས་སུ་དེ་མི་ཡོང་།།

མགོ་ཐོག་སྐར་མ་ཡང་ནས་ཡང་དུ་རྗེ།།
སྤྲིན་དང་ཟླ་བས་ཆོ་འཕྲུལ་སྣ་ཚོགས་སྟོན།།
ཐང་སྟོང་ཞིག་ཏུ་རྣམ་ཤེས་འཁྱམ་པོ་དག།
ལན་རེར་འཛོམས་ཀྱང་དུས་རྒྱུན་ཧྲེང་བོར་ལུས།།

འབྲུག་སྒྲ་ལྡིར་བའི་ཁྲོད་ནས་ངར་མ་ལྟ།།
གཤེད་མ་བོར་བ་བཞིན་དུ་ང་མ་འཚོལ།།
ང་ནི་ཁོག་པ་སྟོང་བའི་ལྭ་བ་ཞིག།
ཀུན་གྱི་མིག་ལ་མི་རུ་སྣང་བ་ཙམ།།

       ༢༠༡༤ ༢ ༡༩ལ།

     (མཆོད་མེ་དྲ་བའི་པར་དབང་གཞན་གྱིས་དགོལ་མི་རུང)

རྩོམ་ཁུངས། ངེད་དྲ་བ།

དཔྱད་མཆན ཡོངས་སུ་གཟིགས།དཔྱད་མཆན།

མིང་མི་འགོད་པར་སྤེལ།