《ས་རུབ་རྗེས》1དང་འབྲེལ་བ་མེད་པ་ཞིག༼རང་མོས༽
གསང་གནས་ལ་ཟ་འཕྲུག་ལང་བ་ཇི་བཞིན་སྡོད་མི་ཚུགས་པར་གྱུར་བའི་དུས་སུ
ཁ་བ་བབས་ཏེ་དུས་ཚོད་ཇེ་དལ་དུ་བཏང་སོང
ཤེལ་སྒོའི་ཕ་རོལ་ཏུ
སྐྱུག་རོའི་ཕུང་བོ་ཞིག་འདུག དེའི་མཐའ་རུ་ཁྭ་ཏ་འགའ་བབས་འདུག
ཁོང་ཁྲོ་བཟོད་གླགས་མེད་པ་ཞིག་བྱུང་ནའང
ཁུ་ཚུར་སྣུན་ས་ལ་སྟོང་བའི་བར་སྣང་ལས་མི་འདུག
སྙིང་གཏམ་བཤད་ས་དེ
མེ་འཁོར་གྱིས་ཐག་རིང་ལ་དྲུད་སོང་ཞིང་ད་ལྟའི་མོའི་ཁ་པར་གྱི་གློག་ཚར་ཡོད་ཚོད་ཡིན
གཏམ་རྒྱུད་ཅིག་བྲི་བར་འདོད་དེ
རྩིས་འཁོར་གྱི་འཐེབ་གཞུང་ལ་ལག་པས་རེག་ཙམ་བྱས
ཁང་བའི་ནང་ཧྲིལ་བོར
མིག་གིས་མཐོང་ཐུབ་པའི་ས་རྡུལ་ཞིག་ཀྱང་མེད་མོད
ཤོག་བུ་དཀར་པོ་ལྟ་བུའི་ཕྱི་དྲོ་འདི་བསྲུངས་ནས
ང་ལ་སུན་སྣང་སྐྱེས་བྱུང
གཏམ་རྒྱུད་དེ་ཆུ་མིག་ཅིག་ལྟར་རྡོལ་ཉེ་བའི་དུས་སུ
ཐག་རིང་ནས་གློག་འཕྲིན་ཞིག་འབྱོར་ཏེ་དེའི་མཚམས་བཅད་པར་བྱས
༢༠༡༣ལོའི་ཟླ་༡༡པའི་ཚེས་༢༠ཉིན་རྨ་ཆུ་ནས།
1སྙན་ངག་འདི་བྲིས་རྗེས་ངའི་མིག་ལམ་ལ་མངོན་པ་ནིMurakami Harukiཡིས་བརྩམས་པའི་སྒྲུང་དེབ<<After Dark>>ཞེས་པ་དེ་ཡིན་ནོ།།
རྩོམ་ཁུངས། ངེད་དྲ་བ།