ཆར་བ་དྲག་ཏུ་བབས་པ།༼རང་མོས༽
ཆར་བ་དྲག་ཏུ་བབས
གྲིབ་མ་ལ་གྲིབ་མ་བརྩེགས
མེ་ཏོག་ལྗིད་པོ་དེས་ང་རང་མར་མནན
ཁོག་པའི་སྙིང་དམར་ནག་ཁྲ་གསུམ་དུ་གྱུར
མིག་ལམ་གྱི་མུན་པ
གློག་དམར་དང་མེ་ཡིས་དུམ་བུ་གཉིས་སུ་བགོས
གཅིག་མངོན་སུམ་དུ་གྱུར
སྒེའུ་ཁུང་ཞིག་ལས་ལག་པ་ཆུང་ཆུང་ཞིག་བསྲིངས
གཅིག་རྨི་ལམ་ལ་གྲུབ
རྫོགས་མཐའ་མེད་པ་ཞིག་གིས་བསླུ་བར་བྱེད
༢༠༡༣ལོའི་ཟླ་༧པའི་ཚེས༡༡ཉིན།
གྲིབ་མ་ལ་གྲིབ་མ་བརྩེགས
མེ་ཏོག་ལྗིད་པོ་དེས་ང་རང་མར་མནན
ཁོག་པའི་སྙིང་དམར་ནག་ཁྲ་གསུམ་དུ་གྱུར
མིག་ལམ་གྱི་མུན་པ
གློག་དམར་དང་མེ་ཡིས་དུམ་བུ་གཉིས་སུ་བགོས
གཅིག་མངོན་སུམ་དུ་གྱུར
སྒེའུ་ཁུང་ཞིག་ལས་ལག་པ་ཆུང་ཆུང་ཞིག་བསྲིངས
གཅིག་རྨི་ལམ་ལ་གྲུབ
རྫོགས་མཐའ་མེད་པ་ཞིག་གིས་བསླུ་བར་བྱེད
༢༠༡༣ལོའི་ཟླ་༧པའི་ཚེས༡༡ཉིན།
རྩོམ་ཁུངས། ངེད་དྲ་བ།