འཚང་ཁ་ཤིག་ཤིག༼རང་མོས༽


སྣུམ་ཚོན་རི་མོའི་ངོས་སུ་སྣག་ཚ་བཏབ་པ་བཞིན
རྡུལ་སྣ་ཚོགས་འཁྲིགས་ཏེ་དུ་སྤྲིན་གྱིས་འཚང་ཁ་ཤིག་ཤིག་བྱེད
བུ་མོ་དེ་མི་རོ་རུལ་བའི་དྲི་མ་ཡིས་ཐེངས་ཤིག་བརྣངས་པས
ཨུཏྤལ་སྔོན་པོ་ཞིག་ལ་འཐམས་ནས་སྐད་ཆེན་པོས་ངུ
སྡོད་ཁང་རྣམས་མཐོ་ནས་མཐོ་རུ་འཕགས
འཇིགས་དངངས་ཀྱང་མཐོ་ནས་མཐོ་རུ་འཕགས
ཡ་མགལ་མེད་པའི་ཁྱི་སྨྱོན་ཞིག་གི་ཀུ་ཅོས 
ཁོག་པ་སྟོང་བར་རྒྱུག་གིན་པའི་རྣམ་ཤེས་རྣམས་ཕྱོགས་ཕྱོགས་སུ་བདས
ཕྱིར་ཁྱིམ་དུ་ལོག་པའི་ཚེ་ན སྒོ་མདུན་གྱི་ཤེལ་ལེབ་ལ་རྡུང་ག་བརྒྱབ
འབུ་སྦྲང་ཞིག་དང་མཉམ་དུ  འདོད་སྲེད་ཀྱང་དེ་ག་ནས་ལུས

                               ༢༠༡༣ལོའི་ཟླ་༥བའི་ཚེས་༢༨ཉིན་པེ་ཅིང་ནས་བྲིས།  


 

རྩོམ་ཁུངས། ངེད་དྲ་བ།

གཟིམས་པ་མེད་པའི་མཆོད་མེ། དབྱངས་གསལ་སོ་བཞིའི་མཛེས་སྡུག  RSSསྔོན་མངག

འཚང་ཁ་ཤིག་ཤིག༼རང་མོས༽


སྣུམ་ཚོན་རི་མོའི་ངོས་སུ་སྣག་ཚ་བཏབ་པ་བཞིན
རྡུལ་སྣ་ཚོགས་འཁྲིགས་ཏེ་དུ་སྤྲིན་གྱིས་འཚང་ཁ་ཤིག་ཤིག་བྱེད
བུ་མོ་དེ་མི་རོ་རུལ་བའི་དྲི་མ་ཡིས་ཐེངས་ཤིག་བརྣངས་པས
ཨུཏྤལ་སྔོན་པོ་ཞིག་ལ་འཐམས་ནས་སྐད་ཆེན་པོས་ངུ
སྡོད་ཁང་རྣམས་མཐོ་ནས་མཐོ་རུ་འཕགས
འཇིགས་དངངས་ཀྱང་མཐོ་ནས་མཐོ་རུ་འཕགས
ཡ་མགལ་མེད་པའི་ཁྱི་སྨྱོན་ཞིག་གི་ཀུ་ཅོས 
ཁོག་པ་སྟོང་བར་རྒྱུག་གིན་པའི་རྣམ་ཤེས་རྣམས་ཕྱོགས་ཕྱོགས་སུ་བདས
ཕྱིར་ཁྱིམ་དུ་ལོག་པའི་ཚེ་ན སྒོ་མདུན་གྱི་ཤེལ་ལེབ་ལ་རྡུང་ག་བརྒྱབ
འབུ་སྦྲང་ཞིག་དང་མཉམ་དུ  འདོད་སྲེད་ཀྱང་དེ་ག་ནས་ལུས

                               ༢༠༡༣ལོའི་ཟླ་༥བའི་ཚེས་༢༨ཉིན་པེ་ཅིང་ནས་བྲིས།  


 

རྩོམ་ཁུངས། ངེད་དྲ་བ།

དཔྱད་མཆན ཡོངས་སུ་གཟིགས།དཔྱད་མཆན།

མིང་མི་འགོད་པར་སྤེལ།