རི་མོ།༼རང་མོས༽


ཁོ་ཚོའི་ཁང་བའི་ནང་དུ
རིང་ཐུང་མི་འདྲ་བའི་དབྱུག་པ་སྣ་ཚོགས
ཁོ་ཚོ་རང་ཉིད་ལྟར་ཡར་འགྲེང་འདུག

ཁོ་ཚོའི་ཁང་བའི་ནང་དུ
དུ་ཞགས་གྱ་གྱུ་དང་འགྲོགས་པའི་ག་ཞ་དེ
མེ་ཆ་ཆུང་ཆུང་དག་བརྡབས་པའི་སྒྲ་དང་འགྲོགས་ནས
འབུ་ནག་དག་དང་ལྷན་ཅིག་སྒོར་འབུད་མ་ཐུབ་པར་ལུས་འདུག

ཁོ་ཚོའི་ཁང་བའི་ནང་དུ
ཕན་ཚུན་ལ་བཤད་འདོད་ཀྱི་སེམས་གཏམ་དག
ཕྱི་ལྤགས་གསོན་བཤུ་བྱས་པའི་སྤྲེའུ་རེ་དང་འདྲ་བར
གདོང་འབག་ནག་པོ་དང་གདོང་འབག་སྐྱ་བོ
གདོང་འབག་ཁྲ་ཁྲའི་ཕག་ཏུ་སྦེད་འདུག

ཁོ་ཚོའི་ཁང་བའི་ནང་དུ

ཀུ་ཤུ་འགའ་ཞིག་རུལ་ནས་དུས་ཚོད་ཀྱང་མྱགས་པར་གྱུར་འདུག

                 ༢༠༡༢ལོའི་ཟླ་༡༡པའི་ཚེས་༢ཉིན།

རྩོམ་ཁུངས། ངེད་དྲ་བ།

གཟིམས་པ་མེད་པའི་མཆོད་མེ། དབྱངས་གསལ་སོ་བཞིའི་མཛེས་སྡུག  RSSསྔོན་མངག

རི་མོ།༼རང་མོས༽


ཁོ་ཚོའི་ཁང་བའི་ནང་དུ
རིང་ཐུང་མི་འདྲ་བའི་དབྱུག་པ་སྣ་ཚོགས
ཁོ་ཚོ་རང་ཉིད་ལྟར་ཡར་འགྲེང་འདུག

ཁོ་ཚོའི་ཁང་བའི་ནང་དུ
དུ་ཞགས་གྱ་གྱུ་དང་འགྲོགས་པའི་ག་ཞ་དེ
མེ་ཆ་ཆུང་ཆུང་དག་བརྡབས་པའི་སྒྲ་དང་འགྲོགས་ནས
འབུ་ནག་དག་དང་ལྷན་ཅིག་སྒོར་འབུད་མ་ཐུབ་པར་ལུས་འདུག

ཁོ་ཚོའི་ཁང་བའི་ནང་དུ
ཕན་ཚུན་ལ་བཤད་འདོད་ཀྱི་སེམས་གཏམ་དག
ཕྱི་ལྤགས་གསོན་བཤུ་བྱས་པའི་སྤྲེའུ་རེ་དང་འདྲ་བར
གདོང་འབག་ནག་པོ་དང་གདོང་འབག་སྐྱ་བོ
གདོང་འབག་ཁྲ་ཁྲའི་ཕག་ཏུ་སྦེད་འདུག

ཁོ་ཚོའི་ཁང་བའི་ནང་དུ

ཀུ་ཤུ་འགའ་ཞིག་རུལ་ནས་དུས་ཚོད་ཀྱང་མྱགས་པར་གྱུར་འདུག

                 ༢༠༡༢ལོའི་ཟླ་༡༡པའི་ཚེས་༢ཉིན།

རྩོམ་ཁུངས། ངེད་དྲ་བ།

དཔྱད་མཆན ཡོངས་སུ་གཟིགས།དཔྱད་མཆན།

མིང་མི་འགོད་པར་སྤེལ།