རྒྱང་རིང་གི་རྣམ་པ།༼འགྱུར་མ༽

མེ་རེན·སོར་སི་ཀ༼རོ་མ་ནེ མཆོད་མེ་བོད་ཀྱི་རྩོམ་རིག་དྲ་བ། 2012-08-24

         མེ་རེན·སོར་སི་ཀ༼རོ་མ་ནེ་ཡ༽(marin sorescu,1936-1996)ཡིས་བརྩམས།

 


གལ་སྲིད་ཁྱོད་ཉིད་བདག་དང་ཅུང་ཙམ་བྲལ་ཚེ
བདག་སེམས་ཀྱི་བརྩེ་བ་ནི
འུ་གཉིས་བར་གྱི་མཁའ་དབུགས་ཇི་བཞིན་སྦོས་པར་འགྱུར

གལ་སྲིད་ཁྱོད་ཉིད་བདག་དང་རིང་དུ་གྱེས་ཚེ
བདག་གིས་རི་རབ་བམ་གཙང་བོ་འམ
ཡང་ན་འུ་གཉིས་ཀྱི་བར་དུ་ཡོད་པའི་གྲོང་ཁྱེར་དང་ལྷན་ཅིག
ཁྱོད་ཉིད་ཤིན་ཏུ་དྲན་ངེས

གལ་སྲིད་ཁྱོད་ཉིད་བདག་དང་གཏན་དུ་བྲལ་ཏེ
ས་གཞིའི་ཕ་མཐར་ཕྱིན་ཚེ།
ཁྱོད་ཀྱི་གྲིབ་མ་ཉི་མ་དང་ཟླ་བའི་ངོས་སམ
གནམ་གྱི་ཕྱེད་ཀ་མཐིང་མདོག་དང་ལྡན་པ་དེའི་ངོས་སུ་ཟུག་པར་འགྱུར།

            ༼༢༠༡༢ལོའི་ཟླ་༨པའི་ཚེས་༢༤ཉིན་སྐྱབས་ཆེན་བདེ་གྲོལ་གྱིས་བསྒྱུར༽

རྩོམ་ཁུངས། ངེད་དྲ་བ།

གཟིམས་པ་མེད་པའི་མཆོད་མེ། དབྱངས་གསལ་སོ་བཞིའི་མཛེས་སྡུག  RSSསྔོན་མངག

རྒྱང་རིང་གི་རྣམ་པ།༼འགྱུར་མ༽

2012-08-24 མེ་རེན·སོར་སི་ཀ༼རོ་མ་ནེ ཀློག་གྲངས། མཆན ཡོད།

         མེ་རེན·སོར་སི་ཀ༼རོ་མ་ནེ་ཡ༽(marin sorescu,1936-1996)ཡིས་བརྩམས།

 


གལ་སྲིད་ཁྱོད་ཉིད་བདག་དང་ཅུང་ཙམ་བྲལ་ཚེ
བདག་སེམས་ཀྱི་བརྩེ་བ་ནི
འུ་གཉིས་བར་གྱི་མཁའ་དབུགས་ཇི་བཞིན་སྦོས་པར་འགྱུར

གལ་སྲིད་ཁྱོད་ཉིད་བདག་དང་རིང་དུ་གྱེས་ཚེ
བདག་གིས་རི་རབ་བམ་གཙང་བོ་འམ
ཡང་ན་འུ་གཉིས་ཀྱི་བར་དུ་ཡོད་པའི་གྲོང་ཁྱེར་དང་ལྷན་ཅིག
ཁྱོད་ཉིད་ཤིན་ཏུ་དྲན་ངེས

གལ་སྲིད་ཁྱོད་ཉིད་བདག་དང་གཏན་དུ་བྲལ་ཏེ
ས་གཞིའི་ཕ་མཐར་ཕྱིན་ཚེ།
ཁྱོད་ཀྱི་གྲིབ་མ་ཉི་མ་དང་ཟླ་བའི་ངོས་སམ
གནམ་གྱི་ཕྱེད་ཀ་མཐིང་མདོག་དང་ལྡན་པ་དེའི་ངོས་སུ་ཟུག་པར་འགྱུར།

            ༼༢༠༡༢ལོའི་ཟླ་༨པའི་ཚེས་༢༤ཉིན་སྐྱབས་ཆེན་བདེ་གྲོལ་གྱིས་བསྒྱུར༽

རྩོམ་ཁུངས། ངེད་དྲ་བ།

དཔྱད་མཆན ཡོངས་སུ་གཟིགས།དཔྱད་མཆན།

མིང་མི་འགོད་པར་སྤེལ།