སྦྲང་ནག་ཅིག་ལ་ས་རྩོད་བརྒྱབ་པ།༼རང་མོས༽

བདག་གིས་སྡོད་ཁང་ཞིག་གསར་དུ་བརྒྱབ་སྟེ་སེམས་རྣལ་མོས་བསམ་གཞིགས་གཏོང་བར་རྩོམ་དུས
གང་ནས་ཡོང་བ་མི་ཤེས་པའི་སྦྲང་ནག་ཅིག་གིས་ཀྱང་ངའི་མདུན་ནས་གཤོག་འགྱུར་ངོམ་བྱུང
ངས་སྡོད་ཁང་གི་བར་སྣང་རང་གི་དངུལ་གྱིས་ཉོས་པ་ཡིན་པས
སྦྲང་ནག་དེར་དབང་བ་མིན་སྙམ་སྟེ
ཨ་ཅོར་ཞིག་གིས་ཁོ་རང་སྒོའི་ཕྱིར་འདེད་པར་བརྩམས་ཀྱང
ཁོས་ཨ་རིའི་UH-60རྟགས་ཅན་གྱི་གྱེན་འཕུར་གནམ་གྲུ་ཞིག་དང་འདྲ་བར
ཕར་གཡོལ་ཚུར་གཡོལ་མང་པོ་བྱས་ཏེ
ང་རང་ཐང་ཆད་པར་བྱས་ཤིང
ངའི་བསམ་གཞིགས་ཀྱི་རྒྱུན་ཡང་བཅད་སོང

ཁོས་ཀྱང་དངུལ་ལོར་ལྟ་བུ་ཞིག་ལ་བརྟེན་ནས
ངའི་སྡོད་ཁང་གི་བར་སྣང་དེ་ཁོ་རང་གི་ཡིན་པ་ཐག་གིས་བཅད་ཡོད་པ་འདྲ་སྟེ
ཤེལ་དྲའི་ངོས་སུ་འབྱར་ཏེ་ལྷོད་ལ་འབབ་ཚུལ་ནི
ང་རང་འཁོར་བ་ནས་ལྷོད་ལ་འབབ་ཚུལ་དང་ཅི་འདྲའི་མཚུངས་ཨང

མཚམས་ཤིག་ནས  ཁོ་རང་མི་སྣང་བར་གྱུར་བས
ཕྱི་དྲོ་ཧྲིལ་བོར  ངས་ཁོ་རང་མི་འཚོལ་ཀ་མེད་བྱུང

སྲོད་ཁའི་དུས་སུ  དྲ་ཡོལ་གྱི་གསེང་ནས་གཤོག་པ་ཆད་པའི་ཁོའི་བེམ་རོ་རིལ་ཡོང
དོན་དུ  ངས་དེ་སྔ་ཨ་ཅོར་གཡུག་ཐེངས་གཅིག་གིས་ཁོ་རང་བསད་ཟིན་པའོ

མཚན་མོའི་དུས་སུ  ཆར་བ་མཚམས་མེད་པར་བབས་ཤིང
བདག་གི་མིག་ཆུ་ནི་དེ་ལ་འདྲེས་པར་གྱུར

ཕྱི་རོལ་ཀྱི་སྨག་རུམ་དེ
སྦྲང་ནག་དུང་ཕྱུར་མང་པོས་འཚང་ཁ་བརྒྱབ་ནས་སྲ་མོར་བཟོས་པ་འདྲ

          ༢༠༡༢ལོའི་ཟླ་༧པའི་ཚེས་༡༥ཉིན།
 
རྩོམ་ཁུངས། ངེད་དྲ་བ།

གཟིམས་པ་མེད་པའི་མཆོད་མེ། དབྱངས་གསལ་སོ་བཞིའི་མཛེས་སྡུག  RSSསྔོན་མངག

དཔྱད་མཆན ཡོངས་སུ་གཟིགས།དཔྱད་མཆན།

མིང་མི་འགོད་པར་སྤེལ།